ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཁག་དྲུག་པའི་དགའ་འོས་པའི་གྲུབ་འབྲས།

སྤེལ་དུས 2019-05-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་རེད།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་ཀྱི་བོད་སྐྱོར་ལས་བྱེད་པ་ཐུན་མོང་ཐོག་བརྗེ་རེས་བྱེད་པའི་དུས་སུ་སླེབས་ཤིང་། སྐབས་འདིའི་བོད་སྐྱོར་ལས་བྱེད་པས2016ལོའི་ཟླ6པར་བོད་དུ་ལས་ཀ་བྱེད་པར་ཡོང་བ་ནས་བཟུང་། གཞིས་རྩེ་འཛུགས་སྐྲུན་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་འཚོ་བ་དང་སྐད་ཡིག་སོགས་ཐད་ཀྱི་དཀའ་ངལ་ཧུར་ཐག་སྒོས་ཁྱད་བསད་བྱས་ཏེ་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་ཡོད།
           རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ཧྲང་ཧའེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར15.8བཏང་ནས་རྣམ་གྲངས338ལག་བསྟར་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར11.1བཏང་ནས་རྣམ་གྲངས263ལག་བསྟར་བྱས་པ། ཧེ་ལུང་ཅང་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར2.33བཏང་ནས་རྣམ་གྲངས61ལག་བསྟར་བྱས་པ་དང་། ཅི་ལིན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར1.8བཏང་ནས་རྣམ་གྲངས41ལག་བསྟར་བྱས་པ། ཀྲུང་གོ་པའོ་ཝུའུ་ཚོགས་པས་མ་དངུལ་སྒོར་ཁྲི8139བཏང་ནས་རྣམ་གྲངས12ལག་བསྟར་བྱས་ཤིང་། ཀྲུང་གོ་ཀྲུང་ཧྭ་རྫས་འགྱུར་ཚོགས་པས་མ་དངུལ་སྒོར་ཁྲི4850བཏང་ནས་རྣམ་གྲངས30ལག་བསྟར་བྱས། 
འདི་ནི་གཞིས་རྩེ་གྲོང་ཁྱེར་ཅི་ལིན་སྤྱི་གླིང་རེད།
           བོད་སྐྱོར་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་གཞིས་རྩེ་འདི་ཉིད་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་ནས་ཧུར་ཐག་སྒོས་གཞིས་རྩེའི་སྒྱུར་བཅོས་དང་འཛུགས་སྐྲུན་བྱ་གཞག་ཁག་ནང་ཞུགས་ཤིང་། ད་ལོ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཅི་ལིན་ཞིང་ཆེན་དང་མཉམ་འབྲེལ་བྱས་ནས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་སྤེལ་ཏེ་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 
           2002ལོའི་ཟླ7པར་ཅི་ལིན་ཞིང་ཆེན་གྱིས་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་བོད་དུ་མངགས་ནས་གཞིས་རྩེའི་གཏིང་སྐྱེས་དང་། ས་སྒར། སྐྱིད་གྲོང་བཅས་རྫོང་གསུམ་ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད། ལོ་ངོ17རིང་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་ཁག་དྲུག་དང་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ241ཡིས་བོད་སྐྱོར་བྱས་པ་བརྒྱུད་ཁོང་ཚོའི་མི་ཚེའི་རིན་ཐང་མངོན་ཏེ་གཞིས་རྩེ་དང་འབྲེལ་བ་ཟབ་མོ་ཆགས་ཤིང་།  འདི་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་རི་ཆུ་སྟོང་ཕྲག་གིས་བརྒལ་བའི་བརྩེ་སེམས་ཆགས་ཡོད།
འདི་ནི་གཞིས་རྩེ་གྲོང་ཁྱེར་ཅི་ལིན་སྤྱི་གླིང་རེད།
           ལོ་ངོ17རིང་། ཅི་ལིན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར10.04བཏང་ནས་རྣམ་གྲངས357ལག་བསྟར་བྱས་པར་ཕན་འབྲས་བཟང་པོ་ཐོབ་ཡོད་ཅིང་།  2016ལོ་ནས་བཟུང་བོད་སྐྱོར་ལས་བྱེད་པས་ལོ་གཅིག་རིང“རྨང་གཞི་འདིང་བ་དང་གཟུགས་བརྙན་གཏོད་པ”དང་། ལོ་གཉིས་ཀྱི་ནང“སྐས་རིམ་འཛེགས་པ་དང་ཕན་འབྲས་དངོས་ཐོན་པར་བརྩོན་པ” ལོ་གསུམ་ནང“བརྩོན་པ་ཧུར་ཐག་བསྐྱེད་ནས་རྩེ་གྲ་བརྩོན་ལེན་བྱེད་པའི”ལས་ཀའི་དམིགས་ཚད་གཞིར་བཟུང་ནས་བོད་སྐྱོར་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གནང་བ་རེད།
