ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཐའ་མཚམས་གྲོང་ཚོ་དང་པོའི་རྒྱལ་ཁབ་དང་ཁྱིམ་གཞིས་ཀྱི་བརྩེ་སེམས།

སྤེལ་དུས 2019-05-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་ངོ40སྔོན་དུ་ལོ20ལྷག་ཙམ་ལ་སླེབས་པའི་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་རྡོ་རྗེ་ཚེ་དབང་ནི་ཕྱུགས་འཚོས་ནས་མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་ལམ་བུར་སྐྱོད་ཅིང་། ཁོ་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དང་བར་ཐག་སྤྱི་ལེ11ཡོད་པའི་དཀྱིལ་རུ་གྲོང་ཚོར་འཚོ་བ་རོལ་བ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་གྲོང་ཚོ་འདི་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་ཅིང་། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་དང་བར་ཐག་སྤྱི་ལེ5ལས་མེད་པ་དང་། དེར་སྤྱི་ལེ30ལྷག་གི་མཐའ་མཚམས་ལམ་ཐིག་ཡོད་པས“མཐའ་མཚམས་ཀྱི་གྲོང་ཚོ་ཨང་དང་པོ”ཞེས་འབོད་ཀྱི་ཡོད། 
འདི་ནི་འཕྲུལ་རྟར་ཞོན་བཞིན་པའི་རྒད་པོ་རྡོ་རྗེ་ཚེ་དབང་རེད།
            སྐབས་དེའི་སྐྱིད་རུ་གྲོང་ཚོར་གློག་དང་ཆུ། འགྲོ་ལམ་སོགས་མེད་པས་འཚོ་བའི་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན། རྡོ་རྗེ་ཚེ་དབང་གིས་རྐང་པ་གཉིས་ལ་བརྟེན་ནས་ཕྱུགས་འཚོས་ཏེ་མཐའ་མཚམས་ལ་སྐོར་གཡེང་བྱས་པར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ཁོས་རྒྱབ་ཏུ་བྲོ་འཁུར་ནས་སྐོར་ཞིབ་ཀྱི་ལམ་དུ་སྐྱོད་ཅིང་། སྐོར་ཞིབ་བྱེད་ཐེངས་གཅིག་ལ་ཉིན་གཉིས་ཀྱི་ལམ་ཐག་འགྲོ་དགོས་པས་ཉིན་དང་པོར་གྲོང་ཚོའི་རི་མཐོའི་འབྲོག་སར་འབྱོར་གྱི་ཡོད་པ་དང་། མཚན་མོར་ཕྱུགས་རའི་ནང་སྡོད་ཀྱི་ཡོད་པས་ལོ་ཆུང་རྡོ་རྗེ་ཚེ་དབང་ཡང་ཅུང་ཙམ་སྐྲག་དངངས་སྐྱེས་ཀྱི་ཡོད།      
འདི་ནི་དམག་དམངས་ཀྱིས་སྐོར་ཞིབ་བྱེད་པའི་ལམ་དུ་མཉམ་དུ་སྐོར་གཡེང་བྱེད་པའི་རྣམ་པ་རེད།
འདི་ནི་འབྲོག་པས་མཐའ་མཚམས་ཀྱི་ཉེ་འགྲམ་དུ་ལུག་འཚོ་བཞིན་ཡོད་པ་རེད།
