ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱས་ཏེ་ལྷ་སའི་མཐའ་འཁོར་དུ་གངས་ཤུད་ར་བ་བསྐྲུན་རྒྱུ་རེད།

སྤེལ་དུས 2019-04-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་བོད་ལྗོངས་གངས་ཤུད་རུ་ཁག་འགྲན་བསྡུར་ནང་ཞུགས་པའི་རྣམ་པ་རེད།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གངས་འཁྱག་ལུས་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་དེ་བས་ལེགས་པ་བྱ་ཆེད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ལྷ་སའི་ཉེ་འཁོར་དུ་དམའ་རིམ་ལམ་དང་འབྲིང་རིམ་ལམ་ཡོད་པའི་གངས་ཤུད་ར་བ་ཞིག་བསྐྲུན་རྒྱུའི་འཆར་གཞི་ཡོད་ཅིང་། མིག་སྔར་གངས་ཤུད་ར་བ་འདེམས་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། ལྷ་སའི་ཉེ་འཁོར་གྱི་རི་ཁུལ་ཐོན་ཁུངས་ཀྱི་གནས་ཚུལ་ལ་བལྟས་ན། ཉང་བྲན་ལུང་པར་གངས་ཤུད་ར་བ་བསྐྲུན་པར་འཚམ་པོ་ཡོད།
             རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། པེ་ཅིང་དུ2022ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ལེགས་གྲུབ་བྱུང་རྗེས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་བོད་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་མངོན་གསལ་དོད་པོས་གཏོད་ཆེད།  ས་མཐོར་སྡོད་པའི་མི་ཚོགས་ཀྱི་གཟུགས་གཞིའི་ཁྱད་ཆོས་དང་ཟུང་འབྲེལ་ཏེ།  2016ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭ་དང་བོད་ལྗོངས་རི་འཛེག་སློབ་གྲྭས་ལས་རིགས་ཀྱི་ཁོངས་ལས་བརྒལ་བའི་ལུས་རྩལ་པ་བསྡུས་ཏེ་བྱེས་བགྲོད་གངས་ཤུད་དང་། གངས་ཤུད་རི་འཛེག  ལེབ་རྐྱང་པའི་གངས་ཤུད་བཅས་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་བཙུགས་པ་རེད། 
འདི་ནི་བོད་ལྗོངས་གངས་ཤུད་རུ་ཁག་འགྲན་བསྡུར་ནང་ཞུགས་པའི་རྣམ་པ་རེད།
             བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་བཤད་རྒྱུར། “བོད་ལྗོངས་ལ་གངས་རིའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཚང་མ་ཁང་ཕྱིའི་གངས་ཤུད་ལུས་རྩལ་དང་རྩལ་འགྲན་རྣམ་གྲངས་སྤེལ་བར་ཤིན་ཏུ་འཚམ། ང་ཚོས་ལེགས་ཆ་འདི་དམ་འཛིན་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་ནང་འདྲེན་བྱས་ཏེ་གངས་ཤུད་ར་བ་འཛུགས་སྐྲུན་བྱེད་པ་མགྱོགས་སུ་བཏང་ནས་བོད་ལྗོངས་སུ་གངས་འཁྱག་ལུས་རྩལ་ཁྱབ་གདལ་དུ་གཏོང་དགོས”ཞེས་བཤད།     
