ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལོ་རྒྱུས་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོ》གྲུབ་ཚར་བ་དང་དེའི་ཆ་ཡའི་ཟློས་གར་《གྱིམ་ཤིང་ཀོང་ཇོ》ཞེས་པ་འཁྲབ་གྲབས་ཡོད་པ།

སྤེལ་དུས 2019-04-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ་4ཚེས་20ཉིན་གྱི་དགོང་མོར་ལྷ་ས་སྐྱིད་ཆུའི་འགྲམ་གྱི་བུམ་པ་རིའི་ཞོལ་དུ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》ཡི་ལེ་ཚན་བདུན་པའི་འཁྲབ་སྟོན་ལེགས་འགྲུབ་བྱུང་བ་དང་། དེར་ལྟད་མོ་བ་4000ཙམ་གྱི་དགའ་བསུ་ཐོབ་ནས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་ཀི་སྒྲས་མཁའ་དབྱིངས་སུ་ཁྱབ། 
            ཀྲུང་གོའི་ས་བབ་ཆེས་མཐོ་ཤོས་དང་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་ཡིན་པའི་ཆ་ནས་《འུན་ཤིང་ཀོང་ཇོ》མཚོ་བོད་ས་མཐོར་འཁྲབ་སྟོན་བྱས་ནས་ལོ་དྲུག་སོང་ཡོད་པ་དང་། ད་ལོ་ཟློས་གར་དེ་འཁྲབ་སྟོན་གྱི་ལེ་ཚན་བདུན་པ་འགོ་ཚུགས་ནས་ལོ་བདུན་ལ་མཆོང་སྐྱོད་ཐེངས་གཅིག་བྱས་པ་དང་གཟི་བརྗིད་ངང་གོང་འཕེལ་བྱུང་ནས་འགོ་གསར་བ་ཞིག་བརྩམས་ཡོད།
            སྤྱི་ཁྱབ་འཁྲབ་ཁྲིད་པ་གཞོན་པ་པའེ་ཅི་ཡིས་་བཤད་རྒྱུར། “ལོ་རྒྱུས་སྙན་ངག་ཟློས་གར་གྱི་ངོས་ཐད་ནས་བརྗོད་ན། ཐེངས་རེ་རེའི་གསར་སྒྱུར་རིམ་སྤོར་ཚང་མར་འགྲན་སློང་རང་བཞིན་ཆེན་པོ་ལྡན།  ལྷག་པར་དུ་《འུན་ཤིང་ཀོང་ཇོ》ལྟ་བུའི་གཞི་ཁྱོན་ཆེ་བ་དང་ལོ་མང་པོར་འཁྲབ་སྟོན་བྱས་པའི་ཕུལ་དུ་བྱུང་བའི་ལོ་རྒྱུས་སྙན་ངག་ཟློས་གར་ཞིག་ལ་མཚོན་ན།    ཐེངས་རེ་རེའི་གསར་སྒྱུར་རིམ་སྤོར་ཚང་མར་ང་ཚོས་ཧ་ཅང་གཟབ་ནན་དང་དཔྱད་ཞིབ་བྱས་ཡོད། ད་ལོ་ང་ཚོས་རིམ་པ་ཟབ་མོའི་ཐོག་གི་ཞིབ་ཚགས་ཀྱི་ཆ་དང་བསྐྱར་དུ་གསར་རྩོམ་བྱ་རྒྱུར་སྔར་ལས་དོ་སྣང་ཆེན་པོ་བྱས་ཏེ་ཟློས་གར་འདི་སྔར་བས་ལྟ་བདེ་བ་དང་ཕུལ་དུ་བྱུང་བར་འབད་རྒྱུ་ཡིན། ”ཞེས་ཟེར།
            ཐེངས་འདིའི་འཁྲབ་སྟོན་དེ་འགོ་བཙུགས་པ་ནས་འཁྲབ་ཚན་ལྔ་པ་བར་དང་ཞིབ་ཕྲའི་གནས་ཚུལ་མངོན་པ་ནས་རྣམ་པ་ཆེན་པོའི་སྒྲིག་བཟོའི་བར་སོགས་འཁྲབ་ཚན་དེར་སྔར་བས་ཞིབ་ཚགས་ལྡན་པའི་ལེགས་སྒྲིག་བྱས་པ་དང་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ངོ་མ་སྔར་ལས་མང་དུ་བཏང་ནས་འཁྲབ་སྟོན་ཧྲིལ་པོའི་རིག་གནས་ཀྱི་ཆ་མངོན་པའི་ཐད་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་མིག་དབང་གི་ཉམས་ལེན་ཐད་སྔར་བས་ཧང་སངས་དགོས་པ་མ་ཟད་རྡབ་རྡེག་ཀྱི་ཚོར་བའང་ཆེ་རུ་ཕྱིན་ཡོད་པ་རེད། ལྷག་པར་དུ་འཁྲབ་ཚན་གཉིས་པ་སྟེ། ལོག་བཞུར་གཙང་པོའི་ཆུ་ལམ་གྱི་འཁྲབ་ལྗོངས་དང་འཁྲབ་སྟོན་པའི་དཔུང་སྡེ་ཐད་ལེགས་སྒྲིག་ཆེ་ཙམ་བྱས་པས་ཕན་འབྲས་དེ་བས་ཆེ་བ་ཐོན་ཡོད། གཞན་ཡང་ཟློས་གར་ཧྲིལ་པོའི་ནང་དམངས་སྲོལ་དང་འཚོ་བའི་གནས་ཚུལ་སྐོར་གྱི་ཞིབ་ཕྲའི་ཆ་མང་དུ་བཏང་བ་དང་འཐུས་སྒོ་ཚང་དུ་བཏང་བས་ཕན་འབྲས་དེ་བས་ཆེ་བ་ཐོན་ཡོད།  
