ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“གཉིས་གཏོད”ལ་བརྟེན་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེ་རུ་གཏོང་བ།

སྤེལ་དུས 2019-05-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིག་རྡོར་གྱིས་བསྒྱུར།
ལས་གཏོད་བྱེད་སེམས་དང་གསར་གཏོད་ཀྱི་བློ་གྲོས་གངས་ལྗོངས་ས་མཐོར་གང་ལེགས་མངོན་པ།

འདི་ནི་ལས་གཏོད་གཞོན་ནུ་དང་བོད་ལྗོངས་ཨའེ་ལེ་ཧྥུའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་གྲུབ་ཆེན(གཡས་ཀྱི་དང་པོ)གྱིས་ལས་མི་ཚོ་དང་མཉམ་དུ་འཆར་འགོད་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་པ།
          ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཕྲེན་ཚེགས་རིག་གནས་ཁེ་ལས་གསར་གཏོད་ལས་གཏོད་ཞབས་ཞུའི་རྟེན་གཞི་ལྷ་སར་བཙུགས་ནས་གཉེར་སྐྱོང་བྱས་པ་དང་། མིག་སྔར་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་གཉིས་གཏོད་རིགས་ཀྱི་རྟེན་གཞི་འབའ་ཞིག་དེ་ཡིན་པའི་ངོས་ནས་བརྗོད་ན། རྟེན་གཞི་དེས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་བྱས་ནས་ལས་སྟེགས་ཀྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད་ལ། བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྱད་ལྡན་རིག་གནས་ཐོན་ལས་ཞིབ་འཇུག་གསར་སྤེལ་བྱས་ནས་བོད་ཀྱི་མི་རིགས་ཀྱི་རིག་གནས་དེ་ལྗོངས་ཡོངས་ལ་གཞིས་ཚུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་རྒྱུར་རམ་འདེགས་བྱ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད།
          བོད་ལྗོངས་སུ་བཅའ་སྡོད་བྱས་པའི་ཕྲན་ཚེགས་རིག་གནས་ཁེ་ལས་གསར་གཏོད་ལས་གཏོད་ཞབས་ཞུ་རྟེན་གཞིའི་ཁེ་ལས་ཤིག་ཡིན་པའི་ངོས་ནས་བརྗོད་ན། 2016ལོར་བོད་ལྗོངས་ཀུན་ཕན་རིག་གནས་གསར་གཏོད་ཚད་ཡོད་ཀུང་སི་བཙུགས་ཏེ“ཀུང་སི་དང་། སྒྱུ་རྩལ་པ། རྟེན་གཞི་བཅས་ཟུང་དུ་སྦྲེལ་བའི”མཉམ་གཉེར་བྱེད་སྟངས་སྤྱད་པ་དང་། ཞིང་དལ་གྱི་དུས་ཚོད་སྤྱད་དེ་ས་གནས་ཁག་གི་གྲོང་གསེབ་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་ཏེ་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་བཟོས་པས་2018ལོར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་ཞིང་། མིག་སྔར་ཀུང་སི་དེས་ལག་ཤེས་མཁས་ཅན་280ལྷག་ཙམ་དང་ཡུན་རིང་གི་མནའ་འབྲེལ་གན་རྒྱ་བཞག་ཡོད་པ་རེད།
          ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག བོད་ལྗོངས་ཀྱིས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བའི་བསམ་འཆར་དང་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དང་སྔར་བྱུང་མྱོང་མེད་པའི་ལས་དོན་སྤེལ་ཤུགས་ལ་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱས་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེ་རུ་ཕྱིན་ཡོད།
          གསར་གཏོད་ནི་མི་རིགས་ཡར་ཐོན་གྱི་བླ་སྲོག་ཡིན་པ་དང་། ལས་གཏོད་ནི་ལས་ཞུགས་དམངས་ཕྱུག་གི་འབྱུང་རྩ་ཡིན། དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི“གཉིས་གཏོད”ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། 2017ལོར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གསར་གཏོད་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོར་བརྩི་བ་དང་། གསར་གཏོད་དེ་སྤྱི་ཡོངས་ཀྱི་འཕེལ་རྒྱས་གཏོང་བའི་ལྟེ་བའི་གནས་བབ་ཏུ་བཞག་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས《གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་མགྱོགས་མྱུར་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང《དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་སྡོད་ཁང་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》སོགས་སྤྱོད་གོ་ཆོད་ཅིང་ནུས་པ་ཐོན་པའི་སྲིད་ཇུས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པ་བྱས་པས་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ཡག་པོ་ཞིག་ཉིན་རེ་བཞིན་ཆགས་པ་མ་ཟད། དམངས་ཀྱིས་ལས་གཏོད་བྱེད་པའི་སྤྲོ་སེམས་དང་གསར་གཏོད་ཀྱི་བློ་གྲོས་གངས་ལྗོངས་ས་མཐོར་གང་ལེགས་མངོན་ཡོད།
          ཁེ་ལས་གསར་གཏོད་བྱེད་པའི་ཐད་ཁེ་ལས་འབྲིང་ཆུང་གཙོ་བོར་བྱས་ཤིང་། ལས་གཏོད་པ་དང་ལས་གཏོད་རྣམ་གྲངས་འཚར་ལོངས་ཡོང་བ་དང་ཁེ་ལས་དེ་དག་གཞིས་ཆགས་རྒྱུར་རོགས་རམ་བྱ་ཆེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྲིད་གཞུང་གི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་བྱེད་པོར་བྱེད་པ་དང་། ཁྲོམ་ར་སྟོན་ཕྱོགས་སུ་བྱེད་པ། སྲིད་ཐོན་སློབ་ཞིབ་ཟུང་དུ་འབྲེལ་བའི་ཚན་རྩལ་གསར་གཏོད་ཀྱི་མ་ལག་ཅིག་གང་མགྱོགས་སྐྲུན་ཡོད།
          རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་དང་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་ན་གཞོན་ཚོའི“གཉིས་གཏོད”ཀྱི་སེམས་ཤུགས་ཁྲོད་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་གྱི་ཁྲིད་སྟོན་གསར་པ་ཞིག་ཡིན་པའི་གསར་གཏོད་ལས་གཏོད་ཀྱི་སྟོབས་ཤུགས་གངས་ལྗོངས་ས་མཐོར་རབ་ཏུ་རྒྱས་བཞིན་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།