ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་སའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མ་དེ་སྤྱོད་འགོ་ཚུགས་པ།

སྤེལ་དུས 2019-04-22 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
          ཉེ་ཆར། བོད་ཀྱི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ལྷུན་གྲུབ་ཞིང་རར་ལྷུན་གྲུབ་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི་དང་། ལྷུན་གྲུབ་རྫོང་གི་ལས་བྱེད་ཀྱི་སློབ་གསོ་གསོ་སྦྱོང་གི་སློབ་ཁྲིད་རྟེན་གཞི། ལྷུན་གྲུབ་རྫོང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། ལྷུན་གྲུབ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སློབ་གསོའི་རྟེན་གཞི་བཅས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་པ་ལས་ལྷ་ས་གྲོང་ཁྱེར་གྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མ་དེ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་ཞིང་ར་ནི་སྐབས་དེ་དུས་གཞོན་ནུ་ཤེས་ཡོན་ཅན་གྱི་ལས་དོན་དང་འཚོ་བ་སྐྱེལ་སའི་བདེན་དཔང་ཞིག་ཡིན་ལ་ལྷུན་གྲུབ་རྫོང་ཞིང་ལས་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་ཀྱང་ཡིན་པ་མ་ཟད། དེ་བས་ས་གནས་དེ་གའི་ཞིང་པ་ཚོའི་སེམས་ནང་གི་ནོར་བུ་ཞིག་རེད།
          ལྷུན་གྲུབ་ཞིང་ར་སྲུང་སྐྱོང་བྱ་ཆེད། 2009ལོར་ལྷུན་གྲུབ་ཞིང་རའི་གནའ་ཤུལ་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་བདམས་པ་དང་། 2010ལོར་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་བདམས་པ། 2013ལོར་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་བདམས་ཡོད། 2017ལོའི་ཚུན་དུ། ལྷུན་གྲུབ་རྫོང་གིས་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་སྟེ་ལྷུན་གྲུབ་ཞིང་རའི་གནའ་ཤུལ་དུ་ལྷུན་གྲུབ་རྫོང་གི་ཏང་ཡོན་ཏང་གཤིས་སློབ་གསོའི་རྟེན་གཞི་བསྐྲུན་ཏེ་སྔར་ཡོད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་ཚོགས་ཁང་དང་ས་ཕུག་ཉམས་གསོ་བརྟན་གཏོང་དང་རིག་གནས་ཐང་ཆེན་སོགས་ལེ་ལག་ཚང་བའི་སྒྲིག་ཆས་བསྐྲུན་ཡོད།
          ལྷུན་གྲུབ་ཞིང་ར་གསར་བརྗེའི་གནའ་ཤུལ་ཞིག་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་གྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་པོར་འགྱུར་བ་དང་གསར་བརྗེའི་ཡུལ་སྐོར་ཐོན་ལས་གཏོད་རྒྱུར་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།