            “ལོ་དྲུག་གི་རིང་ལ་བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》ཞེས་པས་བོད་ཀྱི་རིག་གནས་དར་རྒྱས་དང་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་ནུས་པ་གལ་ཆེན་ཐོན་ཡོད་པར་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ས་གནས་དེ་གའི་མི་དམངས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་བྱུང་ཡོད།”  ཞེས་དབྱི་ཧྲང་ཧི་མེ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་འགན་འཛིན་པས་མུ་མཐུད་ནས་བསྟན་དོན།  ད་ལོ་ཟློས་གར་དེ་བཟང་སྒྲིག་རིམ་སྤོར་བྱས་པ་ཕུད། དབྱི་ཧྲང་ཧི་མེ་ཀུང་སིས་ད་དུང་མུ་མཐུད་དུ་འུན་ཤིང་ཀོང་ཇོའི་རིག་གནས་ཡུལ་སྐོར་གྱི་བརྗོད་བྱ་གཙོ་བོའི་གླིང་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གླིང་དང་ལོ་རྒྱུས་ཀྱི་གར་སྟེགས་ཟློས་གར་《གྱིམ་ཤིང་ཀོང་ཇོ》བཅས་འཛུགས་སྐྲུན་བྱས་པ་བརྒྱུད། བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ནས་རིན་ཐང་དེ་བས་ཆེ་བ་གཏོད་རྒྱུ་རེད། བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་རྒྱབ་ལྗོངས་འོག་ང་ཚོས་ད་དུང་མུ་མཐུད་དུ་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་དང་ཡུལ་སྐོར་ཐོན་རྫས་གསར་པ་དེ་བས་མང་བ་བཏོད་དེ་ལྷ་སར་རྒྱལ་སྤྱིའི་ཡུལ་སྐོར་གནས་ཡུལ་བསྐྲུན་རྒྱུ་དང་རིག་གནས་ཡུལ་སྐོར་ཐོན་ལས་དེ་ས་ཁུལ་གྱི་རྟེན་གཞིའི་རང་བཞིན་གྱི་ཐོན་ལས་སུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་གལ་ཆེན་བྱ་རྒྱུ་ཡིན་ཞེས་བསྟན།
            ཤེས་རྟོགས་བྱུང་བར་གཞིགས་ན། 《འུན་ཤིང་ཀོང་ཇོ》ཡི་ཆ་ཡའི་ཟློས་གར་ཏེ་ལོ་རྒྱུས་གར་སྟེགས་ཟློས་གར་《གྱིམ་ཤིང་ཀོང་ཇོ》ཡང་ད་ལོའི་ཟླ་6པར་ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱ་རྒྱུ་རེད། 
            ལོ་རྒྱུས་གར་སྟེགས་ཟློས་གར་《གྱིམ་ཤིང་ཀོང་ཇོ》དེ་ཁང་པའི་ནང་གི་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ཡུན་རིང་འཁྲབ་སྟོན་བྱས་པ་དེས་ས་མཐོའི་གནམ་གཤིས་རྒྱུ་རྐྱེན་གྱི་ཚོད་འཛིན་བསལ་ནས་ལྷ་སའི་“ས་ཁོངས་ཧྲིལ་པོ་དང་། དུས་ཚིགས་ཧྲིལ་པོ། དུས་ཚོད་ཧྲིལ་པོ།”བཅས་ཀྱི་ཡུལ་སྐོར་ལ་གསོན་ཤུགས་གསར་པ་བསྣན་ཡོད་ལ། ལྷ་སར་རྒྱལ་སྤྱི་ཅན་གྱི་ཡུལ་སྐོར་གནས་ཡུལ་བསྐྲུན་རྒྱུར་རམ་འདེགས་ཀྱང་ཐུབ་རྒྱུ་རེད།
            ལོ་རྒྱུས་གར་སྟེགས་ཟློས་གར་《གྱིམ་ཤིང་ཀོང་ཇོ》ཡི་ནང་སྦྱོང་ལས་དོན་དེ་ན་ནིང་ཟླ་7པ་ནས་ད་བར་དུ་སྤེལ་ཞིང་། འཁྲབ་གཞུང་ལ་རྒྱུན་ཆད་མེད་པར་བཟོ་བཅོས་བརྒྱབ་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་། དེའི་དམིགས་ཡུལ་ནི་ “བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་ཁྱད་དུ་འཕགས་པ། སྤུས་ཀ་ཡང་དག་པ།”བཅས་ཀྱི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ལྟད་མོ་བ་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་དེ་རེད། གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་ཡང་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་མིག་སྔར་ཐོག་མའི་རྣམ་པ་རགས་ཙམ་ཆགས་ཡོད། ཟློས་གར་ཁང་དེའི་ནང་ལྟད་མོ་བ་1000ལྷག་ཙམ་དུས་གཅིག་ཏུ་ཤོང་ཐུབ་པ་དང་། གར་སྟེགས་ལ་རྒྱལ་ནང་གི་ཆེས་མདུན་གྲལ་གྱི་འཁོར་རྒྱུན་རྣམ་པའི་འཕར་འབེབས་ཀྱི་གར་སྟེགས་སྤྱད་པས་ལྟད་མོ་བ་ཚོར་མི་སེམས་འགུལ་བའི་མིག་རྣའི་དབང་བོའི་ལོངས་སྤྱོད་ཅིག་འབུལ་ངེས་རེད།