ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྲག་ཕུག་ནང་སྡོད་མཁན་ཞིང་བྲན་ལ་བཅིངས་བཀྲོལ་ཐོབ་ནས་འོད་ཟེར་མཐོང་བ།

སྤེལ་དུས 2019-04-17 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
ཡར་ལངས་ཞིང་བྲན་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བཟང་ཡུལ་གྲོང་ཚོའི་གྲོང་མི་ཆོས་འཛིན་སྒྲོལ་དཀར་གྱི་སྐོར་བཀོད་པ།
          མི་སྣའི་རྒྱབ་ལྗོངས།
          ཆོས་འཛིན་སྒྲོལ་དཀར། 1945ལོར་སྐྱེས་པ་དང་ད་ལོ་ལོ་74ལ་སླེབས་ཤིང་། ད་ལྟ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་བཟང་ཡུལ་གྲོང་ཚོར་སྡོད་ཀྱི་ཡོད།
          དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཆོས་འཛིན་སྒྲོལ་དཀར་ཁྱིམ་གྱི་ནང་མི་དགུ་པོ་ཚང་མ་འགག་རྩ་གཞིས་ཀའི་ཞིང་བྲན་ཡིན་པ་དང་ནང་མི་ཚང་མ་བྲག་ཕུག་ནང་ཡུན་རིང་གྲང་ལ་མུན་ནག་པའི་ཁོར་ཡུག་ཁྲོད་འཚོ་བ་བསྐྱལ། སྐབས་དེ་དུས་ཁོང་ཚོས་འགག་རྩ་གཞིས་ཀའི་ཁྲལ་འུ་ལག་རྒྱུག་དགོས་པ་ཕུད། ད་དུང་གྲ་ཐང་གཞིས་ཀ་དང་གྲ་ནང་རྫོང་ལ་ཁྲལ་རྒྱུག་དགོས་ཀྱི་ཡོད།
འདི་ནི་ཆོས་འཛིན་སྒྲོལ་དཀར་གྱིས་སྣམ་བུ་འཐག་བཞིན་པ།
          དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཆོས་འཛིན་སྒྲོལ་དཀར་གྱི་ཁྱིམ་ལ་ས་ཞིང་མུའུ་14དང་། ལུག་81བགོ་བཤའ་བརྒྱབ་པ་དང་དུས་རབས་20པའི་ལོ་རབས་60པའི་ལོ་འགོར་ཁང་གསར་བསྐྲུན་ནས་བྲག་ཕུག་ནང་གི་འཚོ་བ་སྐྱེལ་མཇུག་འགྲིལ། ད་ཆ་ཆོས་འཛིན་སྒྲོལ་དཀར་ཡངས་ཤིང་དཀར་ཆ་དོད་པའི་བདེ་སྡོད་ཁང་པའི་ནང་བསྡད་དེ་བུ་ཕྲུག་བཞི་ཚང་མ་ལས་ཀར་ཞུགས་པ་དང་ཁྱིམ་ཚང་བཟུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
          ཆོས་འཛིན་སྒྲོལ་དཀར་གྱིས་ཡངས་ཤིང་གཙང་སྦྲ་དོད་པའི་སྒོ་རའི་ནང་བསྡད་དེ་གསར་འགོད་པར་ཁོང་གི་གཏམ་རྒྱུད་རེ་རེ་བཞིན་གླེང་།
          དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁོང་གི་ནང་མི་ཚང་མ་འགག་རྩ་གཞིས་ཀའི་ཞིང་བྲན་ཡིན་པ་དང་བྲག་ཕུག་ཅིག་ནང་སྡོད་ཀྱི་ཡོད། “ནང་མི་ཚང་མ་མཚན་མོ་ཉལ་སྐབས་ས་མཐིལ་དུ་གདན་སྲབ་པོ་ཞིག་འདིང་བ་དང་མལ་ཆས་དེ་བས་སྲབ་པས་འཁྱགས་ནས་འདར་སིལ་རྒྱག་གི་ཡོད”ཅེས་ཤོད་ཀྱིན་དུ་ཆོས་འཛིན་སྒྲོལ་དཀར་གྱིས་རང་ཉིད་ཀྱིས་གྱོན་པའི་འོག་འཇུག་སྲབ་པོ་དེར་མཛུབ་མོ་འཛུགས་བཞིན“སྲབ་པོ་དེ་ལྟ་བུ་ཡོད་པས་དྲོད་གཏན་ནས་ཁུག་གི་མེད”ཅེས་བཤད།