            ལོ་ངོ40ཡི་དུས་ཡུན་ནང་། རྡོ་རྗེ་ཚེ་དབང་གིས་རྐང་ཐང་ནས་རྟ་ཞོན་པ་དང་། དེ་ནས་འདྲུད་འཐེན་འཁོར་ལོ་བསྐོར་བ་ནས་དེ་རིང་གི་འཕྲུལ་རྟ་ཞོན་ནས་མཐའ་མཚམས་སུ་སྐོར་གཡེང་བྱས་ཤིང་། སྔོན་ཆད་ཀྱི་ཉིན་གཉིས་ནས་ད་ཆའི་ཆུ་ཚོད་དྲུག་ཏུ་གྱུར་བའི་སྐོར་ཞིབ་བྱེད་པའི་ལོ་ཟླའི་ནང་རྡོ་རྗེ་ཚེ་དབང་གིས་དཀྱིལ་རུ་གྲོང་ཚོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ལ་བདེན་དཔང་བྱས་པ་སྟེ། དེ་སྔོན་གྱི“མེད་པ་གསུམ”(ཆུ་མེད་པ་དང་།གློག་མེད་པ།འགྲོ་ལམ་མེད་པ)གྲོང་སྡེ་ནས་ད་ལྟའི་ཆུ་དང་། གློག་ཡོད་པ་དང་།  བགྲོད་ལམ་ཤར་གཏོང་ཐུབ་པའི་བར་དང་། ཁང་པ་ཐོག་བརྩེགས་ཉིས་ཐོག་ཅན་དང་སྲ་ལམ་རེ་རེ་བཞིན་གྲལ་སྟར་སྒྲིག་པ། སྦྲག་སྲིད་སྡེབ་སྐྱེལ་གྲོང་ཚོ་ནས་གྲོང་ཚོར་ཁྱབ་པ་བཅས་ཀྱི་འགྱུར་བ་བྱུང་སྟེ་དཀྱིལ་རུ་གྲོང་ཚོར་སྔར་བྱུང་མྱོང་མེད་པའི་སྐྱེས་སྟོབས་འབར་བཞིན་ཡོད། 
འདི་ནི་འཕྲུལ་རྟ་ཞོན་པའི་སྐོར་གཡེང་རུ་ཁག་གི་རུ་མི་རེད།
            འཕྲུལ་རྟ་སྐོར་གཡེང་རུ་ཁག་གི་རུ་དཔོན་རྡོ་རྗེ་ཚེ་དབང་གིས་ད་ལྟ་སྔར་བཞིན་མཐའ་སྲུང་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་དང་། ལོ65ལ་སླེབས་པའི་ཁོང་གི་གཟུགས་པོ་སྔར་བཞིན་ཐང་པོ་ཡིན་ཏེ། ཁོ་རང་འཕྲུལ་རྟར་ཞོན་ཚེ་ན་གཞོན་དུས་སྐབས་ཀྱི་ཉམས་འགྱུར་དང་ཧ་ཅང་འདྲ་པོ་ཡོད།  རྡོ་རྗེ་ཚེ་དབང་གིས་བཤད་རྒྱུར“2018ལོར་ཀྲུང་གོ་རྫས་འགྱུར་ཚོགས་པས་ང་ཚོར་འཕྲུལ་རྟ100ལྷག་ཞལ་འདེབས་སུ་ཕུལ་ཞིང་། གྲོང་མི་ཚོས་རང་རྟོགས་ཀྱིས་འཕྲུལ་རྟ་སྐོར་གཡེང་རུ་ཁག་བཙུགས་ཏེ་འོས་བབས་ཀྱིས་མཐའ་མཚམས་སུ་སྐོར་སྐྱོད་བྱེད་པའི་ལས་ཀ་སྤེལ་བ་རེད།  ད་ཆ་ང་ཚོས་ཉིན་ལྟར་མི་བཅུ་ཡས་མས་ཀྱི་འཕྲུལ་རྟ་སྐོར་གཡེང་རུ་ཁག་གི་ཡན་ལག་རུ་ཁག་མངགས་ནས་སྐོར་གཡེང་བྱེད་ཀྱི་ཡོད་པ་དང་། ང་ཚོས་སྔོན་ཆད་རྐང་ཐང་དུ་སོང་ནས་སྐོར་གཡེང་བྱེད་པའི་ནུས་ཚད་ལས་ལྡབ་བརྒྱ་འགྱུར་གྱི་འཕེལ་ཞིང་། འཕྲུལ་རྟའི་མཐའ་སྲུང་ལས་གཞན་ཕྱུགས་འཚོ་བའི་གྲོང་མི་ཚང་མ་མཐའ་སྲུང་སྐོར་གཡེང་བྱེད་མཁན་ཡིན”ཞེས་བཤད།
འདི་ནི་དང་ཐོག་མཐའ་མཚམས་ཀྱི་འཐབ་སར་བཅའ་སྡོད་བྱས་པའི་དཔོན་དམག་གིས་གནས་སྐབས་གཡར་འདུག་བྱས་པའི་ལུག་རྭ་རེད།
            མིག་སྔར་སྐྱིད་རུ་གྲོང་ཚོར་བསྡོམས་པས་དུད་ཚང་142ཡོད་པ་དང་། ཁྱོན་བསྡོམས་མི་གྲངས542ཡོད་པའི་ནང་རྒྱ་བོད་ཟུང་འབྲེལ་གྱི་ཁྱིམ་ཚང7ཡོད། བོད་རིགས་གྲོང་མིས་རྒྱ་སྐད་སྦྱོང་བ་དང་། རྒྱ་རིགས་དཔོན་དམག་གིས་བོད་སྐད་སྦྱངས་ཏེ་ཁོང་ཚོས་ཁ་བརྡ་དང་འབྲེལ་འདྲིས་བྱ་བའི་ཁྲོད་མི་རིགས་མཐུན་སྒྲིལ་ཡོང་བ་སྲ་བརྟན་དུ་བཏང་ཡོད། དང་ཐོག་མཐའ་མཚམས་ཀྱི་འཐབ་སར་བཅའ་སྡོད་བྱས་པའི་དཔོན