ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཡར་ལངས་ཞིང་བྲན་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་བསོད་ནམས་ནོར་བུའི་སྐོར་བཀོད་པ།

སྤེལ་དུས 2019-04-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
པེ་ཅིང་དང་ང་ཚོ་ས་ཐག་རྒྱང་ཡང་སེམས་ཐག་ཉེ་བའི་ཚོར་སྣང་ཡོང་གི་འདུག”
འདི་ནི་རྒད་པོ་བསོད་ནམས་ནོར་བུས་རང་ཁྱིམ་གྱི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཚོམས་ཆེན་དུ་བརྙན་འཕྲིན་ལྟ་བཞིན་པ།
          མི་སྣའི་རྒྱབ་ལྗོངས།
          བསོད་ནམས་ནོར་བུ། 1942ལོར་སྐྱེས་པ་དང་ད་ལོ་ལོ་77ལ་སླེབས། ད་ཆ་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོར་འཚོ་སྡོད་བྱེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་བསོད་ནམས་ནོར་བུ་ཕ་དང་མཉམ་དུ་ཐང་སྐྱ་དགོན་གྱི་ཁྲལ་པ་བྱེད་མྱོང་བ་དང་། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པ་གང་ཞིག་ཁྲལ་འུ་ལག་ཀྱང་ཧ་ཅང་ལྕི་པོ་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སུ་བསོད་ནམས་ནོར་བུའི་ཁྱིམ་ལ་ས་ཞིང་དང་ཕྱུགས་རིགས་བགོ་བཤའ་ཐོབ་པ་མ་ཟད། ད་དུང་ཁོང་ནང་སར་སློབ་སྦྱོང་དུ་སྐྱོད་མཁན་ལྗོངས་ཡོངས་ཀྱི་སློབ་མ་ཁག་དང་པོའི་གྲས་སུ་གྱུར། ནང་ས་ནས་ཕྱིར་ལོག་རྗེས་ཁོང་གིས་སྔ་རྗེས་སུ་གཞིས་རྩེ་ས་ཨུད་དང་། ས་སྐྱ་རྫོང་། མལ་གྲོ་གུང་དཀར་རྫོང་སོགས་སུ་ལས་ཀ་བྱེད་མྱོང་བ་དང་། 1993ལོར་རྒན་ཡོལ་ཞུས། ད་ཆ་བསོད་ནམས་ནོར་བུར་ཟླ་རེར་རྒན་ཡོལ་ཞུས་པའི་གླ་ཕོགས་སྒོར་6000ལྷག་ཙམ་ལེན་རྒྱུ་ཡོད་པས། འཚོ་བ་བདེ་ཞིང་སྐྱིད།
          ལོ་ན་རྒས་ཀྱང་བསོད་ནམས་ནོར་བུའི་གཤིས་ཀ་ཧ་ཅང་གུ་ཡངས་པོ་ཡོད་པ་མ་ཟད། སྐད་ཆ་ཤོད་དུས་ཆོབ་སློང་འགྱུར་ཧ་ཅང་དགའ་པོ་འདུག ཁོང་གི་གཟུགས་པོ་ཐང་པོ་ཡོད་པས་ཉིན་ལྟར་ཞོགས་པ་ཆུ་ཚོད་དྲུག་པར་མལ་ལས་ལངས་ཏེ་སྦྱོར་བརྡར་བྱེད་པར་འགྲོ་བ་དང་། ཆུ་ཚོད་བདུན་པ་ཙམ་ལ་ཁྱིམ་དུ་ལོག་ཡོང་ནས་ནང་མིར་ཞོགས་ཟས་གྲ་སྒྲིག་བྱེད་ཀྱི་ཡོད། ད་ཆའི་བསོད་ནམས་ནོར་བུའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་ཤོད་དགོས་ན། ལོ་དྲུག་ཅུའི་གོང་ནས་གླེང་དགོས།
          བསོད་ནམས་ནོར་བུས། “བོད་རྙིང་པར་ཕ་རྒན་ཁྲལ་པ་ཡིན་པས་ང་རང་ཡང་རང་བཞིན་ངང་ཁྲལ་པར་གྱུར། ང་རང་ལོ་13གོང་དུ་བཀྲེས་ལྟོགས་ཀྱིས་མནར་བའི་ལོ་ཟླ་ནི་ངའི་བྱིས་དུས་ཀྱི་དྲན་པ་བརྟན་ཤོས་དེ་ཡིན”ཞེས་བཤད།
