ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་གཞིས་རྩེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ལས་གཞི་ཆེན་པོ་ཡོད་རྒྱུ་རེད།

སྤེལ་དུས 2019-05-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་མཚན་ལྗོངས་རེད།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན་གྱི་དགོང་མོར། གློག་སྒྲོན་སྣ་ཚོགས་བཀར་ཏེ་གླུ་གར་གྱི་སྒོ་མོ་དལ་གྱིས་ཕྱེས། “2019•ལོའི་ཇོ་རིའི་ཡུལ་སྐོར་མིང་བྱང”སྟེ། ཇོ་རིའི་ཡུལ་སྐོར་གྱི་ཕུགས་འདུན་མངོན་འགྱུར་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཏེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་ཞིག་གི་ཁ་ཕྱེས་པ་རེད།
            མ་ཡུམ་དུས་ཆེན་དུ་སྤེལ་བའི་མཚན་ཚོགས་དེ་ནི་གཞིས་རྩེའི་ཡུལ་སྐོར་ལས་རིགས་ལ་ལེགས་སྐྱེས་འབུལ་མཁན་ཚོར་བཀའ་དྲིན་ཞུ་ཆེད་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཞིས་རྩེ་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་ཞིག་རེད། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2018ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི694ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར55.25ཟིན་ཡོད།
འདི་ནི་གཞིས་ཀ་རྩེ་ཕེ་ཁུ་མཚོ་རེད།
            གཞིས་རྩེའི་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་ཀྱིས་2018ལོའི་གཞིས་རྩེའི་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ལྔ་ཆ་གཅིག་ཙམ་ཟིན་ཞིང་། དེ་གཞིས་རྩེའི་ཡུལ་སྐོར་ལས་རིགས་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་ཡུལ་སྐོར་ལས་གཉེར་མི་སྣའི་འབད་བརྩོན་ལྷོད་མེད་དང་འབྲེལ་བ་དམ་ཟབ་ཡོད།
            གཟེངས་བསྟོད་ཚོགས་འདུའི་ཐོག་ཡུལ་སྐོར་རིག་གནས་གསར་གཏོད་ཀྱི་ཐོན་རྫས་དང་། དྲན་རྟེན་དངོས་རྫས་ཀྱི་ཞིབ་འཇུག་གསར་སྤེལ་མཁན་ཡོད་ཅིང་། བཟའ་བཏུང་ལས་རིགས་ཀྱི་དོ་དམ་པ། ཡུལ་སྐོར་དང་བླངས་པ་ཡོད་པར་མ་ཟད། ཡུལ་སྐོར་གསང་སྤྱོད་ཀྱི“གསར་བརྗེའི”འགན་ལེན་པ་སོགས་ཀྱང་ཡོད་པ་རེད།
འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཡུལ་དངོས་རེད།
            བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ནི་སྨི4000ཡན་ཟིན་པ་དང་རང་བྱུང་ཡུལ་སྐོར་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་ཕ་ཡུལ་ཡིན། དེར་རི་ཚོགས་ཀྱིས་བསྐོར་བ་ཕུད་གཞིས་རྩེའི་རི་མཐོ་གཡང་གཟར་གྱི་གྲོག་རོང་དུ་ད་དུང་ཕྱི་རོལ་གྱི་གྲོགས་པོ་དང་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་གིས་འཚོལ་ཞིབ་བྱེད་པའི་མཛེས་ལྗོངས་ཀྱང་སྦས་ཡོད་པརེད།
འདི་ནི་ཇོ་རིའི་ཞོགས་སྤྲིན་རེད།
            གཞིས་རྩེའི་ཡུལ་སྐོར་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་ལེགས་ཆ་མང་པོ་བཟུང་ཡོད་ཅིང་། དེར་རིང་ཚད་ལ་སྤྱི་ལེ1800ཙམ་ཡོད་པའི་མཐའ་མཚམས་ལམ་ཐིག་ཡོད་དེ། ཐང་ཀྲུའུ་གནའ་ལམ(ཤིས་ཨན་ནས་ཏུན་ཧོང་དང་། དེ་ནས་ལྷ་ས། གཞིས་རྩེ། སྐྱིད་ལུང་། གྲོ་མོ། ཅར་ཀི་ཏ)ཐོག་གི་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་། གནའ་ནས་ད་བར་དུ་ཨེ་ཤེ་ཡ་ལྷོ་མའི་ཤེས་རིག་དང་ཨེ་ཤེ་ཡ་ཤར་མའི་ཤེས་རིག་སྦྲེལ་མཐུད་ཀྱི་ཟམ་པ་ལྟ་བུའི་ནུས་པ་ཐོན་གྱི་ཡོད།
འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོ་ཡུལ་དངོས་རེད།
            གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་མཐའ་མཚམས་ཀྱི་ཚོང་དོན་འགག་སྒོ་དང་གྲོ་མོ་རྫོང་གི་རྣ་ཐོས་ལའི་མཐའ་མཚམས་ཀྱི་ཚོང་དོན་འགག་སྒོར་མྱོང་རོལ་ཞིག་བྱས་ཚེ། དེར་ད་ལྟའི་གཞིས་རྩེ་འདི་ཉིད་བོད་ལྗོངས་སུ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ནང་རིམ་བཞིན་མཉམ་འདྲེས་ཐུབ་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་གྱི་འཐབ་ཇུས་གནས་བབ་ཁྲོད་ནུས་པ་འདོན་སྤེལ་བྱེད་པ་ཤེས་ཐུབ།
