ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཐའ་མཚམས་གྲོ་མོ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་དེ་གྲོང་ཁྱེར་ཡོངས་སུ་ཁེངས།

སྤེལ་དུས 2019-05-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དཀྱིལ་མཚམས་སུ་ཆགས་པའི་གྲོ་མོ་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཀྱི་ཁོངས་སུ་གཏོགས་པའི་མཐའ་མཚམས་ཀྱི་རྫོང་ཞིག་རེད། གྲོ་མོའི་ལུང་ཤུར་ཀྱི་རྫོང་ལ་ཚ་ཁུལ་བར་མའི་ཕྱེད་བཞའ་བརླན་དུས་རླུང་གི་ཤུགས་རྐྱེན་ཐེབས་པས། གནམ་ཟླ་དྲོ་ཞིང་བརླན་ཤས་ཆེ་བ་དང་།  ཞོགས་པའི་སྨུག་རླུང་རི་བོའི་རྐེད་པར་འཁྱུད་ཅིང་།   ལོ་ཧྲིལ་བོར་ཆར་ཆུ་མང་ལ་ཉི་འོད་དཀོན་པའི་གནམ་གཤིས་དེས་གནས་འདིའི་ཞོགས་པར་ཅུང་བསིལ་བའི་ཚོར་བ་སྦྱིན།
            ཟླ་ལྔ་པའི་ནང་གྲོ་མོ་རུ་ཞོགས་པ་སྔ་མོ་ལངས་ནས་ལམ་དུ་འགྲོ་བའི་མི་ཅུང་ཉུང་། རང་ཉིད་ཀྱི་སྨན་ཚོང་ཁང་དང་སྨན་བཅོས་ཁང་གི་སྒོ་འགྲམ་དུ་ལངས་ནས་བསྡད་ཡོད་པའི་ཀྲུའུ་ཞང་བུའུ་ཡིས་ཨ་མ་རྒན་མོ་ཞིག་རང་གི་ཕྱོགས་སུ་འོངས་པ་མཐོང་།  ཀྲུའུ་ཞང་བུའུ་ཡིས་བལྟས་ཚོད་ཀྱིས་ཨ་མ་རྒན་མོ་དེ་ངོ་ཤེས།  ཁོས་མྱུར་མོར་མོ་བསུས་ཅིང་ཨ་མ་རྒན་མོའི་ལག་པ་ནས་འཇུས་ཏེ་ཁ་བརྡ་བྱས་བྱུང་། 
ཀྲུའུ་ཞང་བུའུ་(གཡས།)དང་སྐལ་བཟང་སྒྲོལ་དཀར་(གཡོན།)གཉིས་ཞོགས་པའི་གྲོ་མོའི་རྫོང་མཁར་ནང་འགྲོ་བཞིན་པ། 
            ཨ་མ་རྒན་མོ་དེའི་མིང་ལ་སྐལ་བཟང་སྒྲོལ་དཀར་ཟེར་ཞིང་། ད་ལོ་དགུང་ལོ་72ཡིན།  ཁྱིམ་དུ་རང་གི་བུ་དབང་པོ་སྐྱོན་ཅན་ཞིག་དང་ནང་ལོགས་བོད་ལྗོངས་འཛིན་གྲྭར་སློབ་གཉེར་བྱེད་བཞིན་པའི་རང་གི་ཚ་མོ་བཅས་ཡོད།  སྐལ་བཟང་སྒྲོལ་དཀར་ཁྱིམ་མི་གང་པོ་དང་ཀྲུའུ་ཞང་བུའུ་བར་གྱི་ལས་དབང་དེ་ལོ་ངོ་དྲུག་གི་ཡར་སྔོན་ནས་གླེང་དགོས།  སྐབས་དེར་མོའི་ཁྱིམ་མཚེས་ཡིན་པའི་ཀྲུའུ་ཞང་བུའུ་ཡིས་ཨ་མ་རྒན་མོ་དགུང་ལོ་འདི་འདྲ་མཐོ་རུང་ད་དུང་ཁྱིམ་ལས་ལ་བྲེལ་ཅིང་རང་གི་བུ་དང་ཚ་མོ་ལ་བདག་སྐྱོང་བྱེད་དགོས་པ་དང་།  ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན།   དེ་བས་ཁོས་དཀའ་ཁག་ཆེ་བའི་ཁྱིམ་ཚང་འདི་ལ་རོགས་རམ་བྱེད་པར་བརྩམས།  སྐལ་བཟང་སྒྲོལ་དཀར་ཚང་གི་ཁྱིམ་མི་གང་པོའི་ལུས་ཕུང་དེ་འདྲ་བཟང་རྒྱུ་མེད་པས། རྒྱུན་པར་སྨན་སྣ་ཚོགས་པ་དགོས།  ཀྲུའུ་ཞང་བུའུ་ཡིས་མོ་ཚང་གི་ཁྱིམ་མི་ཁོའི་སྨན་ཚོང་ཁང་དུ་ཡོང་ནས་སྨན་ལེན་དུ་འཇུག་པ་དང་།  རིན་པ་སྐར་གང་ཡང་བླངས་མྱོང་མེད།  དེ་མིན་སྐལ་བཟང་སྒྲོལ་དཀར་གྱི་ཚ་མོ་པདྨ་གཡང་འཛོམས་ཀྱི་སློབ་གྲྭའི་འཚོ་བའི་འགྲོ་སོང་ཡང་ཀྲུའུ་ཞང་བུའུ་ཡིས་རང་འགུལ་ངང་འགན་དང་དུ་བླངས། 
            2016ལོའི་དགུན་གནང་སྐབས་སུ།  བོད་ལྗོངས་ནང་ལོགས་འཛིན་གྲྭའི་མཐོ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་པདྨ་དབྱངས་ཅན་ཕྱིར་ལོག་སྐབས།   ཀྲུའུ་ཞང་བུའུ་ཡིས་མོས་ལོ་མང་པོར་གྱོན་ཟིན་པའི་གྱོན་ཆས་རྙིང་པ་ཞིག་གོན་ནས་ཡོད་པ་མཐོང་།  དེ་བས་ཁོས་མོ་ཁྲིད་དེ་གྲོ་མོའི་རྟགས་མའི་ཚོང་ཁང་གཅིག་པུ་རུ་མོ་ལ་གྱོན་གོས་གཉིས་ཉོས།  འོན་ཀྱང་། ཉིན་འགའི་རྗེས་སུ་པདྨ་གཡང་འཛོམས་ཀྱིས་སྔར་བཞིན་རང་གི་གྱོན་གོས་རྙིང་པ་དེ་གོན་ཡོད་པ་མཐོང་།  ཁོས་མོ་ལ་ཅིའི་ཕྱིར་གྱོན་གོས་གསར་པ་དེ་མ་གོན་པ་ཡིན་ཞེས་དྲིས་པར།  མོས་གྱོན་གོས་རྙིང་པ་མར་འཕེན་མི་ཕོད་ལ། གྱོན་གོས་གསར་པ་དེ་ཕྱིར་སློབ་གྲྭར་ལོག་རྗེས་གོན་དགོས་ཟེར།
            པདྨ་གཡང་འཛོམས་ཀྱི་སྐོར་གླེང་སྐབས། ཀྲུའུ་ཞང་བུའུ་ཡིས་གཟི་བརྗིད་དང་བསྟོད་པའི་ཉམས་འགྱུར་གྱི་སྒོ་ནས་བཤད་རྒྱུར། “ང་ཚོས་ཟླ་རེར་ཕན་ཚུན་ཁ་པར་བཏང་ནས།  སློབ་སྦྱོང་དང་འཚོ་བའི་སྐོིར་ཁ་བརྡ་བྱས།  བུ་མོ་ཆུང་ཆུང་དེ་སེམས་ཧ་ཅང་ཤེས་ཡོད་ལ།  སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཤིན་ཏུ་བཟང་།  ལོ་དེར་དམའ་འབྲིང་ནས་མཐོ་འབྲིང་དུ་འཕར་སྐབས།  གྲོ་མོ་རྫོང་གི་སློབ་འབྲིང་ནས་མོ་གཅིག་པུ་ནང་ལོགས་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད།  ད་ལྟ་མོས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་ལྗོངས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པ་དང་།  ད་དུང་སློབ་མའི་ཚོགས་པའི་ལས་བྱེད་ཀྱང་རེད།   ད་ལོར་མྱུར་དུ་མཐོ་རྒྱུགས་ལ་ཞུགས་དགོས་པས།  མོས་སློབ་ཆེན་བཟང་པོ་ཞིག་ལ་རྒྱུགས་འཕྲོད་ཐུབ་པར་ང་རང་ཧ་ཅང་ཡིད་ཆེས་ཡོད། ”ཅེས་ཟེར། 
ཀྲུའུ་ཞང་བུའུ་ཡིས་གཉེར་བའི་སྨན་ཚོང་ཁང་དང་སྨན་བཅོས་ཁང་།
            ལོ་ངོ་6གི་དུས་ཡུན་ནང་།  ཀྲུའུ་ཞང་བུའུ་ཡིས་པདྨ་གཡང་འཛོམས་གྱི་ཁྱིམ་ལ་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི་10ཡན་ཟིན་ཡོད།  ཀྲུའུ་ཞང་བུའུ་ཡིས་པདྨ་གཡང་འཛོམས་ལྟ་བུའི་སློབ་མ་5ལ་རོགས་སྐྱོར་བྱས་པ་སྟེ།  བོད་རིགས་སློབ་མ་3དང་རྒྱ་རིགས་སློབ་མ་2ཡོད།  ཀྲུའུ་ཞང་བུའུ་ཡི་མིག་ལམ་དུ་བརྩེ་བ་ལ་མི་རིགས་དང་ལོ་ཚོད་ཀྱི་དབྱེ་བ་མེད་ཅིང་།  གང་ལ་དགོས་མཁོ་ཡོད་ན་ཁོས་རོགས་སྐྱོར་གྱི་ལག་ཟུང་དེའི་ཕྱོགས་སུ་བརྐྱངས་ནས་རང་གི་ནུས་པ་ཡོད་ཚད་འདོན་ངེས།
            ཁོས་ཅིའི་ཕྱིར་དེ་ལྟར་བསྒྲུབ་དགོས་པ་གླེང་པའི་སྐབས་སུ། ཀྲུའུ་ཞང་བུའུ་ཡིས་དྲིན་གཟོ་ཞེས་པའི་ཡིག་འབྲུ་འདི་གཉིས་བརྗོད་བྱུང་།   ལོ་35ཡི་ཡར་སྔོན་དུ། སི་ཁྲོན་གྱི་ཕོ་གསར་ཀྲུའུ་ཞང་བུའུ་མཐའ་མཚམས་ཀྱི་གྲོང་ཁྱེར་ཆུང་ཆུང་འདིར་སླེབས་ནས་འཐབ་མོ་བ་གསར་པ་ཞིག་ཆགས།  དམག་ལ་ཞུགས་པའི་ལོ་དང་པོ་དེར་ཀྲུའུ་ཞང་བུའུ་ལ་རྨས་ཚབས་ཆེན་ཞིག་ཕོག་ནས་འདི་རུ་འཆི་ལ་ཁད་གྱུར།  སྐབས་དེར་བཤགས་བཅོས་བྱས་རྗེས་ས་དེའི་མང་ཚོགས་ཀྱིས་ཁོ་ལ་རང་གི་གཉེན་ཉེ་ལས་ཀྱང་གཅེས།  མང་ཚོགས་མང་པོ་ཞིག་གིས་ཁོ་ལ་ཟས་ལྡུད་པ་དང་། རྐང་པ་འཁྲུད་པ། ལུས་དྲེག་འཕུར་བ་སོགས་བྱས་ཏེ།  རིན་པ་ཅི་ཡང་མེད་པར་ཁོ་ལ་བདག་སྐྱོང་ཡག་པོ་བྱས།  ཀྲུའུ་ཞང་བུའུ་ཡིས་འཛུམ་དམུལ་དམུལ་སྒོས་བརྗོད་དོན།  “སྐབས་དེར་ཚང་མ་ལོ་བཅུ་གྲངས་ཉི་ཤུའི་བུ་མོ་ཆུང་ཆུང་ཏག་ཏག་ཡིན།  ད་ལྟ་ཚང་མ་ང་དང་འདྲ་བར་རྒས་འཁོགས་སུ་གྱུར་འདུག”ཅེས་ཟེར། 
ཀྲུའུ་ཞང་བུའུ་ཡིས་བྱམས་པ་ཐུབ་བསྟན་ཀྱི་ཁྱིམ་དུ་ནད་ལ་བརྟག་བཞིན་པ།
            རྨ་ཁ་སོས་རྗེས།  དམག་དཔུང་གི་བཀོད་སྒྲིག་འོག་ཀྲུའུ་ཞང་བུའུ་ནང་ལོགས་སུ་སོང་ནས་སློབ་སྦྱོང་དང་གསབ་སྦྱོང་ལ་ཞུགས་པ་དང་།  སྨན་པ་དང་སྨན་གཉེར་བའི་ལག་རྟགས་བླངས་ནས་ཕྱིར་གྲོ་མོར་སོང་།  རང་གི་དྲིན་ཆེན་དག་གི་གམ་དུ་སོང་ནས་སྨན་ཚོང་ཁང་དང་སྨན་བཅོས་ཁང་ཞིག་ཕྱེ།   སྨན་ཚོང་ཁང་དང་སྨན་བཅོས་ཁང་དེ་གཉེར་བའི་ཞོར་དུ་ས་གནས་དེའི་དབང་པོ་སྐྱོན་ཅན་དང་འགན་ལེན་ལྔའི་དུད་ཚང་།  མ་མཐའི་འགན་ལེན་གྲས་སུ་ཚུད་པའི་དུད་ཚང་དབུལ་པོ་དང་ས་ཆ་གཞན་ནས་ཡོང་བའི་ལས་ཀ་བ་རྣམས་ལ་རང་གི་འཇོན་ཚོད་ཀྱིས་སྨན་བཅོས་ཞབས་ཞུ་དང་སྨན་སྤྲད་པ་དང་།  དེ་མ་ཟད་ཞབས་ཞུ་དེ་དག་ནི་སྒྲིག་སྲོལ་དང་འོས་འགན་ཞིག་ཏུ་བརྩིས་ནས་ད་བར་རྒྱུན་བསྐྱངས།  ལོ་ངོ་མང་པོའི་རིང་ལ་འགྲོ་སོང་འདི་བསྡོམས་ན་སྒོར་ཁྲི་100ལྷག་ཟིན་ཡོད་ལ།  ཀྲུའུ་ཞང་བུའུ་ཡིས་རོགས་རམ་གནང་བའི་མི་བགྲང་ལས་འདས། 
ཀྲུའུ་ཞང་བུའུ་སྨན་ཚོང་ཁང་དུ་ཡོད།
            གྲོ་མོ་རྫོང་སྤྱི་མིན་དཔལ་འབྱོར་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཀྲུའུ་ཞང་བུའུ་ཡིས་ད་དུང་ཏང་ཡོན་གྱི་མིག་དཔེའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་།  གྲོ་མོའི་“9.18”ཡི་ས་འགུལ་བྱུང་རྗེས་ཐོག་དང་པོར་ཁོས་སྤྱི་མིན་དཔལ་འབྱོར་ཀྱི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་མིས་གྲུབ་པའི་ས་འགུལ་གནོད་སྐྱོན་སེལ་བའི་དང་ལེན་པའི་ཞབས་ཞུའི་རུ་ཁག་རྩ་འཛུགས་བྱས་ཏེ།   གྲོ་མོའི་རྫོང་མཁར་གྱི་ལྟེ་བར་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས།  སྤྱི་མིན་དཔལ་འབྱོར་ཏང་ཀྲི་པུའུ་ཡི་ཏང་ཡོན་གྱིས་སྨན་བཅོས་ལག་རྩལ་དང་།  གློག་ཆས་ཞིག་གསོ།  སྐྲ་བཞར་ཐུབ་པ་སོགས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ།  རིན་མེད་སྒོས་འོས་འགན་སྨན་བཅོས་དང་།  རིན་མེད་ངང་སྐྲ་བཞར་བ། རིན་མེད་ངང་ས་འགུལ་ཁྲོད་ཆག་པའི་གློག་ཆས་ཀྱི་སྒྲིག་ཆས་སོགས་ཞིག་གསོ་བྱས།  ཚང་མས་སུ་ལ་དཀའ་ངལ་ཡོད་ན་ཚང་མས་དེ་ལ་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་གྱི་སྤྱོད་བཟང་ཁྱབ་སྤེལ་བྱེད་པར་སྐུལ་སློང་བྱས་ཏེ།  སྔ་གཞུག་ཏུ་ཏང་ཡོན་མང་ཚོགས་རྩ་འཛུགས་སྒོས་“5.12”དང་“9.18”“4.25”བཅས་ཀྱི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་དང་།  ཏང་ཡོན་དབུལ་པོ།   དུད་ཚང་དབུལ་པོ་བཅས་ལ་སྒོར་ཁྲི་135ཞལ་འདེབས་སུ་ཕུལ།   2016ལོའི་ཟླ་11པར།  ཁོས་སྤྱི་མིན་དཔལ་འབྱོར་ཏང་ཀྲི་པུའུ་ཡི་ཏང་ཡོན་རྩ་འཛུགས་བྱས་ནས་རྫོང་གི་འགན་ལེན་ལྔའི་དུད་ཚང་གི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ལ་ཟབ་ཞུགས་སྒོས་རྒན་རྒོན་བདག་མེད་ལ་འཚམས་འདྲི་ཞུ་བ་དང་།  རྒན་རྒོན་བདག་མེད་ལ་རིན་མེད་པའི་སྒོ་ནས་སྨན་བཅོས་བྱས་ལ།   ད་དུང་རིན་ཐང་སྒོར་ཁྲི་2ལྷག་ཡིན་པའི་རྒྱུན་སྤྱོད་སྨན་རིགས་དང་རིན་ཐང་སྒོར་ཁྲི་2ལྷག་ཡིན་པའི་སྟོད་གོས་སྤུ་མ་སྦྱིན།
            རྒྱ་རིགས་དང་བོད་རིགས་ནི་ཨ་མ་གཅིག་གི་བུ་ཕྲུག་ཡིན།  འདི་ནི་ཀྲུའུ་ཞང་བུའུ་ཡིས་ལོ་30ལྷག་གི་རིང་ལ་རོགས་སྐྱོར་བྱས་པའི་རྒན་རྒོན་ཚོས་བརྗོད་པའི་སྐད་ཆ་ཞིག་རེད།   རྫོང་མཁར་ཆུང་ཆུང་འདི་རུ་ཉིན་རེ་བཞིན་འདི་ལྟ་བུའི་གཏམ་རྒྱུད་སྣ་ཚོགས་འབྱུང་བཞིན་ཡོད།  ད་ལོའི་ཟླ་3པར།  གྲོ་མོ་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ་དང་། མཐའ་མཚམས་གྲོ་མོ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་དེ་གྲོང་ཁྱེར་ཡོངས་སུ་ཁེངས།