          ཡུན་རིང་གྲང་ངར་ཆེ་ལ་མུན་ནག་པའི་ཁོར་ཡུག་ཏུ་འཚོ་བ་བསྐྱལ་སྟབས་ཆོས་འཛིན་སྒྲོལ་དཀར་གྱི་ཕ་མ་གཉིས་ཀར་གྲུམ་བུའི་ནད་ཚབས་ཆེན་ཕོག་ཡོད།
          “རུས་པ་གས་པ་ལྟར་གྱི་ན་ཟུག་དྲག་པོ་བཏང་ནས་བཟོད་བསྲན་དཀའ་བའི་སྐབས་ཤི་འདོད་ཀྱི་བློ་ཡང་ཡོང་གི་འདུག་ཅེས་ཕ་མ་གཉིས་པོས་རྟག་ཏུ་ཤོད་ཀྱི་ཡོད”ཅེས་ཆོས་འཛིན་སྒྲོལ་དཀར་གྱིས་གསར་འགོད་པར་ཆུང་དུས་མཚན་མོ་ཕ་མ་གཉིས་པོའི་ངུ་སྐད་ཐོས་ལ་སྐབས་རེ་ཉིན་མོའང་ཕ་མ་གཉིས་པོས་མིག་ཆུ་གཏོང་བ་མཐོང་གི་ཡོད། ནད་ལྟ་ས་མེད་སྟབས་ན་ཟུག་ཕྲན་བུ་འཇོམ་ཆེད་ཕ་མ་གཉིས་པོས་རི་ནས་སྨན་རྩྭ་ཕྲན་བུ་འཐུ་གི་ཡོད་མོད། འོན་ཀྱང་ཕན་ནུས་ཆེན་པོ་མེད་རྐྱེན་ཉིན་ལྟར་ན་ཟུག་ཆེན་པོ་མྱོང་དགོས་ཀྱི་ཡོད་ཅེས་བཤད།
          ཆོས་འཛིན་སྒྲོལ་དཀར་གྱིས་གསར་འགོད་པར“དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁོང་གི་ཕ་མ་དང་གཅེན་མོས་དགའ་རྩེ་གཞིས་ཀའི་ཁྲལ་འུ་ལག་རྒྱུག་དགོས་པ་ཕུད། ད་དུང་གྲ་ཐང་གཞིས་ཀ་དང་གྲ་ནང་རྫོང་གི་ཁྲལ་འུ་ལག་རྒྱུག་དགོས་པས“ནམ་མ་ལངས་གོང་ནས་ཕྱིར་ཐོན་པ་དང་ས་རུབ་རྗེས་གཞི་ནས་ཁྱིམ་དུ་ལོག་ཀྱང་ཉིན་ལྟར་རྩམ་པ་ལྟོགས་པ་སེལ་ཙམ་ལས་ཟ་རྒྱུ་མེད”ཅེས་བཤད།
          ལོ་ན་ཆུང་བ་དང་གཟུགས་པོ་ལོང་བའི་སྐབས་ཡིན་མོད། འོན་ཀྱང་ཆོས་འཛིན་སྒྲོལ་དཀར་གྱི་གཅེན་གཅུང་ཚོ་དཀྲེས་ལྟོགས་ཀྱིས་མནར་བའི་འཚོ་བ་སྐྱེལ་བ་དང“ལྟོ་ཐེངས་རེར་རྩམ་པ་ཕྲན་བུ་ལས་ཟ་རྒྱུ་མེད་སྟབས་ལྟོགས་ནས་འདར་སིལ་རྒྱག་གི་ཡོད”ཅེས་ཆོས་འཛིན་སྒྲོལ་དཀར་གྱིས་བཤད་པ་དང་། སྐབས་རེ་ལྟོགས་པ་བཟོད་དཀའ་ཚེ་ཁོང་ཚོ་གཅེན་གཅུང་ཚོས་ཉེ་འགྲམ་གྱི་རི་ནས་ཚེར་མ་བཀོག་སྟེ་རྩམ་པ་དང་བརྗེ་བ་དང“བུད་ཤིང་ཁུར་པོ་གཅིག་ལ་རྩམ་ཕད་ཆུང་ཆུང་ཞིག་ལས་རག་གི་མེད་སྟབས་དེས་ཀྱང་རྒྱགས་ཀྱི་མེད”ཅེས་བཤད།
          མཐར་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་འཚོ་བར་རེ་བ་གསར་པ་བྱིན།
          “དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རང་ཁྱིམ་ལ་ས་ཞིང་མུའུ་14དང་ལུག་81བགོ་བཤའ་ཐོབ་བྱུང”ཞེས་ཆོས་འཛིན་སྒྲོལ་དཀར་གྱིས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་ཀྱི་ལོ་གསར་དང་པོ་དེ་ནི་ངའི་དྲན་ཤེས་གསལ་ཤོས་དང་བརྗེད་དཀའ་ཤོས་ཡིན་ཞེས་བཤད།