            བོད་ལྗོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་འོག་གཞིས་རྩེའི་ཡུལ་སྐོར་ཐོན་ལས་དེ་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ཅེས་བརྗོད་ཆོག
            གཞིས་རྩེ་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་པས“ཡུལ་སྐོར་འོས་སྦྱོར་གྱི་བྱེད་སྒོ་འདི་ལྟ་བུ་ནི་གཞིས་རྩེ་ནས་ཐེངས་དང་པོ་ཡིན་པ་དང་། ཐ་ན་བོད་ལྗོངས་སུ་ཐེངས་དང་པོ་ཡིན་པས། དེར་སྔར་བྱུང་མ་མྱོང་བའི་མཐོང་ཆེན་བྱེད་ཤུགས་ཀྱང་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་ཕན་འབྲས་ཐོན་ངེས་རེད”ཅེས་བཤད།
            གཞིས་རྩེ་གྲོང་ཁྱེར་ལ་ཕུལ་བྱུང་གི་ཡུལ་སྐོར་ཐོན་ཁུངས་ཡོད་ཀྱང་དེར་རྩེར་སོན་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནད་དོན་མེད་པར་གཞིགས་ཏེ། འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། གཞིས་རྩེ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། དེའི་ནང་རྫོང་དང་ཆུས18ཀྱིས་རྫོང་རེར་ཐབས་ཇུས་རེ་བཏོན་ནས་རྫོང་ཚང་མར་རང་ཉིད་ཀྱི་འཕེལ་རྒྱས་ཐབས་ཇུས་དང་ཁྱད་ཆོས་ལྡན་པ་བྱས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། གཞན་ཡང་ཇོ་རིའི་རིག་གནས་ཡུལ་སྐོར་ཐོན་ལས་ལས་གཏོད་ཁུལ་བསྐྲུན་ནས་ལོ་གཉིས་ཀྱི་ནང་རྒྱལ་ཁབ་རིམ་པའི་ཚད་གཞིར་སླེབས་པར་བརྩོན་ལེན་བྱ་རྒྱུ་རེད།
འདི་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཐེངས་དྲུག་པས་སྙན་ངག་གྱེར་འདོན་བྱེད་པའི་རྣམ་པ་རེད།
            མིག་སྔར་ས་མུའུ17000ཟིན་པའི་ཇོ་རིའི་རིག་གནས་ཡུལ་སྐོར་ཐོན་ལས་ལས་གཏོད་ཁུལ་གྱི་ལྟེ་བའི་ཁུལ་དུ་མ་དངུལ་སྒོར་དུང་ཕྱུར10ཙམ་བཏང་ནས་རྣམ་གྲངས་དགུ་ཡི་ལས་འགོ་ཚུགས་ཤིང་། སང་ལོའི་ཟླ7པར་ཚང་མ་སྤྱོད་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་གླིང་ཁུལ་འདིས་ཡུལ་སྐོར་གྱི་ཐེག་ནུས་ཆེ་རུ་བཏང་ནས་ཚོང་ལས་ཁྲོམ་གཞུང་ཁུལ་དང་། ཆང་ཁང་།མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་འགྲེམས་ཁུལ། རི་འཛེག་ཉམས་ལེན་ལྟེ་གནས། རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱིས་མཚོན་པའི་ལས་སྟེགས་ཀྱིས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཐོན་རྫས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཏེ་ཡུལ་སྐོར་པར་སྔར་བྱུང་མྱོང་མེད་པའི་ཕྱོགས་ཡོངས་ཀྱི་རིག་གནས་ཡུལ་སྐོར་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད།
            རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོགས་ནས་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་བསམ་འཆར་བཏོན་ཏེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་གི་སྣེ་གསུམ་པའི“ཇོ་མོ་གླང་མའི་ཕ་ཡུལ་དང་། སྤྲིན་སྣེའི་འཁྱགས་ཀླུང”ཞེས་པའི་སྤུས་རྟགས་བཏོད་དེ། འཛམ་གླིང་ཡོངས་ལ་ཇོ་མོ་གླང་མའི་གནས་ཚུལ་ཤེས་རྟོགས་དང་། ཇོ་མོ་གླང་མར་ཡིད་སྨོན་བྱེད་པ། ཇོ་མོ་གླང་མར་ཕེབས་སུ་བཅུག གཞིས་རྩེའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྟོབས་ཆེ་རུ་གཏོང་བ་དང་།  ཕུལ་དུ་བྱུང་བ་དང་རྒྱ་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་དུ་གཞིས་རྩེའི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏོང་བ་དང་། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ནས་ལས་སྟེགས་དེ་བས་རྒྱ་ཆེ་རུ་བཏང་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
            འབྲེལ་ཡོད་འགན་འཁུར་པས་བསྟན་དོན། གལ་སྲིད་འཕེལ་རིམ་ཚང་མ་བདེ་བླག་བྱུང་ཚེ་གཞིས་རྩེའི་རྫོང་དང་ཆུས18ཀྱི་མང་ཚོགས་ཀྱིས་ལོ་གསུམ་ནས་ལྔའི་ནང་དུ་ཡུལ་སྐོར་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ཅིང་། སྐབས་དེ་དུས་ཕུགས་འདུན་མངོན་འགྱུར་བྱུང་སྟེ་མེས་པོས་བཞག་པའི་རྒྱུ་ནོར་དེ་མི་སེར་གྱི་དངོས་འབྲེལ་གྱི་རྒྱུ་ནོར་དུ་འགྱུར་ཐུབ་ཅེས་བཤད།