་དམག་ཚོས་གནས་སྐབས་སུ་འབྲོག་པའི་ལུག་རྭའི་ནང་གཡར་འདུག་བྱས་ཤིང་། ལུག་རྭའི་ནང་དྲི་མ་ཆེ་བ་དང་བརླན་ཆེ་བས་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན། དཔོན་དམག་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་གྲོང་མི་རྣམས་དང་མཉམ་དུ་སྐོར་སྐྱོད་བྱས་ཏེ་མཉམ་ཟ་མཉམ་འདུག་བྱས། ཁོ་ཚོས་གྲོང་མིར་ནད་གཞི་ཕོག་པའི་ལུག་་ལ་སྐྱོབ་བཅོས་བྱེད་རོགས་བྱས་པ་དང་། གྲོང་མིར་འཐུང་ཆུ་འཁྱེར་བ་དང་། ནད་ཕོག་པའི་གྲོང་མིར་སྨན་རྫས་མཁོ་འདོན་སོགས་བྱས་པས་དམག་དམངས་ཀྱི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་སོང་།རྡོ་རྗེ་ཚེ་དབང་གིས་གསར་འགོད་པར་དེ་སྔ་ཕྱུགས་འཚོ་སྐབས་མཐའ་མཚམས་དང་བར་ཐག་སྤྱི་ལེ་གཉིས་ཙམ་ཡོད་པའི་ས་ཆ་ལས་འགྲོ་མི་ཕོད་ཅིང་། ད་ལྟ་ཁོ་ཚོ་མི་དམངས་ཀྱི་དམག་མི་རྣམས་དང་མཉམ་དུ་ཡོད་པ་དང་། ཁོང་ཚོ་ད་ལྟ་མཐའ་མཚམས་ཐིག་གི་འགྲམ་དུ་སྐྱོད་ཅིང་ལུག་ཁྱུར་རྩྭ་ཡག་པོ་བཟའ་རྒྱུ་བྱུང་བས། ཁོང་ཚོའི་རྒྱབ་ཏུ་སྟོབས་ཆེ་བའི་མེས་རྒྱལ་ཡོད་པས་སྐྲག་གིན་མེད་ཅེས་བཤད་།
འདི་ནི་སྐོར་ཞིབ་ལམ་དུ་དམག་དམངས་གིས་མཉམ་དུ་ངལ་གསོས་ཏེ་ཟ་མ་ཟ་བཞིན་ཡོད་པའི་རྣམ་པ་རེད།
            སྐྱིད་རུ་གྲོང་ཚོའི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི5000ལྷག་ཙམ་ཟིན་པ་དང་། འབྲོག་རའི་ནང་དུ་སྤུས་ལེགས་ཀྱི་རི་མཐོའི་ཕྱུགས་རྩྭ་སྐྱེས་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ཁོར་ཡུག་གིས་གནས་དེ་གར་སྤུས་ལེགས་པའི་གམ་པ་ལུག་རིགས་བྱུང་དུ་བཅུག་ཡོད།
            མིག་སྔར་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་སུ་གྱུར་པའི་གམ་པ་ལུག་ནི་གྲོང་མིའི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེ་ཤོས་ཤིག་ཡིན་པ་དང་། རིགས་བཟང་དེར་དམིགས་ནས་སྐྱིད་རུ་གྲོང་ཚོས་ལུག་གསོ་མཉམ་ལས་ཁང་བཙུགས་ཏེ། གྲོང་མིས་མ་རྐང་ནང་ཞུགས་ཀྱི་རྣམ་པའི་ཐོག་ནས་མཉམ་ལས་ཁང་ནང་ཞུགས་ཏེ་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་དོ་དམ་དང་ཁེ་སྤོགས་བགོ་བ་རེད། མཉམ་ལས་ཁང་ལ་ད་ལྟ་འབྲོག་པ་དུད་ཚང130ལྷག་ཙམ་ཡོད་པ་དང་། ལུག8000ལྷག་ཙམ་དང་། ལུག་ཁྱུ21ཡོད་པ་རེད། མིག་སྔར་ལུག200ལྷག་ཙམ་ལ་དུས་ཐུང་རྒྱགས་གསོས་ལེགས་འགྲུབ་བྱུང་ཞིང་། རྩྭ་གཟན་ལུག་གཅིག་གི་རིན་གོང་སྒོར1000ཡས་མས་ཡིན་པ་དང་། གསོས་ལུག་གཅིག་ལ་སྒོར800ཡས་མས་ཡིན། རྩྭ་གཟན་ལུག་དང་གསོས་ལུག་ཕྱིར་འཚོང་བྱེད་པ་ཕུད། ད་དུང་བལ་སོགས་ཀྱི་ཞོར་དངོས་ཐོན་རྫས་ཀྱང་ཕྱིར་འཚོང་བྱེད་ཀྱི་ཡོད།     
