ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷག་པ་ཕུན་ཚོགས་ཀྱིས“མཛད་རྗེས་གཞལ་མཐའ་བྲལ་བའི་པར་བཏབ་དཔེ་ཚོགས་ཆེ་གྲས་ཤིག་རེད”ཅེས་གསུང་པ།

སྤེལ་དུས 2019-04-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “འདི་ནི་གནའ་དཔེའི་ནང་བྲིས་པའི་ཡི་གེར་གསོན་ཤུགས་བསྩལ་པའི་ལས་དོན་དགའ་འོས་པ་ཞིག་རེད”ཅེས་བརྗོད་ཅིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི།སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས་མཛད་རྗེས་གཞལ་མཐའ་བྲལ་བ་ཞེས་ལས་དོན་འདིར་གདེང་འཇོག་ཚད་མེད་གནང་། 
ལྷག་པ་ཕུན་ཚོགས།
            ལྷག་པ་ཕུན་ཚོགས་ཀྱིས་གདེང་འཇོག་ཚད་མེད་གནང་བའི་ལས་དོན་དེ་ནི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་2014ལོར་སྤེལ་བའི《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་བོད་སོག་མན་ཇུའི་ཡིག་ཚགས་ལེགས་སྒྲིག》(གཤམ་དུ“ཡིག་ཚགས་ལེགས་སྒྲིག”ཅེས་བསྡུ་རྒྱུ)པར་བཏབ་དཔེ་ཚོགས་ཀྱི་རིག་གནས་ལས་གྲྭ་ཆེ་གྲས་ཤིག་རེད།      དུས་ཡུན་ལོ་ངོ་བཞིའི་རིང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་མ་ལག་ཆ་ཚང་བའི་སྒོ་ནས་བོད་སོག་མན་ཇུའི་ཡི་གེའི་ཡིག་ཚགས་སྔོག་འདོན་དང་ལེགས་སྒྲིག དཀར་ཆག་སྒྲིག་པ།  གྲངས་འཛིན་ཅན་གྱི་ཉར་ཚགས་བྱས་པ་ཡིན་ལ།རྒྱལ་ཡོངས་ཀྱི་བོད་སོག་མན་ཇུའི་ཡི་གེའི་ཡིག་ཚགས་ཀྱི་ཕུལ་བྱུང་ཆེད་མཁས་དག་གིས་དཀའ་སྤྱད་འབད་བརྩོན་དང་ཞིབ་འཇུག་ཡིག་སྒྱུར་འོག་ཉར་ཚགས་བྱས་པའི་བོད་སོག་མན་ཇུའི་ཡི་གེའི་ཡིག་ཚགས་ནང་དོན་ངོ་མ་སླར་གསོ་བྱས་པ་ཡིན་ལ། དེ་བས་དངོས་མཐོང་གི་པར་འདེབས་རྣམ་པའི་ཐོག་ནས་ཡོངས་བསྒྲགས་དཔེ་སྐྲུན་བྱས་པ་རེད། 
            “སོག་མན་ཡི་གེའི་ཡིག་ཚགས་དེ་དག་ནང་ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཇི་མ་ཇི་བཞིན་བཀོད་ཡོད་པ་དང་། ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྣམ་པ་དང་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་ཡོད། གལ་ཏེ་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས་ཚེ་ཡིག་ཚགས་རྩ་ཆེན་གྱི་མ་ཡིག་འདི་དག་དང་འབྲལ་ཐབས་མེད”ཅེས་ལྷག་པ་ཕུན་ཚོགས་ཀྱིས་དཔེ་ཚོགས་འདི་དཔེ་སྐྲུན་བྱེད་པར་བློས་གཏད་ཆོག་པའི་ལོ་རྒྱུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས་དཔེ་སྐྲུན་བྱས་ཟིན་པའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔེ་དེབ་ཀྱི་ཡིད་རྟོན་ཚད་སྔར་བས་བདེན་དཔང་ར་སྤྲོད་བྱེད་ཐུབ་ཟེར། 