          “ཁྱིམ་དུ་ལུག་6བཤས་བཏང་ནས་ལུག་3གྱི་ཤ་བཙོས་ཏེ་བཟས་པ་དང་ལུག་3གྱི་ཤ་བསྲེགས་ནས་བཟས་པ་མ་ཟད། ད་དུང་ཆང་བསྙལ་བ་དང་པཱ་ལགས་ཀྱིས་ངེད་ཚོར་ནས་ཆང་འཐུང་སྟངས་དང་བོད་ཀྱི་ལོ་གསར་ཇི་ལྟར་གཏོང་སྟངས་བསླབས་གནང་བྱུང”ཞེས་གད་མོ་དགོད་ཀྱིན་བཤད།
          ཆོས་འཛིན་སྒྲོལ་དཀར་གྱིས་སྐབས་དེ་དུས་ངས་ད་དུང་ནང་ས་ནས་ནང་འདྲེན་བྱས་པའི་རས་ཀྱི་སྟོད་གོས་གསར་པ་ཞིག་གྱོན་པ་དང“རྒྱུ་ཆ་དེ་རིགས་ཀྱི་སྟོད་གོས་གྱོན་ན་ཧ་ཅང་བདེ་བ་དང་ལུས་ལ་འཇམ་པོ་ཡོད་པས་སྣམ་གོས་དང་མཚུངས་ཀྱི་མེད”ཅེས་བཤད།
          “དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁྱིམ་གྱི་འཚོ་བ་ཉིན་བཞིན་ཡག་ཏུ་སོང་ནས་ཁང་པ་བརྒྱབ་པ་དང་། ཁྱིམ་ཆས་ཉོས་པ། ཁྱིམ་སྤྱོད་གློག་ཆས་ཉོས་པ་བཅས་བྱས་ཡོད”ཅེས་ཆོས་འཛིན་སྒྲོལ་དཀར་གྱིས་ཉལ་ཁྲིའི་སྟེང་དུ་ཐེངས་དང་པོ་ཉལ་སྐབས་རང་གིས་རང་ལ་ཡིད་མ་ཆེས་པར་འདྲེན་བྱེད་མདུན་གྱི་དེ་དག་ཚང་མ་གློ་བུར་དུ་ཡལ་དོགས་ཀྱི་སེམས་ཁྲལ་བྱུང་ཞེས་བཤད།
          “ད་ཆའི་འཚོ་བ་ཅི་འདྲའི་སྐྱིད་པ་ཞིག་མ་ཡིན་ནམ། སྨན་ཁང་ཆེན་པོ་མང་བ་དང་ནད་ལྟ་བར་ད་དུང་སྨན་བཅོས་འགན་བཅོལ་ཡོད”ཅེས་ཤོད་ཀྱིན་ཆོས་འཛིན་སྒྲོལ་དཀར་གྱིས“ངའི་ཕ་མ་གཉིས་ད་དུང་བཞུགས་ཡོད་ན་ཅི་མ་རུང”ཞེས་བློ་ཕམ་ཆེན་པོས་བཤད།
          ཆོས་འཛིན་སྒྲོལ་དཀར་གྱི་བོད་ལྗོངས་སྲུང་སྐར་འཕྲིན་ལམ་གྱི་བོད་སྐད་ལེ་ཚན་ལ་ཧ་ཅང་དགའ་བ་དང“བརྙན་འཕྲིན་དུ་རྟག་ཏུ་ངེད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་སྟོན་སྐབས་མི་གཞན་གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ་མཐོང་རྗེས་རང་ཉིད་ལའང་མྱོང་ཚོར་དེ་ལྟར་ཡོང་གི་འདུག” ཁོང་གིས་ད་ཆའི་ཐོབ་སླ་པོ་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ཆེན་པོ་བྱེད་པ་དང“གུང་ཁྲན་ཏང་མེད་ཚེ་ངེད་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད། ངེས་པར་དུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས”ཞེས་རྟག་ཏུ་ཤོད་ཀྱི་ཡོད།
          ཆོས་འཛིན་སྒྲོལ་དཀར་གྱི་ད་ལྟའི་སྡོད་ཁང་ནི་སྲིད་གཞུང་གི་རོགས་རམ་འོག་བསྐྲུན་པའི་བདེ་སྡོད་ཁང་པ་ཡིན་པ་དང་ཁོང་གིས“ཁྱེད་རང་གཟིགས་དང་། ཁང་པའི་ནང་དུ་ཉི་མ་ཡག་པ་དང་དབྱར་ཁ་ཚ་བ་མེད་ལ་དགུན་ཁ་འཁྱག་དོགས་ཀྱི་སེམས་ཁྲལ་ཡང་མེད་པས་དངོས་གནས་སྐྱིད་པོ་འདུག”ཅེས་གད་མོ་དགོད་བཞིན་བཤད།
རྩོམ་སྒྲིག་པ། རྡོ་རྗེ།