འདི་ནི་འབྲོག་པས་ཁྱུ་དང་ཁྱུ་བྱས་པའི་གམ་པ་ལུག་འཚོ་བཞིན་པའི་རྣམ་པ་རེད།
            ད་ལྟའི་འཚོ་བའི་སྐོར་གླེང་སྐབས་རྡོ་རྗེ་ཚེ་དབང་གིས“ད་ཆ་གྲོང་མི་ཚོས་ཏང་གི་སྲིད་ཇུས་ཡག་པོ་ཡོད་པར་དྲིན་ཚོར་གྱི་ཡོད་ཅིང་། འདི་འདྲིའི་བརྟན་འཇགས་དང་བདེ་སྐྱིད་ཀྱི་འཚོ་བ་ཡོད་པས་མི་རེ་རེ་ཕྱུགས་འཚོས་ནས་སྐོར་གཡེང་བྱེད་པའི་ཁྲོད་དུ་ཞུགས་ཏེ་མཐའ་མཚམས་ཡག་པོར་སྲུང་བ་དང་། ས་ཡག་པོར་བརྟན་པོར་སྲུང་ནས་འཚོ་བ་ཡག་པོ་སྐྱེལ་བར་འདོད”ཅེས་བཤད། མིག་སྔར་དཀྱིལ་་རུ་གྲོང་ཚོར་སློབ་ལོ་རེར་སྒོར3500ཡི་ཀྲུང་གོའི་རྫས་འགྱུར་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སྒོར་4000ཡི་སློབ་ཆེན་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཡོད་པས། སློབ་ཆེན་སློབ་མ་ཚང་མ་བདེ་བླག་ངང་སློབ་གྲྭ་ནས་ཐོན་པར་འགན་ལེན་བྱས་ཡོད། སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་ཅིང་གྲོང་མིའི་འགན་བཅོལ་རྩིས་ཞུ་བྱས་རྗེས་སླར་ཡང་སྨན་བཅོས་རོགས་སྐྱོབ་བརྒྱུད་ནས་སྨན་བཅོས་ཀྱི་འགྲོ་གྲོན་ཚང་མ་རྩིས་ཞུ་བྱེད་ཆོག་པ་དང་། ལོ་རེར་སྒོར3500ཡི་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དང་། མི་རེར་ཆ་སྙོམས་སྒོར1100ཡི་རྩྭ་རའི་བྱ་དགའ་དང་ལོ་རེར་སྒོར3700ཡི་མཐའ་མཚམས་མི་སེར་གྱི་ཁ་གསབ་བཅས་ཡོད་པས་གྲོང་མིའི་ཡོང་འབབ་ཆེས་ཆེར་འཕར་བ་དང་། གྲོང་མིའི་རྒན་གསོའི་འགན་བཅོལ་ཁྱབ་ཚད100%རུ་སླེབས་ཡོད།         
འདི་ནི་ནི་དཀྱིལ་རུ་གྲོང་ཚོ་རེད།
            ཡོང་འབབ་སྐོར་གླེང་སྐབས་རྡོ་རྗེ་ཚེ་དབང་གིས་འཛུམ་དམུལ་དམུལ་ངང“ད་ལྟ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཙམ་ཡོད་པས། ང་རང་ཡིད་ཧ་ཅང་ཚིམ་པོ་ཡོད། ང་ཚོས་ད་ལྟ་སྒྲུབ་དགོས་པ་ནི ‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཀྱི་འཛུགས་སྐྲུན་པ’ཡག་པོ་ཞིག་བྱས་ཏེ། མཐའ་མཚམས་བརྟན་སྲུང་གིས་མེས་རྒྱལ་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་ནས་ང་ཚོའི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་ལེགས་སུ་གཏོང་དགོས”ཞེས་བཤད།