            “ལས་དོན་དེས་ཡིག་ཚགས་ཀྱི་མ་ཡིག་སྲུང་སྐྱོང་བྱས་ཡོད་པའི་ཁར་ཡིག་ཚགས‘ཕྱིར་བསྐྱོད་པ’དང‘གསོན་ཉམས་མངོན་པའི’དམིགས་ཡུལ་ཡང་འགྲུབ་ཡོད” ཅེས་ལྷག་པ་ཕུན་ཚོགས་ཀྱིས་འདི་ནི་གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་དང་མཛད་རྗེས་གཞལ་མཐའ་བྲལ་བའི་ལས་དོན་ཞིག་རེད་ཅེས་གདེང་འཇོག་གནང་ཡོད་པ་རེད། 
རང་རྒྱལ་གྱི་མི་རིགས་ཁག་འོ་ཆུ་མཉམ་འདྲེས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ། 
            ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་འཕེལ་རིམ་ཧ་ཅང་རིང་པོའི་ནང་མི་རིགས་ཁག་དབར་དཔལ་འབྱོར་དང་ཆབ་སྲིད། ཆོས་ལུགས། རིག་གནས་སོགས་ཀྱི་ཐད་འོ་ཆུ་ལྟ་བུའི་འབྲེལ་བ་ཆགས་ཡོད། 
            “ཡིག་ཚགས་ལེགས་འདེམས”ཀྱི་ནང་དུ་ཡོན་རྒྱལ་རབས་སྐབས་སུ་བོད་ས་གནས་དེ་ཀྲུང་དབྱང་རྒྱལ་རབས་ཀྱི་སྲིད་འཛིན་མངའ་ཁོངས་སུ་བཅུག་རྗེས། ཀྲུང་དབྱང་གིས་བོད་ཀྱི་ཆོས་སྲིད་ཀྱི་འགོ་གཙོ་བསྐོ་སྤྱོད་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཡོན་གོང་མ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ཏི་ཧྲིར་བསྐོས་པའི་སྙན་གྲགས་ནི་རྒྱལ་ཡོངས་ཡུལ་གྲུ་སོ་སོར་ཁྱབ་ཡོད་པ་མ་ཟད། ད་དུང་བོད་ཀྱི་སེར་སྐྱ་མི་སྣ་མང་པོ་ཞིག་ལ་ཀྲུང་དབྱང་གི་དཔོན་གནས་ཀྱང་སྤྲད་ཡོད། ཆིང་རྒྱལ་རབས་ཀྱིས་བོད་དུ་མུ་མཐུད་དུ་ཡོན་རྒྱལ་རབས་ཀྱི“ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་ལག་བསྟར་ཁྱབ་གདལ་བཏང་བ་མ་ཟད། “དགེ་སྒྲུབ་སྲིད་སྐྱོང”ཞེས་པའི་བོད་སྐྱོང་འདུ་ཤེས་རྒྱ་ཆེར་བཏང་སྟེ་དགེ་ལུགས་པའི་གྲུབ་མཐའ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་“ནུབ་ཕྱོགས་མཆོག་གྱུར་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་ངྷ་ར་ཏཱ་ལའི་བླ་མ”ཞེས་པའི་ཆོ་ལོ་གནང་བ་ནས་བཟུང་ཏཱ་ལའི་བླ་མའི་ཆོ་ལོ་དངོས་སུ་གཏན་འཁེལ་བྱས་པ་རེད། 
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་པེ་ཅིང་དུ་ཕེབས་ནས་གོང་མ་ཧྲུན་ཀྲིར་མཇལ་ཞུ་གནང་པ། 
