ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

[པེ་ཅིང་གི་བོད་སྐྱོར] དབུལ་སྐྱོར་གྱི་ལྗང་མདོག་ལུས་གསོ་ཁང་གི་སྔོ་ཚལ་མྱོང་རོལ་བྱས་ཏེ“དྲ་སྦྲེལ+འཛད་སྤྱོད་དབུལ་སྐྱོར”ལ་ནུས་ཤུགས་འབུལ་རྒྱུ།

སྤེལ་དུས 2019-05-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཆུ་གཙང་མས་བཙོས་པའི་ཚགས་ཤ་དངBBQཤིང་ཨན་ལུའུ་ཁང་གི་ལུག་ཤ་བསྲེགས་མ། ལི་མའེ་འབྲས་ཐུག ལི་མའེ་སྔོ་ཚལ་སྦྱར་མ་སོགས་ཀྱིས་ཀུན་གྱི་ཡིད་དབང་འཕྲོག་ཀྱི་ཡོད་ལ། འདི་དག་ཚང་མ་ནི་དབུལ་སྐྱོར་ལྗང་མདོག་གི་སྒེར་བཟོས་སྔོ་ཚལ་རྐྱང་པ་རེད། ཟླ5པའི་ཚེས10ཉིན་གྱི་ཕྱི་དྲོར། ཚལ་རིགས་དེ་དག་པེ་ཅིང་འཛད་སྤྱོད་དབུལ་སྐྱོར་ཐོན་ལས་ཀྱི་གཉིས་གཏོད་ལྟེ་གནས་སུ་མངོན་པ་མ་ཟད་དྲ་རྒྱའི་ཐད་གཏོང་བརྒྱུད་ཉམས་ལེན་ལོངས་སུ་སྤྱོད་པར་དྲ་གྲོགས་མང་པོ་ཞིག་གིས་དེ་ལས་དོ་སྣང་ཐོབ་ཡོད་པ་རེད། 
བོད་ཀྱི་འགྲེམས་ཁང་དུ་ཆུ་གཙང་མས་བཙོས་པའི་ཚགས་ཤའི་བྲོ་བ་མྱོང་བཞིན་པ།
བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོས་འཛད་སྤྱོད་དབུལ་སྐྱོར་ལ་རམ་འདེགས་བྱེད་པ། 
           ཉིན་དེའི་ཕྱི་དྲོར་པེ་ཅིང་གྲོང་ཁྱེར་གྱི“དྲ་སྦྲེལ+འཛད་སྤྱོད་དབུལ་སྐྱོར”གྱི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་པེ་ཅིང་འཛད་སྤྱོད་དབུལ་སྐྱོར་ཐོན་ལས་གཉིས་གཏོད་ལྟེ་གནས་སུ་སྤེལ་ཞིང་། ཐེང་ཤུན་དང་ཤིན་ལང་། པའེ་ཏུའུ། ཡིག་ཚིགས་མཆོང་ལྡིང་དང་དེ་བཞིན་ཀའོ་མའེ་སོགས་རྒྱལ་སའི་དྲ་སྦྲེལ་ཁེ་ལས་དང་དྲ་ཐོག་ཚོང་དོན་ལས་སྟེགས་གྲགས་ཅན། པེ་ཅིང་གྲོང་ཁྱེར་དབུལ་སྐྱོར་རོགས་སྐྱོར་གཞུང་དོན་ཁང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་རང་ངོས་ཀྱི་ལས་སྟེགས་ཀྱི་དགེ་མཚན་སྤྱད་དེ་དྲ་རྒྱའི་དྲ་དཔོན་དང་དྲ་མི་སྐད་གྲགས་ཅན་སོགས་དྲ་རྒྱའི་ཐོན་ཁུངས་བརྒྱུད་དབུལ་སྐྱོར་དྲིལ་བསྒྲགས་དང་འཛད་སྤྱོད་དབུལ་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ལས་དབུལ་སྐྱོར་སོགས་ཐད་ལས་དོན་གཏིང་ཟབ་སྤེལ་ནས་རོགས་སྐྱོར་བྱ་ཡུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རོགས་རམ་གནང་རྒྱུ་ཡིན་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དྲ་སྦྲེལ་ཁེ་ལས་ཀྱིས་གཏམ་བཤད་སྤེལ་བཞིན་པ།