          “ངའི་བསམ་པར་ལྷམ་གྱིས་སྔས་མགོའི་ཚབ་དང་གོས་ཀྱིས་མལ་གདན་གྱི་ཚབ་བྱེད་པ་དང་། མལ་ཆས་ངོ་དྲག་པ་ཞིག་མེད་པའི་འཚོ་བ་དེ་ཧ་ཅང་ཉམ་ཐག་ཤོས་རེད་སྙམ་མོད། འོན་ཀྱང་ང་རང་ལོ་13ལ་སླེབས་རྗེས་མུན་པ་ནག་པའི་འཚོ་བ་དངོས་འབྲེལ་དེ་གཞི་ནས་འགོ་ཚུགས་སོང”
          ལོ་13ནས་འགོ་བཙུགས་ཏེ་བསོད་ནམས་ནོར་བུས་ཐང་སྐྱ་དགོན་དུ་རང་གི་གཟུགས་སྟོབས་ལས་ཆེ་བའི་ཕྱུགས་ཟོག་ལ་གཡོག་བྱེད་བྱེད་དགོས་པ་མ་ཟད། ད་དུང་ཞིང་ནང་གི་ས་རྡེའུ་འཁོད་སྙོམས་པ་དང་ཧ་ཅང་ལྕི་བའི་རྡོ་དབོར་དགོས།
          “ལོ་རེའི་སྟོན་བསྡུའི་སྐབས་སྙེ་མགོ་ཇི་ཙམ་ཆེ་ཡང་ང་ཚོ་ཞིང་བྲན་ལ་སྤྱོད་དབང་མེད་པར་གཞིས་གཉེར་གྱིས་སྟོན་ཏོག་ཚང་མ་བསྡུས་ཟིན་རྗེས་ས་རུ་ཐོར་བའི་སྙེ་མ་སྒྲུག་སྟེ་ཟ་འབྲུ་བྱེད་ཀྱི་ཡོད”
          བསྒྲུགས་པའི་སྙེ་མས་དེ་ཙམ་གྱིས་བསོད་ནམས་ནོར་བུའི་ཁྱིམ་མི་ལྔ་པོའི་གྲོད་པ་རྒྱགས་ཐབས་མེད་པས། འཚོ་ཐབས་ཀྱི་སླད་དུ་ཕ་རྒན་གྱིས་ཐང་སྐྱ་དགོན་ནས་ནས་བསྐྱིས་པ་དེའི་སྐྱེད་ཁ་ལྗིད་ཐག་ཆོད་ནས་ནང་མི་རྣམས་དབུགས་ཀྱང་གཏོང་དཀའ་བར་གྱུར།
          བསོད་ནམས་ནོར་བུ་ཐང་སྐྱ་དགོན་གྱི་ཁྲལ་པ་བྱེད་སྐབས། ཐེངས་ཤིག་གཞིས་གཉེར་གྱིས་ཁོང་སྦུག་ཏུ་ཇ་བླུགས་པར་འགྲོ་དགོས་པའི་བཀའ་བཏང་བ་དང་། ལྕོག་ཙེའི་གཡས་གཡོན་གཉིས་སུ་ཞུགས་པའི་སྦྱིན་བདག་ལ་ཇ་བླུགས་དགོས་མིན་གསལ་པོ་མ་གོ་བར་ཇ་བླུགས་ས་ནོར་བས། ཁོང་སྒོ་ཕྱིར་འདོན་རྗེས་གཞིས་གཉེར་གྱིས་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་ནས་ཁོང་ས་ལ་འགྱེལ་བ་དང་། དྲན་པ་ཡོངས་སུ་མ་གསོས་གོང་ལ་ཡང་རྡོག་རྒྱག་ཤུགས་ཀྱིས་གཞུས་པས་བསོད་ནམས་ནོར་བུའི་སོ་གསུམ་བཀོག ཁོང་གིས་ཞུ་བ་ཡང་སེ་འཐེན་ཡང་ཞེ་སྡང་མེ་ལྟར་འབར་བའི་གཞིས་གཉེར་གྱིས་ཉན་རྒྱུ་ལྟ་ཞོག་ད་དུང་པུས་མོ་ས་ལ་བཙུགས་པའི་ཁོང་ཡར་ཤུགས་ཀྱིས་བཟུང་ནས་གྱང་རྩར་འབུད་པས་ཁོང་གི་མགོ་བོ་ནས་ཁྲག་དམར་འཛར་འཛར་དུ་དོན།
          འདས་དོན་དེར་ཕྱིར་དྲན་བྱེད་སྐབས་སྔོན་དུ་དགའ་བའི་འཛུམ་མདངས་ཤིག་ཤིག་གི་བསོད་ནམས་ནོར་བུ་མིག་རྩ་དམར་པོར་གྱུར་པ་དང་འདར་སྐད་ཀྱང་ཤོར།
          1959ལོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་མལ་གྲོ་གུང་དཀར་དུ་ལྡང་། བསོད་ནམས་ནོར་བུའི་ཁྱིམ་ལ་ས་ཞིང་མུའུ་14དང་། རྟ་1 