            “བྱེད་ཐབས་དེ་དག་གིས་བོད་དང་ནང་སའི་དབར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་པ་མ་ཟད། རང་རྒྱལ་གྱི་མི་རིགས་ཁག་དབར་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་ཡང་ཕན་ཐོགས་ཡོད”ཅེས་ལྷག་པ་ཕུན་ཚོགས་ཀྱིས་ལོ་རྒྱུས་ཀྱིས་སྲིད་ཇུས་དང་བྱེད་ཐབས་དེ་དག་གིས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་ར་སྤྲོད་བྱུང་ཡོད་ཟེར།
            “མཉམ་འདྲེས་སྣང་ཚུལ་དེ་རིགས་ནི་་བོད་ཀྱི་དམངས་ཁྲོད་དུའང་མངོན་གྱི་ཡོད་པ་དཔེར་ན། བོད་ཀྱི་མང་ཚོགས་ཀྱིས་ “པད་ཚལ”དང“ལ་ཕུག”སོགས་ཀྱི་ཐ་སྙད་ཐད་ཀར་རྒྱ་སྐད་སྒྲ་བསྒྱུར་བྱས་ཡོད་པ་ལྟ་བུ་སྟེ། དེ་དག་ནི་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ལས་གྲུབ་པའི་ཐོན་དངོས་ཤིག་རེད། ”
            ལྷག་པ་ཕུན་ཚོགས་ཀྱིས་དེང་ཆར་འཛམ་གླིང་ཡོངས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོའི་ཁྲོད་བོད་ཀྱིས་མི་རིགས་གཞན་དག་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱས་ནས་འཛམ་གླིང་དུ་བསྐྱོད་དགོས་ཟེར། 
ང་ཚོ་གང་ནས་འོང་ཞིང་གང་ལ་འགྲོ། 
            ང་ཚོ་གང་ནས་འོང་ཞིང་གང་ལ་འགྲོ། 
            “མེ་ལོང་གསལ་པོས་གཟུགས་གསལ། གནའ་བོའི་དོན་གྱིས་དེང་ཤེས།”   ལྷག་པ་ཕུན་ཚོགས་ཀྱིས་བསམ་པར་གནད་དོན་འདིར་ལོ་རྒྱུས་ཀྱིས་ད་གཟོད་དྲིས་ལན་སྟེར་ཐུབ། 
            ལོ་རྒྱུས་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཆགས་པ་དང་འཕེལ་རྒྱས། དེ་བཞིན་དར་རྒུད་ཆགས་འཇིག་བཅས་ཀྱི་ཟིན་ཐོ་ངོ་མ་ཞིག་རེད། “ལོ་རྒྱུས་ཤེས་ན་ད་གཟོད་གཞི་ནས་བོད་ཀྱི་སྔོན་ཆད་དང་ད་ལྟ་རྟོགས་ཐུབ་ལ། ལོ་རྒྱུས་ཤེས་ན་གཞི་ནས་བོད་ཀྱི་འབྱུང་འགྱུར་གང་དུ་ཡོད་པའང་རྟོགས་ཐུབ་པའི་དབང་གིས”ང་ཚོས་ད་གཟོད“ཡིག་ཚགས་ལེགས་སྒྲིག”གི་དཔེ་ཚོགས་དཔེ་སྐྲུན་འགྲེམས་སྤེལ་ལ་དོ་ཁུར་གནང་དགོས་པ་དང་། ལོ་རྒྱུས་ལ་དོ་ཁུར་གནང་དགོས་ཤིང་ལོ་རྒྱུས་ལ་སློབ་སྦྱོང་ཡག་པོ་གནང་དགོས། ལྷག་པར་དུ་དེང་རབས་ཀྱི་བོད་རིགས་གཞོན་ནུ་དག་གིས་དེ་བས་ཀྱང་དོ་ཁུར་གནང་དགོས་ཟེར། 
            ཁོང་གིས་བོད་རིགས་གཞོན་ནུ་ཚོར“ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཤིག་ཡིན་ལ་གསལ་འདེབས་དྲག་ཤོས་ཤིག་ཀྱང་རེད། ང་ཚོས་ལོ་རྒྱུས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་དང་། འཕེལ་ཕྱོགས་ལ་ངོས་འཛིན་གསལ་པོ། འབྱུང་འགྱུར་སྟངས་འཛིན་བཅས་བྱས་ཏེ་རིག་པ་དྭངས་གསལ་གྱི་སྒོ་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཅེས་རེ་བ་བཏོན་འདུག