ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མེ་ཏོག་རྫོང་དུ་ས་ཡོམ་རིམ་པ6.3བརྒྱབ་འདུག

སྤེལ་དུས 2019-04-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཟླ་4ཚེས་24ཉིན་གྱི་ཐོ་རེངས་ཆུ་ཚོད་4:15ཡི་ཐོག་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང(འཕྲེད་ཐིག་བྱང་མའི་ཏུའུ་28.40དང་གཞུང་ཐིག་ཤར་མའི་ཏུའུ་94.61)དུ་ས་ཡོམ་རིམ་པ་6.3བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་10ཟིན་ཡོད། ཉིང་ཁྲི་མེ་ཟོན་གྱིས་འཕྲལ་མར་ཡོམ་ལྟེར་བསྐྱོད་ནས་འཕྲལ་སྡོམ་ཐག་གཅོད་བྱས་པ་དང་སྦྲགས། ས་གནས་དེ་ག་ནས་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད། ལྟེ་བའི་ཁུལ་དུ་ཡོམ་ཚོར་ཧ་ཅང་ཆེ་བ་དང་། གནས་སྐབས་མི་སྣ་འཆི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད།
             ས་ཡོམ་བརྒྱབ་རྗེས། ཉིང་ཁྲི་གྲོང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་འཕྲལ་སྡོམ་བརྡ་ལེན་བཏང་སྟེ། ཤང(གྲོང་རྡལ)དང་། གྲོང་ཚོ“ཨུ་ལྷན་གཉིས” གྲོང་སྡོད་ལས་དོན་རུ་ཁག་བཅས་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ནས་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
             བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)བདུན་ཚང་མར་ཡོམ་ཚོར་མངོན་གསལ་དོད་པོ་ཡོད་པ་དང་། གནས་སྐབས་མི་སྣ་འཆི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད།