ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཁེ་ཆང་གིས་སོ་སོར་ཞི་ལའི་ཙུང་ཐུང་དང་ཡཱ་མེ་ཉི་ཡའི་ཙུང་ལིར་མཇལ་འཕྲད་གནང་།

སྤེལ་དུས 2019-05-17 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
 
ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་ཞི་ལའི་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་དང་ཡཱ་མེ་ཉི་ཡའི་ཙུང་ལི་ཕཱ་ཞི་ཉི་དབྱང་གཉིས་ལ་མཇལ་འཕྲད་གནང་།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་ཞི་ལའི་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་དང་ཡཱ་མེ་ཉི་ཡའི་ཙུང་ལི་ཕཱ་ཞི་ཉི་དབྱང་གཉིས་ལ་མཇལ་འཕྲད་གནང་།
            ཞི་ལའི་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི་ལ་མཇལ་འཕྲད་གནང་སྐབས། ལི་ཁེ་ཆང་གིས་བསྟན་དོན། ཞི་ལ་ནི་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡིད་རྟོན་བྱེད་ཆོག་པའི་གྲོགས་པོ་ཡིན། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་དེ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་བའི་འཕེལ་རྒྱས་ཐད་ནས་འཆར་གཞི་བཀོད། ང་ཚོས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཞི་ལའི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་སྔར་ལས་བཟང་བོ་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཞི་ལའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས། ཀྲུང་གོ་དང་ཡོ་རོབ་གླིང་འབྲེལ་བ་བཅས་འཕེལ་རྒྱས་སུ་གཏོང་བའི་ཐད་གསོན་ཤུགས་གསར་བ་བསྩལ། འཛམ་གླིང་སྟེང་རིག་གནས་སྣ་མང་ཡོད་པས། རིག་གནས་མི་འདྲ་བའི་བར་དུ་གྲོས་མོལ་བརྗེ་རེས་སྤེལ་བ་དང་། ཕན་ཚུན་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་འོས། ང་ཚོས་ཞི་ལ་ནང་དུ་འདུ་བའི་རྒྱལ་ཁབ་སོ་སོ་དང་མཉམ་དུ། རིག་གནས་གྲོས་མོལ་དང་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
            ཡཱ་མེ་ཉི་ཡའི་ཙུང་ལི་ཕཱ་ཞི་ཉི་དབྱང་ལ་མཇལ་འཕྲད་གནང་སྐབས། ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡཱ་མེ་ཉི་ཡ་གཉིས་ཀ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། ཡཱ་མེ་ཉི་ཡ་ནི་ཀྲུང་གོའི་ཡོ་རོབ་གླིང་དང་ཡ་གླིང་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་མཛའ་བརྩེའི་གྲོས་མོལ་མཛད། ཀྲུང་གོས་ནམ་ཡང་ཡུན་རིང་གི་ཟུར་སྣེ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་། ཕྱོགས་གཉིས་ཀྱི་ཆབ་སྲིད་རང་རྟོན་སྲ་བརྟན་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཡཱ་མེ་ཉི་ཡའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་འདོད་ཡོད། ཀྲུང་གོས་རང་རྒྱལ་གྱི་ཁེ་ལས་དང་ཡཱ་མེ་ཉི་ཡའི་བར་གྲོས་མོལ་མཉམ་ལས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཡཱ་མེ་ཉི་ཡའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་རྒྱ་སྐྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱི་ཁ་གསབ་དགེ་མཚན་འདོན་སྤེལ་བྱས་ནས། ལག་རྩལ་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།
            ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་མཇལ་འཕྲད་ལ་ཞུགས།
རྩོམ་སྒྲིག་པ། སངས་སྐྱབས།