ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2018ལོའི་ལོ་མཇུག་བར་བོད་ལྗོངས་སུ་གློག་རྡུལ་ཚོང་དོན་ཁེ་ལས་2200བརྒལ་བ་ཞིག་ཡོད།

སྤེལ་དུས 2019-04-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          2018ལོར་བོད་ལྗོངས་ཀྱིས་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱས་པས། གློག་རྡུལ་ཚོང་དོན་དེ་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒུལ་ཤུགས་གསར་བ་ཞིག་ཏུ་གྱུར་ཡོད། “དྲ་སྦྲེལ་+”དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་སྔར་བས་ཀྱང་མཉམ་འདྲེས་ཆེན་པོ་བྱུང་བཞིན་ཡོད་ལ། དྲ་ཐོག་གློག་རྡུལ་ཚོང་དོན་གྱིས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་བྱེད་ནུས་ཉིན་རེ་བཞིན་ཤུགས་ཆེར་འཕེལ་བ་དང་། ཡུལ་སྐོར་དང་བཟའ་བཏུང་སོགས་ཞབས་ཞུ་ལས་རིགས་ཀྱི་ནང་གི་སྟོབས་ཤུགས་སྔོག་འདོན་ཕྱི་གཏོང་ནུས་པའང་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པས་ན། ལྗོངས་ཡོངས་ཀྱི་གློག་རྡུལ་ཚོང་དོན་བརྟན་བརླིང་ངང་འཕེལ་རྒྱས་བཞིན་ཡོད་པ་རེད།  
          རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གཞི་གྲངས་ལས་གསལ་དོན། 2018ལོར་བོད་ལྗོངས་ཚོང་ཟོག་དང་ཞབས་ཞུ་ལས་རིགས་ཀྱི་གློག་རྡུལ་ཚོང་དོན་ཉོ་ཚོང་བྱས་པའི་འབོར་གྲངས་སྒོར་དུང་ཕྱུར་206(དེའི་ནང་B2Bཡི་གློག་རྡུལ་ཚོང་དོན་ཚུད)ལ་སླེབས་པ་རེད། དབྱི་པང་སྒུལ་ཤུགས་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་སྤྲིན་རིས་གཞི་གྲངས་ལས་གསལ་བ་ལྟར་ན། བོད་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་བྱས་པའི་འབོར་གྲངས་ཕལ་ཆེར་སྒོར་དུང་ཕྱུར་54.2ཙམ་ལ་སླེབས་པ་དང་། དེའི་མཉམ་སྡུར་འཕེལ་ཚད་ནི་137.7%ཡིན་པ་དེ་བསྟུད་མར་ལོ་གཉིས་ཀྱི་འཕར་ཚད་50%ལས་བརྒལ་བ་རེད། དྲ་རྒྱའི་ཐོག་གི་སིལ་ཚོང་གིས་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་བསྡོམས་འབོར་གྱི་ཁྲོད་ནས་9.1%ཟིན་ལ། དེ་ན་ནིང་ལས་བརྒྱ་ཆའི་གྲངས་4.7འཕར་བ་བཅས་ལས་གློག་རྡུལ་ཚོང་དོན་གྱིས་འཛད་སྤྱོད་པར་སྐུལ་འདེད་ཀྱི་ནུས་པ་མངོན་གསལ་ཆེ་རུ་ཕྱིན་ཡོད་པ་ཤེས། ཀྲུང་གོའི་སྦྲག་སྲིད་ཅུས་ཀྱི་བསྡོམས་རྩིས་གཞིགས་ན། 2018ལོར་བོད་ལྗོངས་མྱུར་སྐྱེལ་ལས་སྒོའི་དངོས་ཟོག་གི་འབོར་ཚད་ཁྲི་725.8ཡོད་པ་དེ་མཉམ་སྡུར་འཕེལ་ཚད་27.9%ཡིན། འཕར་ཚད་དེ་ནི་ཤིན་ཅང་དང་ཀན་སུའུ། མཚོ་སྔོན་སོགས་ནུབ་རྒྱུད་ཐག་རིང་ས་ཁུལ་གྱི་ཞིང་ཆེན་དང་ལྗོངས་སོ་སོ་ལས་སྔོན་གྲལ་དུ་ཚུད་ཡོད་ལ། ཉེ་བའི་ལོ་གསུམ་ནང་རྒྱལ་ཡོངས་ཀྱི་ཆ་སྙོམས་བྱས་པའི་ཆུ་ཚད་ལས་(26.6%)ཐོག་མར་བརྒལ། མྱུར་སྐྱེལ་དངོས་ཟོག་གི་འབོར་གྲངས་འཕར་སྣོན་བྱུང་བ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་གློག་རྡུལ་ཚོང་དོན་ཉོ་ཚོང་གི་གཞི་ཁྱོན་ཇེ་ཆེར་ཕྱིན་པ་དེ་མཚོན་ཡོད་པ་རེད།   