           རྣམ་གྲངས་འཛུགས་སྐྲུན་ཐད་ཅི་ལིན་ཞིང་ཆེན་གྱིས་འཆར་གཞིའི་ནང་གི་བོད་སྐྱོར་མ་དངུལ་གྱི83%རྫོང་ཁག་གསུམ་དུ་བཀོལ་བ་དང་། 87%དམངས་འཚོའི་ལས་གྲྭའི་བཀོལ་སྤྱོད་བྱས་པ་རེད། དེ་དང་ཆབས་ཅིག་འཆར་གཞིའི་ནང་མ་ཚུད་པའི་མ་དངུལ་རྣམ་གྲངས་ཧུར་ཐག་བསྒྲུབས་ནས་མ་དངུལ་སྒོར་ཁྲི2200བཏང་ནས་དཀོན་མཆོག་གླིང་མཚེའུ་ཡི་ཆུའི་སྣོད་བཅུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་ཏེ“ཅི་ལིན་ཨང་དང་པོའི”སྲུང་སྐར་གྱིས་བོད་ལྗོངས་ལ་ཞབས་འདེགས་ཞུ་བ་དང་། ཚད་བརྒལ་ཡང་བའི་འཐབ་རྩལ་གྱི་རླངས་འཁོར་གསར་སྤེལ་དང་།  སྲོ་ལོ་དམར་པོ་འདེབས་འཛུགས་མཉམ་ལས་དང་། སློབ་གསོའི་ཐོན་ཁུངས་ལ་རྒྱང་ནས་ཕན་འདོགས་པའི་རོགས་སྐྱོར། རྒྱང་ཁྲིད་སྨན་བཅོས་འཛུགས་སྐྲུན་རྣམ་གྲངས། “དུས་རབས་གསར་པའི་eཀྲི་པུའུ”མཉམ་སྐྲུན་དང་། ས་ཁུལ་གཉིས་པོའི་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཕན་ཚུན་བརྒྱུད་གཏོང་སོགས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་རེད།  
འདི་ནི་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་རེད།
           ཁེ་ལས་ནང་འདྲེན་གྱི་ཐད་ནས་ཅི་ལིན་ཞིང་ཆེན་ཆུ་གྲོན་ཆུང་གི་ཆུ་འདྲེན་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིས་གཞིས་རྩེ་གྲོང་ཁྱེར་དུ་ཡན་ལག་ཀུང་སི་ཐོ་འགོད་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ནས་རྒྱལ་རྩེ་རྫོང་གི་ནུས་ཆེའི་ཆུ་གྲོན་ཆུང་གི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བཙུགས་ཤིང་།  ད་ལྟ་དུས་ཐེངས་དང་པོའི་ལས་གྲྭ་མུའུ10000དང་དེ་བཞིན་ཆུ་འདྲེན་མ་ལག་ལས་གྲྭ་དང་། ཆུ་ལམ་བཅོས་སྐྱོང་དང་ཆུ་རགས་འགོག་སྲུང་གི་ལས་གྲྭ་ལེགས་གྲུབ་ཟིན་པ་རེད། ཐུང་ཧྭ་ཡུས་ཧྲེང་སྨན་ལས་མ་རྐང་ཚད་ཡོད་ཀུང་སིས་གཞིས་རྩེ་གྲོང་ཁྱེར་དུ་སྲོ་ལོ་དམར་པོ་སོགས་ཀྱི་སྨན་རྫས་ཚོད་འདེབས་བྱས་པ་རེད།
           ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ནས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་ལ་རིགས་ཁག་གི་ཤེས་ལྡན་མི་སྣ་མི་ཐེངས་3000ལྷག་ཙམ་གསོ་སྦྱོང་བྱས་པ་དང་། “ཁྲང་པའེ་རི་བོ་དང་ཇོ་མོ་གླང་མའི་དབར་གྱི་གླེང་མོལ”ཞེས་པ་སྤེལ་ཏེ་ཅི་ལིན་སྒྱུ་རྩལ་སློབ་གླིང་གི་དགེ་སློབ40གདན་འདྲེན་ཞུས་ནས་ཁྲོམ་གཞུང་གི་གྱང་གཟུགས་རི་མོ་བྲིས་ཤིང་། ཁྲང་པའེ་རི་བོའི་གཅེས་སེམས་སློབ་གསོའི་ཐེབས་རྩ་བཙུགས་ཏེ། ཡ་ཐའེ་ཚོགས་པའི་ཅི་ལིན་སྨན་རྫས་ཚོང་ཁང་ཆེན་མོས་གཏིང་སྐྱེས་དང་། སྐྱིད་གྲོང་། ས་དཀར་བཅས་རྫོང་གསུམ་གྱི་གྲོང་ཚོ172ལ“ཅི་ལིན་སྨན་སྒམ”སྤྲད་པ་རེད།
           ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་དྲུག་པའི་སྤྱི་ཁྱབ་རུ་སྣེ་པ་དང་། ད་ལྟ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཤང་མིང་གིས་བཤད་རྒྱུར།“སྐབས་འདིའི་བོད་སྐྱོར་ལས་དོན་གྱི་མཇུག་འགྲིལ་གྲབས་ཡོད་མོད། འོན་ཀྱང་ང་ཚོ་གཞིས་རྩེ་ནས་ད་རུང་འདུག་འདོད་ཅིང་། བོད་སྐྱོར་ལས་དོན་ད་དུང་ཡག་པོ་བསྒྲུབས་མེད་ལ། འདི་གའི་འགོ་ཁྲིད་དང་བློ་མཐུན་ཚོ་དང་ད་རུང་འབྲེལ་འདྲིས་ཡག་པོ་བྱེད་དགོས།  ཡིན་ཡང་ང་ཚོ་འགྲོ་དགོས་བྱུང་། ང་ཚོ་མི་རེ་རེའི་སེམས་ཁོང་ནས་འབྲལ་མི་ཐུབ་པར་ཡིད་ཆགས་པའི་བརྩེ་བས་ཁེངས་ཡོད་ཅིང་། ང་ཚོས་ནམ་ཡང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་གཞིས་རྩེའི་མི་དམངས་བར་གྱི་མཛའ་བརྩེ་ཟབ་མོར་གཅེས་སྤྲས་བྱེད་ངེས་ཡིན”ཞེས་བཤད།