འབྲི་གཡག་2བཅས་བགོ་བཤའ་ཐོབ། བཅིངས་འགྲོལ་དམག་གི་དཔུང་སྡེ་ཆེན་པོ་དང་མཉམ་དུ་ཕ་རྒན་ལྷ་སར་བསྐྱོད་ནས་དཔུང་སྡེའི་སྣེ་ཤན་པ་དང་མ་བྱན་བྱས། “ཉིན་གཉིས་པར་ང་ལ་དམངས་གཙོའི་བཅོས་སྒྱུར་ལས་དོན་རུ་ཁག་གི་བརྡ་ཐོ་འབྱོར་བ་དང་། ལོ་དེའི་ཟླ་ལྔ་པར་ལྗོངས་ཡོངས་ཀྱི་སློབ་མ་800དང་མཉམ་དུ་ང་རང་དུས་ཡུན་ཟླ་བ་གསུམ་གྱི་རྒྱ་ཡིག་གསོ་སྦྱོང་ནང་ཞུགས། ཟླ་བརྒྱད་པར། ང་ཚོ་ཉིན་དགུ་རླངས་འཁོར་ལ་བསྡད་རྗེས་གོར་མོར་འབྱོར་བ་དང་། དེ་རྗེས་མེ་འཁོར་ལ་བསྡད་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་འབྱོར་བྱུང”ཞེས་བསོད་ནམས་ནོར་བུས་དགའ་སྤྲོ་ཆེན་པོས་བཤད།
          བསོད་ནམས་ནོར་བུས། “རྒྱ་ཡིག་ཡིག་འབྲུ་གཅིག་ཀྱང་མི་ཤེས་པ་ནས་རྒྱ་སྐད་རྒྱག་ཤེས་པ་དང་གོས་ཀྱིས་ལུས་མ་དྲོས་པ་ནས་མི་ཚེ་དེའི་གྱོན་གོས་ཆ་ཚང་གསར་རྐྱང་ཐོག་མ་གྱོན་རྒྱུ་བྱུང་བའི་བར་གྱི་སློབ་ཆེན་འགྲིམ་རིང་གི་ལོ་དྲུག་ནང་ངའི་ཞྭ་གོས་ལྷམ་གསུམ་སློབ་གྲྭ་ནས་སྤྲོད་ཀྱི་ཡོད། སྐབས་དེ་དུས་པེ་ཅིང་དང་ང་ཚོ་ས་ཐག་རྒྱང་ཡང་སེམས་ནས་རྒྱང་ཐག་རིང་པོ་མེད་པའི་ཚོར་སྣང་སྐྱེ་ཡི་འདུག་པས། ཧ་ཅང་སྙིང་ཉེ་བ་ཞིག་འདུག”ཅེས་བཤད།
          1966ལོར་སློབ་མཐར་ཕྱིན་པའི་བསོད་ནམས་ནོར་བུ་གཞིས་རྩེའི་རྒྱལ་རྩེ་རྫོང་དུ“སློབ་གསོ་གསུམ”གྱི་ལས་ཀའི་འགན་འཁུར་བར་མངགས་ཤིང་། “‘སློབ་གསོ་གསུམ’གྱི་ལས་ཀ་ནི་གཙོ་བོ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་དང་། མི་དམངས་ཀུང་ཧྲེའི་སློབ་གསོ། མའོ་ཀྲུའུ་ཞིའི་གསུང་རྩོམ་གཅེས་བཏུས་ཀྱི་སློབ་གསོ་བཅས་ཀྱི་འགན་འཁུར་དགོས”ཞེས་བསོད་ནམས་ནོར་བུས་རྒྱ་སྐད་ཐོག་ནས་བཤད།
          1967ལོར་གཞིས་རྩེར་མི་དམངས་ཀུང་ཧྲེ་བཙུགས་པ་དང་། སློབ་ཆེན་དུ་ཞིང་ལས་རྩིས་པ་སྦྱངས་མྱོང་བའི་བསོད་ནམས་ནོར་བུས་ལོ་གཉིས་རིང་ཞིང་ལས་རྩིས་པའི་སློབ་སྟོན་པ་བྱས། དེ་རྗེས་ཁོང་གིས་སྔ་རྗེས་སུ་གཞིས་རྩེ་ས་ཨུད་དང་ས་སྐྱ་རྫོང་སོགས་སུ་ལས་ཀ་བྱེད་མྱོང་ཡོད། 1974ལོར་ཁོང་རང་གི་ཕ་ཡུལ་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་དུ་ལོག་ནས་དྲིལ་བསྒྲགས་སྡེ་ཚན་དུ་1993ལོར་རྒན་ཡོལ་མ་ཞུས་བར་ལས་ཀ་བྱས་ནས་བསྡད། ད་ཆ་བསོད་ནམས་ནོར་བུར་ཟླ་རེར་རྒན་ཡོལ་ཞུས་པའི་གླ་ཕོགས་སྒོར་6000ལྷག་ལེན་རྒྱུ་ཡོད་པས་འཚོ་བ་བདེ་ཞིང་སྐྱིད།
          “‘གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་གྱུར་སོང’ཞེས་པ་དེ་གཞས་ཚིག་ཙམ་མིན་པར་ང་ཚོའི་མི་རབས་དེའི་མི་རྣམས་ཀྱི་མྱོང་ཚོར་ངོ་མ་དེ་རེད”ཅེས་བསོད་ནམས་ནོར་བུས་ཁང་པའི་གྱང་ངོས་སུ་བཀལ་བའི་གཙོ་འཛིན་གྱི་སྐུ་པར་ལ་ལྟ་བཞིན་མྱོང་ཚོར་ཟབ་མོས་བཤད།
རྩོམ་སྒྲིག་པ། རྡོ་རྗེ།