          མཚམས་སྦྱོར་གནང་བ་ལྟར་ན། 2018ལོའི་ལོ་མཇུག་བར་བོད་ལྗོངས་སུ་གློག་རྡུལ་ཚོང་དོན་ཁེ་ལས་2200ལྷག་ཡོད་པ་དང་། དེའི་ཁྲོད་ལྷ་ས་གྲོང་ཁྱེར་དུ་ཁེ་ལས་1600ལྷག་ཙམ་དང་། ཉིང་ཁྲི་གྲོང་ཁྱེར་དུ་ཁེ་ལས་120ལྷག་ཙམ།  གཞིས་རྩེ་གྲོང་ཁྱེར་དུ་ཁེ་ལས་80ལྷག་ཙམ།  ཆབ་མདོ་གྲོང་ཁྱེར་དུ་ཁེ་ལས་80ལྷག་ཙམ།  ནག་ཆུ་གྲོང་ཁྱེར་དུ་ཁེ་ལས་70ལྷག་ཙམ། ལྷོ་ཁ་གྲོང་ཁྱེར་དུ་ཁེ་ལས་100ལྷག་ཙམ་བཅས་ཡོད་པར་ཉོ་ཚོང་དང་དངོས་ཟོག་སྐྱེལ་འདྲེན། དངུལ་སྤྲོད། དངུལ་རྩ། ཚོང་གཉེར་སོགས་ཞབས་ཞུའི་རིགས་སྣ་མང་ཞིག་འཛོམས་ཡོད་ཅིང་། ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་གཉེར་གྲངས་འབོར་ཁྲི་3ལས་བརྒལ་བ་དང་། གློག་རྡུལ་ཚོང་ལས་གཉེར་མཁན་མི་གྲངས་ཁྲི་1.6ལྷག་ལ་སླེབས་པ་རེད། 
          རྗེས་ཕྱོགས་ལྗོངས་ཚོང་དོན་ཐིང་གིས་ལྗོངས་ཡོངས་ཀྱི་གློག་རྡུལ་ཚོང་དོན་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཏེ། གཅིག་ནས་གློག་རྡུལ་ཚོང་དོན་གོང་འཕེལ་གྱི་སྣོད་བཅུད་གསར་བ་བཙུགས་ཏེ། གཅིག་གྱུར་གྱི་འཆར་འགོད་དང་སྲིད་ཇུས་ཀྱི་རོགས་སྐྱོར། ཡུག་སྦྲེལ་གསར་སྤེལ། སྤྱི་པའི་ཞབས་ཞུ་བཅས་ཕྱོགས་བསྡེབས་ཀྱིས། རིགས་མང་ཞིང་ལས་སྟངས་སྣ་ཚོགས་ཡིན་པའི་ནང་ལོག་གི་གློག་རྡུལ་ཚོང་དོན་ཆེ་གྲས་བོད་ལྗོངས་སུ་འདྲེན་རྒྱུ་རེད། དེ་དང་དུས་མཚུངས་སུ་རང་ས་གནས་ཀྱི་གློག་རྡུལ་ཚོང་གཉེར་ཁེ་ལ་རོགས་འདེགས་བྱས་ཏེ་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་ཀྱིས་ཐོན་ལས་ཕྲེང་སྦྲེལ་དང་མཁོ་འདོན་ཕྲེང་སྦྲེལ་གཉིས་ལ་འབྲེལ་བ་དམ་ཟབ་བཟུང་སྟེ་གློག་རྡུལ་ཚོང་དོན་ལས་གྲྭ་བསྐྲུན་པའི་གོམས་སྟབས་ཇེ་མགྱོགས་སུ་བཏང་ནས་གློག་རྡུལ་ཚོང་དོན་གོང་འཕེལ་འགྲོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་རེད། གཉིས་ནས་ཞིང་འབྲོག་ས་ཁུལ་གྱི་གློག་རྡུལ་ཚོང་དོན་གོང་འཕེལ་འགྲོ་བར་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་སྐུལ་འདེད་གཏོང་རྒྱུ་རེད། དེ་ཡང་ཚོང་དོན་པུའུ་ཡིས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གློག་རྡུལ་ཚོང་དོན་ཡོངས་སུ་ཁྱབ་དགོས་པའི་རེ་འདུན་ལྟར། བོད་ལྗོངས་ཀྱི་ལྷག་མའི་རྫོང་47ལ་གློག་རྡུལ་ཚོང་དོན་གྱི་གྲོང་གསེབ་དཔེ་སྟོན་རྫོང་གི་རྣམ་གྲངས་ཀྱིས་ཡོངས་སུ་ཁྱབ་ཐུབ་པར་བརྩོན་ལེན་བྱས་ནས་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་ཏུ་བཅུག་སྟེ་དམངས་བདེ་དམངས་ཕན་གྱི་བྱེད་ནུས་གང་ལེགས་འདོན་དགོས། གསུམ་ནས་དྲ་ཐོག་དང་དྲ་འོག་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ། རང་སྐྱོང་ལྗོངས་དངོས་གཞི་སིལ་ཚོང་ལས་རིགས་ལ་སྐུལ་འདེད་དང་སྡེབ་ཚོང་ལས་རིགས། དངོས་ཟོག་སྐྱེལ་འདྲེན་ལས་རིགས།  