ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ད་ལོར་བོད་ལྗོངས་གཞིས་ཀ་རྩེའི་ཇོ་མོ་གླང་མ་རིག་གནས་དུས་ཆེན་ལ་བྱེད་སྒོ་36སྤེལ་རྒྱུ་རེད།

སྤེལ་དུས 2019-05-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་20ཉིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་བཅུ་བདུན་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཇོ་མོ་གླང་མའི་སྒར་ཆེན་རུང་སྤུ་སྒར་དུ་འཚོགས་པ་རེད། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་བསྒྲུབས་པའི་དུས་སྟོན་གལ་ཆེན་ཞིག་ཡིན་པའི་ཆ་ནས་ད་ལོའི་བར་དུ་སྐབས་16བདེ་བླག་ངང་སྤེལ་ཡོད་ཅིང་། ད་ལོར་གཞིས་ཀ་རྩེ་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་བྱེད་སྒོ་36གཅིག་རྗེས་གཉིས་མཐུད་ངང་སྤེལ་འཆར་རེད། 
པར་འདི་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་བཅུ་བདུན་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་ཡིན།
           ཟླ་5པའི་ཚེས་28ཉིན་ནས་ཟླ་6པའི་ཚེས་2ཉིན་བར་ནི་ཅི་ལིན་ཞིང་ཆེན་གྱི་བྱེད་སྒོའི་གཟའ་འཁོར་ཡིན་ལ། དེའི་ནང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་བྱེད་སྒོ་12བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་ལ་དབུ་འབྱེད་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན། ཚོང་འགུག་དངུལ་འདྲེན། ཡུལ་སྐོར་འོས་སྦྱོར་ཚོགས་འདུ། གཞིས་ཀ་རྩེའི་ཆེད་དོན་རིག་རྩལ་འཁྲབ་སྟོན། ཇོ་མོ་གླང་མ་ཡུལ་སྲོལ་འགྲེམ་སྟོན། གཞིས་ཀ་རྩེའི་ཐང་ག་སྒྱུ་རྩལ་འགྲེམ་སྟོན། “འདོད་འབྱུང་གཞིས་རྩེ”ཡིག་རིས་པར་རྩལ་འགྲེམ་སྟོན། ཅི་ལིན་བོད་སྐྱོར་གྲུབ་འབྲས་པར་རིས་འགྲེམ་སྟོན། རིག་གནས་རྣམ་གྲངས་རྟོག་ཞིབ། རིག་གནས་ཡུལ་སྐོར་རྣམ་གྲངས་རྟོག་ཞིབ། མཇུག་བསྡུ་བའི་མཛད་སྒོ་བཅས་འདུས་པ་རེད། 
           ཟླ6པའི་ཚེས་18ཉིན་ནས་ཚེས་24ཉིན་བར་གཞིས་ཀ་རྩེའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཁག་24བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་སྐབས་བཞི་པའི་“ཇོ་མོ་གླང་མའི་ཕོ་ཉ”ཞེས་པའི་ཡུལ་སྐོར་སྣང་བརྙན་གྱི་ངོ་ཚབ་དཔྱད་འདེམས་འགྲན་སྡུར་ཆེན་མོའི་རྟིང་རྩོད་དང་། “བོད་སྐྱོར་ལམ་བུར་བསྐྱར་དུ་འགྲིམ། བོད་སྐྱོར་བརྩེ་སེམས་ཉམས་སུ་ལེན”ཞེས་པའི་བོད་སྐྱོར་མཚམས་འདྲིའི་བྱེད་སྒོ། པ་སྣམ་རྫོང་གི་སྐབས་དགུ་པའི་སིལ་ཏོག་དང་སྔོ་ཚལ་འཐོག་པའི་དུས་ཆེན། རྫོང་(ཁུལ)18ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལས་ཨེ་ཤ་ཡ་ལྷོ་མའི་ཁྱད་ལྡན་ཐོན་རྫས་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་། དྲ་གྲགས་ཅན་བརྒྱ་ཡིས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ལྟ་བཞིན་བརྙན་ལེན་པ། “མགོ་སྐྲ་དཀར་པོའི་བར་དུ་ལག་འཇུ་བྱེད•ཇོ་མོ་བླ་རིར་མཛའ་གྲོགས་སྒྲིག་”ཅེས་པའི་ཡུལ་སྐོར་པར་ལེན་བྱེད་སྒོ། ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ། གན་འཇོག་མཛད་སྒོ། “དམངས་ཀྱི་གར་སྟེགས་ཆེན་མོར་ཚང་མ་མཉམ་དུ་ཕེབས”ཞེས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་སྐོར་བྲོ། སྐབས་གཉིས་པའི་ཇོ་མོ་གླང་མ་ཟས་མཆོག་དུས་ཆེན། ཅི་ལིན་ཞིང་ཆེན་སྣོད་བཅུད་ཟས་རིགས་འགྲེམ་སྟོན། “གཞིས་ཀ་རྩེའི་ལེགས་སྐྱེས་”ཞེས་པའི་ཡུལ་སྐོར་ཚོང་ཟོག་(དྲན་རྟེན)འོས་སྦྱོར་དང་ཡུལ་སྐོར་དྲན་རྟེན་གསར་གཏོད་ཇུས་འགོད་འགྲན་སྡུར་ཆེན་མོ། སྐབས་གསུམ་པའི་ལྷ་མོའི་གཞས་གདངས་འགྲན་སྡུར་དང་ལྷ་མོའི་ཟློས་གར་འཁྲབ་སྟོན། གཞིས་ཀ་རྩེ་གྲོང་ཁྱེར་དང་ཡན་པེན་ཁྲའོ་ཞན་རང་སྐྱོང་ཁུལ་མཛའ་བརྩེའི་འབྲེལ་འཛུགས་མཛད་སྒོ། ཅི་ལིན་ཆེད་དོན་རིག་རྩལ་འཁྲབ་སྟོན། ཅི་ལིན་ཆེད་དམིགས་ལས་མི་བསྡུ་བའི་ཚོགས་འདུ།  མཇུག་སྒྲིལ་བྱ་དགའ་གནང་བའི་མཛད་སྒོ། “ཀྲུང་གོ་གསར་པར་བསྟོད་གླུ་འབུལ། དུས་རབས་གསར་པར་བསྔགས་བརྗོད་བྱེད”ཅེས་པའི་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།  
པར་འདི་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་བཅུ་དྲུག་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པའི་མཛད་སྒོ་ཡིན།
           གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚོགས་རའི་དབུ་འབྱེད་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ནི་“ས་གཞི་ཆེན་པོས་དཔྱིད་དཔལ་བསུ།”“ཏང་གི་བཀའ་དྲིན་རྒྱ་མཚོ་འདྲ།”“དུས་སྐབས་གསར་པའི་ལམ་དུ་བསྐྱོད”“ང་དང་ང་ཡི་མེས་རྒྱལ”ཞེས་ལེའུ་བཞི་ལས་གྲུབ་པ་རེད། གཞན་ཡང་ཅི་ལིན་ཆེད་དོན་རིག་རྩལ་འཁྲབ་སྟོན་དང་གཞིས་ཀ་རྩེའི་ཆེད་དོན་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ཇུས་འགོད་བྱས་ཡོད་ལ། “ད་ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཡང་བསྐྱར་ཇོ་མོ་གླང་མའི་སྒར་ཆེན་སྤུ་རུང་སྒར་བདམས་ཏེ་འཚོགས་པ་དང་། དེའི་དམིགས་ཡུལ་ནི་“ཇོ་མོ་གླང་མ་ཡི་ཕ་ས། ཆུ་འཛིན་ཀློང་གི་འཁྱགས་རོམ’ཞེས་པའི་ཚོང་རྟགས་ཡག་པོ་བསྐྲུན་ནས། ལྗོངས་ཕྱི་ནང་དང་ཐ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མིག་དབང་སླར་ཡང་ཇོ་མོ་གླང་མའི་གངས་འདབས་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་ཏེ་གཞིས་ཀ་རྩེ་ལ་གཅིག་ཏུ་སྡུད་རྒྱུ་དེ་ཡིན།  གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀྲུང་གོའི་ཡུལ་སྲོལ་གྱི་ཚབ་བྱས་ནས་ཨེ་ཤ་ཡའི་རིག་གནས་དགའ་སྟོན་ཆེན་མོར་འཁྲབ་པའི་ལྷ་རྩེ་སྟོད་གཞས་《སྙན་དབྱངས་གླིང་ག》ཞེས་པ་གདན་འདྲེན་ཞུས་ནས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་རྒྱུ་ཡིན་ལ། འདི་ཉིད་རིམ་པ་བཞིན་དུ་ཁུལ་ཡོངས་ཀྱི་ཡུལ་སྐོར་རིག་གནས་ཐོན་རྫས་གལ་ཆེན་ཞིག་ཏུ་གཏོང་རྒྱུ་ཡིན།”ཞེས་ཐའོ་མིང་ཅུན་གྱིས་དེ་ལྟར་གསུངས།