ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་འཕེལ་རྒྱས་གསར་གཏོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར”རིག་གཞུང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་པ།

སྤེལ་དུས 2019-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཟླ5པའི་ཚེས11ནས་ཚེས12ཉིན་བར།“མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་འཕེལ་རྒྱས་གསར་གཏོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར”རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། མཐོ་རིམ་སློབ་གྲྭ་མང་པོ་ཞིག་ནས་ཡོང་བའི་ཆེད་མཁས་པ་རྣམས་ཚོགས་འདུར་ཞུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
           ཚོགས་འདུའི་འགོ་ཚུགས་མཛད་སྒོ་དེ་བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་ཁང་གི་གླིང་གཙོ་བསོད་ནམས་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སློབ་གཙོ་དགེ་རྒན་ཆེན་མོ་ལིའུ་ཁའེ་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་གནང་བ་རེད།
           བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ཝང་ཡན་ཀྲི་དང་ཀྲུང་གོ་མི་དམངས་སློབ་ཆེན་མཚན་ཉིད་རིག་པའི་སློབ་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ཧའོ་ལི་ཤིན་གྱིས་ཀྱང་གཙོ་གཉེར་ཕྱོགས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། 
           ལིའུ་ཁའེ་ཡིས་གཏམ་བཤད་གནང་སྐབས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལོ་དྲུག་ཅུ་ལྷག་ཙམ་གྱི་སློབ་སྒྲུབ་བརྒྱུད་རིམ་ཕྱིར་དྲན་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་དྲན་གསོ་ཞུ་བ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ60འཁོར་བར་དྲན་གསོ་ཞུ་བ་བཅས་ཀྱི་སྐབས་སུ་འཚོགས་པ་ཡིན་ཞིང་། དེས་སློབ་གྲྭའི་མཚན་ཉིད་རིག་པ་དང་ལྷག་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་འཕེལ་རྒྱས་དང་གསར་གཏོད་གནང་བར་སྐུལ་འདེད་གཏོང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། ཁོང་གིས་བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གིས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་འགན་སྒྲུབ་གནང་བའི་གོ་སྐབས་དང་བསྟུན་ནས་དུས་རབས་གསར་པའི“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག”འཛུགས་སྐྲུན་དང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་དང་འཕེལ་རྒྱས་ཡོང་བར་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
སློབ་གཙོ་ལིའུ་ཁའེ་ཡིས་ཤིས་ཚིག་གནང་བ།
           འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་འདུ་དེ་བགྲོ་གླེང་གི་གོ་རིམ་དུ་སླེབས་ཤིང་།  ཚོགས་ཞུགས་ཆེད་མཁས་པ20ལྷག་ཙམ་གྱིས“མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་འཕེལ་རྒྱས་གསར་གཏོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར” བརྗོད་དོན་གཙོ་བོར་དམིགས་ཏེ་ཕྱོགས་དྲུག་གི་ཐད་ནས་གཏམ་བཤད་སྤེལ་བ་སྟེ། གཅིག་ནི་ཀྲུང་གོའི་བགྲོད་ལམ་དང་དེའི་བསྒྱུར་བཅོས་སྒོ་འབྱེད་ལ་དཔྱད་བསྡུར་བྱས་པ་དང་། གཉིས་ནི་མར་ཁེ་སི་དང་ཨེན་ཀེ་སི་སོགས་གསུང་རབ་རྩོམ་པ་པོའི་གསུང་རྩོམ་ཁྲོད་ཀྱི་རིགས་པའི་གཞུང་ལུགས་སམ་བརྗོད་དོན་ཞིག་ལ་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུ། གསུམ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཞིབ་འཇུག་བྱེད་པ། བཞི་ནི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་འགྲེལ་བཤད་རིག་པའི་ཐབས་ལམ་གྱི་ཞིབ་འཇུག་དང་བེད་སྤྱོད་བྱེད་པ། ལྔ་ནི་ཀྲུང་ཧྭའི་སྲོལ་རྒྱུན་བསམ་བློའི་རིག་གནས་ལ་གསལ་བཤད་བྱེད་པ། དྲུག་ནི་ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོའི་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ནམ་ཡང་ན་རིག་གཞུང་ལས་རིགས་ཀྱི་རྩོད་གླེང་ངམ་འདུ་ཤེས་ཤིག་ལ་འགྲེལ་བཤད་རྒྱག་པ་བཅས་ཡིན།
དགེ་རྒན་ཆེན་མོ་ཀུའོ་ཀྲེན་གྱིས་བརྗོད་དོན་གཏམ་བཤད་སྤེལ་བ།
དགེ་རྒན་ཆེན་མོ་ཧའོ་ལི་ཤིན་གྱིས་བརྗོད་དོན་གཏམ་བཤད་སྤེལ་བ།
           བསམ་བློ་བརྗེ་རེས་ཀྱི་གོ་རིམ་ནང་ཚོགས་ཞུགས་མི་སྣས་གོང་གསལ་གྱི་གཏམ་བཤད་མཁན་ལ་ཆེད་ལས་ཀྱི་དྲི་བ་མི་འདྲ་བ་བཏོན་པ་དང་། གཏམ་བཤད་པས་ཟུར་ཚད་མི་འདྲ་བའི་ཐོག་ནས་གནད་དོན་ལ་འགྲེལ་ལན་བརྒྱབ་པར་མ་ཟད། ལྟ་བ་གསལ་པོ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡིན། 
           ཚོགས་འདུའི་བསམ་ཚུལ་བརྗེ་རེས་ཀྱི་མཇུག་འགྲིལ་རྗེས། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་པ་ཞུས་ཏུང་མིང་གིས་ཕྱོགས་སྡོམ་གཏམ་བཤད་ནང་བཤད་རྒྱུར། ཚོགས་ཞུགས་ཆེད་མཁས་པའི་གཏམ་བཤད་ཀྱིས་ང་ཚོར་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་ནང་དོན་ལ་གོ་བ་ཡང་དག་ལེན་པ་དང་ངོས་འཛིན་ཡང་དག་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་ལེན་པར་བསམ་བློའི་གསོལ་སྟོན་གཟབ་རྒྱས་ཤིག་མཁོ་འདོན་བྱས་ཤིང་། སློབ་གྲྭའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་མཚན་ཉིད་རིག་པའི་རིག་ཚན་འཕེལ་རྒྱས་སུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་གསུངས།        
ཚོགས་ཞུགས་སྐུ་མགྲོན་གྱིས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།