འཚོ་བའི་ཞབས་ཞུའི་ལས་རིགས། ཚོང་དོན་ཞབས་ཞུའི་ལས་རིགས་བཅས་ཀྱི་རྣམ་པ་བསྒྱུར་ནས་རིམ་སྤོར་བྱེད་པར་སྐུལ་འདེད་བྱེད་དགོས།  ཚོང་ལས་ཀྱི་མ་དཔེ་གསར་གཏོད་དང་ལག་རྩལ་གསར་སྤེལ། ཐོན་རྫས་ཞབས་ཞུ་གསར་གཏོད་བྱེད་པ། དངོས་གཞིའི་ཚོང་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སློང་། ལྗོངས་ནང་ཁུལ་གྱི་ཐོན་ལས་སོ་སོར་འབྲེལ་བའི་དྲ་རྒྱའི་ནུས་ཤུགས་དང་གཏིང་ཚད་ཇེ་ཆེར་བཏང་ནས། ་“དྲ་སྦྲེལ་+”ཅན་གྱི་ལེགས་ཆ་འཛོམས་པའི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས། བཞི་ནས་བོད་ལྗོངས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་གང་མྱུར་གྱིས་འཛུགས་རྒྱུ་སྟེ། དངོས་ཟོག་སྐྱེལ་འདྲེན་གང་མྱུར་གང་ལེགས་ཀྱིས་འཕེལ་རྒྱས་འགྲོ་དགོས་པའི་རེ་འདུན་ལྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱིས་ལས་ཆོད་སྡེབ་སྐྱེལ་བྱེད་པའི་ཆེད་དོན་འགུལ་ལག་བསྟར་བྱས་ཏེ། མ་འོངས་པར་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གཉིས་རྒྱལ་ཡོངས་ཀྱི་ཚོད་ལྟའི་གྲོང་ཁྱེར་དུ་ཚུད་པར་བརྩོན་ལེན་བྱེད་པ་དང་། ཁེ་ལས་ཀྱིས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་ནས་དངོས་ཟོག་བགོ་སྐྱེལ་བྱེད་པའི་ས་ཚིགས་བཙུགས་ཆོག་པར་བྱེད་ཅིང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེབ་སྐྱེལ་དྲ་བ་དང་རྫོང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ཅན་གྱི་སྦྲག་སྲིད་ཞིང་འབྲོག་ཁུལ་གྱི་དངོས་ཟོག་བགོ་སྐྱེལ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་རེད།   ལྔ་ནས་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། “གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣའི་”འཆར་གཞི་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་།  ནང་ལོག་གི་སྤུས་ལེགས་གློག་རྡུལ་ཚོང་དོན་གསོ་སྐྱོང་ལས་ཁུངས་ལ་མཉམ་ལས་ཀྱི་འབྲེལ་བ་ཧུར་ཐག་གིས་འཛུགས་དགོས། དེ་མིན་ད་དུང་སྲིད་གཞུང་གི་ཁེ་ལས་དང་སློབ་གྲྭའི་ཁེ་ལས་གཉིས་ཀྱིས་མཉམ་དུ་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་རྟེན་གནས་བཙུགས་ཏེ། གློག་རྡུལ་ཚོང་དོན་གྱི་ཁྱབ་གདལ་སྐོར་ནས་སྦྱོང་བརྡར་བྱེད་པ་དང་དྲ་ཐོག་ཚོང་དོན་ཤེས་ལྡན་མི་སྣ་ནང་འདྲེད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས་ལྗོངས་ཡོངས་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་འགྲོ་བར་ཤེས་ལྡན་མི་སྣའི་ཀ་རྟེན་ཆེན་པོ་འཛུགས་པ་བཅས་སོ། །