           ཤིན་ལང་དང་ཡིག་ཚིགས་མཆོང་ལྡིང་གིས་དེ་མིན@པོད་འཕྲིན་རྫོང་ཁོངས་སོགས་དྲ་ཞུགས་པ་ཁྲི་བརྒྱ་ཕྲག་ལས་བརྒལ་བའི་དྲ་དཔོན་ཆེན་མོ་དང“ཞིང་དུད་ཀྱི་སྤུས་ལེགས་ཚོང་ཟོག་ཐད་འཚོང”སོགས་དྲ་ཞུགས་མཁན་ཁྲི་བརྒྱ་ཕྲག་ལས་བརྒལ་བའི་གསར་རྩོམ་པ4རྩ་འཛུགས་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་གཉིས་གཏོད་ལྟེ་གནས་ཀྱི་བོད་ལྗོངས་དང་ཤིན་ཅང་། མཚོ་སྔོན། ནང་སོག  ཧོ་པེ། ཧོ་ནན། ཧུའུ་པེ་བཅས་འགྲེམས་ཁང7དུ་ཕེབས་ནས་ཐད་གཏོང་སོགས་ཀྱི་རྣམ་པའི་ཐོག་ས་གནས་ཁག་གི་ཁྱད་ལྡན་དབུལ་སྐྱོར་ཐོན་རྫས་དྲིལ་སྒྲོག་དང་ཁྱབ་གདལ་བཏང་སྟེ་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
དྲ་རྒྱའི་དྲ་སྒྲོག་པ་ཆེ་གེ་མོས་བོད་ལྗོངས་འགྲེམས་ཁང་གི་ཁྱད་ལྡན་བཟའ་བཅའ་ཐད་གཏོང་བྱེད་བཞིན་པ།
བོད་ཀྱི་དབུལ་སྐྱོར་ཐོན་རྫས་བཟའ་སྤྱོད་ཐད་གཏོང་འོས་སྦྱོར་གནང་པ།
           བོད་ལྗོངས་འགྲེམས་ཁང་དུ་དྲ་དཔོན་ཆེན་མོས་ལག་ཁྱེར་ཁ་པར་བརྒྱུད་བོད་ཀྱི་ཆུ་གཙང་ཟས་ཞིམ་ཚོད་སྤྱོད་གནང་པ་དང་འབྲེལ་ཞོ་དང་ཚགས་ཤ་སོགས་ཁྱད་ལྡན་བཟའ་བཅའ་ངོ་སྤྲོད་གནང་པ་རེད། ནང་སོག་འགྲེམས་ཁང་དུ་དྲ་དཔོན་ཆེན་མོས་ཧུའུ་ལུན་པེར་རྩྭ་ཐང་ཆེན་པོ་ནས་ཡོང་བའི་ལུག་ཤ་བཟས་པ་མ་ཟད་དྲི་མ་སྤུ་ཙམ་ཡང་མི་འདུག་ཅེས་བསྟོད་བསྔགས་གནང་པ་རེད། དེ་མིན་རྒྱལ་སའི་ཞིང་ལས་ཡུལ་ཤུལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པས་དྲ་བ་བརྒྱུད་རྒྱལ་གཉེར་ཁེ་ལས་ཀྱིས་མཚོ་སྔོན་ཡུལ་ཤུལ་དུ་ཐོན་ལས་དབུལ་སྐྱོར་བྱས་སྐོར་ཐད་གཏོང་བྱས་པ་རེད། པེ་ཅིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཡིང་ཅིན་གྱིས“དྲ་སྦྲེལ+འཛད་སྤྱོད་དབུལ་སྐྱོར”ནི་པེ་ཅིང་གིས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་མངོན་ཚུལ་གསལ་པོ་ཞིག་ཡིན་པས། ད་རེས་ཀྱི་བྱེད་སྒོ་གོ་སྐབས་སུ་བཟུང་ནས་ཐོན་ཁུངས་སྤྱི་འདོམས་དང་མཉམ་ཤུགས་ཆགས་པ། འཐབ་འབྲས་ཆེ་རུ་གཏོང་བ། དྲ་སྦྲེལ་ཁེ་ལས་དང་དྲ་དམངས་ཀྱི་ནུས་པ་འདོན་སྤེལ་བྱས་ཐོག་དབུལ་སྐྱོར་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། ཐིགས་པ་བསགས་ནས་རྒྱ་མཚོ་གྲུབ་པ་ལྟ་བུའི་ནུས་པ་འདོན་པ་བཅས་བྱས་ཏེ་དྲ་ཐོག་ནས་མི་ཚང་མས་དབུལ་སྐྱོར་ཤེས་རྟོགས་དང་དབུལ་སྐྱོར་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ་མ་ཟད། པེ་ཅིང་གི་རོགས་སྐྱོར་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ཐུན་མོང་ཐོག་རོགས་རམ་བྱེད་དགོས་ཤིང་། དེ་མ་ཟད་གཞན་ཡང་དྲ་སྦྲེལ་ཁེ་ལས་མང་ཚོགས་དང་ཉེ་བར་བཅར་བ་དང་རྣམ་པ་སྣ་ཚོགས་ལྡན་པ། ཁྱབ་སྤེལ་མྱུར་པོ་བཅས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་པེ་ཅིང་གི་དབུལ་སྐྱོར་ལ་སྔར་བས་དོ་ཁུར་བྱེད་པ་དང་དབུལ་སྐྱོར་གྱི་གཏམ་རྒྱུད་སྔོག་འདོན་ཡག་པོ་བྱས་ནས་མི་དེ་བས་མང་པོ་ཞིག་གིས་དྲ་བ་བརྒྱུད་པེ་ཅིང་གི་དབུལ་སྐྱོར་ཤེས་རྟོགས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།