             ཉི་མ་ཚེ་རིང་གིས་གསུང་རྒྱུར། གངས་ཤུད་ར་བ་འཛུགས་སྐྲུན་བྱས་པ་དེས་ཕྱོགས་གཅིག་ནས་བོད་ལྗོངས་ཀྱི་གངས་ཤུད་རུ་ཁག་ལ་སྦྱོང་བརྡར་བྱེད་ས་ཡོད་པར་སྟབས་བདེ་བསྐྲུན་ནས་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་གང་ལེགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གངས་འཁྱག་ལུས་རྩལ་ནི་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པ་ཁྱབ་གདལ་དུ་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཡིན།  དེར་བརྟེན་ང་ཚོས་ལྷ་སའི་ཉེ་འཁོར་དུ་དམའ་རིམ་ལམ་དང་འབྲིང་རིམ་ལམ་གྱི་གངས་ཤུད་ར་བ་ཞིག་བསྐྲུན་ནས་གཞོན་ནུ་ལོ་ཆུང་དང་། གངས་ཤུད་ལ་དགའ་པོ་བྱེད་མཁན་དེ་བས་མང་པོས་གངས་ཤུད་ལམ་དུ་སྐྱོད་པ་དང་། གངས་ཤུད་ལ་ཉམས་ལེན་ཐུབ་པ་བྱས་ཏེ་མི་དེ་བས་མང་པོར་གངས་འཁྱག་ལུས་རྩལ་གྱི་སྤྲོ་སྣང་ཉམས་སུ་མྱོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད། 
འདི་ནི་བོད་ལྗོངས་གངས་ཤུད་རུ་ཁག་འགྲན་བསྡུར་ནང་ཞུགས་པའི་རྣམ་པ་རེད།
             རིམ་པ་རྗེས་མར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ད་རུང་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་དང་ཟུང་འབྲེལ་བྱས་ཏེ་རིམ་པ་མཐོ་བའི་གངས་ཤུད་ར་བ་གསར་སྤེལ་བྱ་རྒྱུར་བསམ་གཞིགས་བྱེད་ཀྱི་ཡོད། མི་དང་། རྒྱུ་ནོར། དངོས་པོ། སྦྱོང་བརྡར་དང་། འགྲན་ཞུགས། ཚན་ཞིབ། འཚོ་སྐྱོང་སོགས་ཕྱོགས་གང་ཐད་ནས་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་དང་འགན་སྲུང་མཁོ་འདོན་བྱས་ཏེ་བྱེས་བགྲོད་གངས་ཤུད་དང་། གངས་ཤུད་རི་འཛེག ལེབ་རྐྱང་པའི་གངས་ཤུད་བཅས་ཀྱི་གཙོ་གནད་རྣམ་གྲངས་གསུམ་པོ་འབུར་དུ་ཐོན་པ་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་གངས་ཤུད་ལུས་རྩལ་དེ་བོད་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་གྱི་གནད་གསར་པ་ཞིག་ཏུ་འགྱུར་བར་བཅུག་ནས་དུས་ཚོད་ཐུང་ངུའི་ནང་རྒྱུན་ལྡན་གྱི་ཚད་གཞི་ལས་བརྒལ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་དགོས།  
འདི་ནི་བོད་ལྗོངས་གངས་ཤུད་རུ་ཁག་འགྲན་བསྡུར་ནང་ཞུགས་པའི་རྣམ་པ་རེད།
             ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།  བོད་ལྗོངས་གངས་ཤུད་རུ་ཁག་བཙུགས་པ་ནས་བཟུང་། “ཕྱིར་སྐྱོད་པའི”བྱེད་ཐབས་ལ་བརྟེན་ནས་སྔ་རྗེས་སུ་ནང་སོག་དང་། ཧྲའན་ཤིས། ཅི་ལིན་སོགས་ཀྱི་ས་ཁུལ་དུ་གཅིག་སྡུད་མ་ལག་གིས་སྦྱོང་བརྡར་བྱས་ཏེ།  ཕུལ་བྱུང་གངས་ཤུད་ལུས་རྩལ་པ་ཧྥིན་ལན་སོགས་གངས་འཁྱག་ལུས་རྩལ་སྟོབས་ཆེ་བའི་རྒྱལ་ཁབ་ཏུ་ཆུ་ཚད་མཐོ་བའི་སྦྱོང་བརྡར་བྱེད་པར་མངགས་གཏོང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་རབ་དང་རིམ་པའི་ནང་ཞུགས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  དེའི་ནང་གངས་ཤུད་རི་འཛེག་ལུས་རྩལ་པ་ཚེ་རིང་དགྲ་འདུལ་ལ 2020ལོའི་སུའེ་ཙེར་གྱི་བློ་བཟང་གཞོན་ནུའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་པའི་ཐོབ་ཐང་བླངས་ཡོད།