ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2018ལོར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་282.76མངོན་འགྱུར་བྱུང་བ།

སྤེལ་དུས 2019-04-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་2018ལོའི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི1990.2སྣེ་ལེན་བྱས་ཤིང་། དེ་དུས་མཚུངས་ལས23.87%འཕར་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར282.76མངོན་འགྱུར་བྱུང་བ་དང་། དེ་དུས་མཚུངས་ལས24.33%འཕར་ཡོད་པ་རེད། 
འདི་ནི་ཡུལ་སྐོར་པས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་དབྱར་རྩྭ་དགུན་འབུའི་རིག་གནས་དུས་ཆེན་ཐོག་དབྱར་རྩྭ་དགུན་འབུ་འཐུ་བར་མྱོང་ཚོར་བྱེད་པའི་རྣམ་པ་རེད།
            ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བདེ་འཇགས་དང་། ལེགས་བཟང་།སེམས་བདེ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་ཆེད། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཁྲོམ་རའི་ཁྲིམས་འཛིན་ཞིབ་བཤེར་ཐེངས་200ལྷག་ཙམ་བྱས་ནས་ཡུལ་སྐོར་ཚོགས་པ་དང་། ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ། ཡུལ་སྐོར་རླངས་འཁོར་བཅས་ལ་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་ཁ་པར་དང་།འཚམས་འདྲི།འཕྲིན་ཡིག དྲ་རྒྱ། འཕྲིན་ཐུང་།  སྐད་འཕྲིན། པོད་ཕྲན་བཅས“གནས་བདུན་གཞི་གཅིག་ཅན”གྱི་ཡུལ་སྐོར་ཞུ་གཏུག་ཐག་གཅོད་ལས་སྟེགས་བཙུགས་ནས་ཡུལ་སྐོར་བློ་འདྲི་དང་དེ་བཞིན་ཞུ་གཏུག་ཁ་པར་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ཡུལ་སྐོར་བར་དཔལ་འབྱོར་གྱོང་གུན་སྒོར་ཁྲི200ལྷག་ཙམ་ཕྱིར་བླངས་པ་རེད། ཡུལ་སྐོར་བའི་ཞུ་གཏུག་དུས་ཐོག་ཏུ་བདག་སྤྲོད་བྱེད་ཚད་དང་ཐག་གཅོད་བྱེད་ཚད100%ཟིན་པ་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད། 
འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་ལུང་ཤུར་རི་ཁུལ་དུ་རྐང་འཁོར་བྱེས་བགྲོད་ཀྱི་མྱུར་ཚད་འགྲན་བསྡུར་བྱེད་པའི་ཡུལ་དངོས་རེད།
            2018ལོར། ལྷ་ས་གྲོང་ཁྱེར་གྱིས“ལྷ་སའི་བྱང་རྒྱུད་ཀྱི་སྐོར་ལམ་དང་སྟག་རྩེ་བྲག་ཡེར་པའི་མཛེས་ལྗོངས་ཁུལ”ཞེས་པའི་ཆེད་དོན་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས་ཤིང་།  གཙོ་བོར་ཡུལ་སྐོར་ཚོང་པར་བྲག་ཡེར་པ་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྣམ་གྲངས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་གྲོང་གསེབ་ཡུལ་སྐོར་གྱི་ཡིད་དབང་འགུགས་ནུས་ཆེ་རུ་བཏང་བ་སྟེ་མང་ཚོགས་ལ་ཡུལ་སྐོར་གྱི་ཡོང་འབབ་རེག་རྒྱུར་རོགས་རམ་བྱས་པ་རེད། ལྷ་ས་གྲོང་ཁྱེར་གྱིས་རིག་པའི་ཇོ་ཁང་ས་གཙང་རྐང་ཐང་ཚོགས་ཆེན་དང་། མཚུར་ཕུ་ལུང་ཤུར་རི་ཁུལ་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར། ཁམ་བུ་འཐོག་པའི་དུས་ཆེན། རྩམ་པའི་ཡུལ་སྐོར་རིག་གནས་དུས་ཆེན་སོགས་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་ཆབས་ཅིག་ལས་ཞུགས་ལས་གནས་ཁག་གཅིག་ཐག་གཅོད་བྱས་ནས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཡུལ་སྐོར་གཉེར་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་རི་སྔོ་ཆུ་དྭངས་གསེར་རི་དངུལ་རིར་གྱུར་དུ་བཅུག 
འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྟ་རྒྱུག་དུས་ཆེན་ཐོག་གི་ཕྱི་རྒྱལ་གྱི་ཡུལ་སྐོར་པ་རེད།
            ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན།  2019ལོར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”གྱི་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་གཙོ་གནད་ཐོག་སྤེལ་ཏེ། ཡུལ་སྐོར་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་མཐོ་རུ་གཏོང་རྒྱུ་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཀྱི་ཚད་གཞི་མཐོ་རུ་བཏང་སྟེ་ཡུལ་སྐོར་བདེ་འཇགས་ཐོན་སྐྱེད་ཀྱི་གྲུབ་འབྲས་དང་།སྣོད་བཅུད་ཡུལ་སྐོར་འཛུགས་སྐྲུན་གྱི་གྲུབ་འབྲས། དཔལ་ཡོན་ཡུལ་སྐོར་ལས་དོན་གྱི་གྲུབ་འབྲས། ཡུལ་སྐོར་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་གྲུབ་འབྲས་བཅས་སྲ་བརྟན་དུ་བཏང་ནས་ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་ལས་དོན་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དམངས་ཕྱུག་གི་བཟོ་སྐྲུན་གསར་གཏོད་གནང་བར་སྐུལ་འདེད་བཏང་སྟེ། “སྤུས་ལེགས”ཡུལ་སྐོར་འཛུགས་སྐྲུན་དང་། “བྱང་སྐོར་ལམ་ཐིག”གི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས། རིག་ལྡན་ཡུལ་སྐོར་བཟོ་སྐྲུན་བཅས་བཏོད་དེ2019ལོར་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་པར་སྣེ་ལེན་ཞུ་ཚད15%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ20%འཕར་བ། གྲོང་གསེབ་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར8.2ཟིན་པ་བཅས་ཡོང་བར་བརྩོན་ལེན་བྱ་རྒྱུ་རེད།