ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་རྣམ་གླིང་རྫོང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ཁར་བསྐྱོད་པ།

སྤེལ་དུས 2019-05-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་ལྗོངས་རྣམ་གླིང་རྗོང་གི་མཐོ་སྒང་ཧའེ་ཐང་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ་ལྔ་བའི་དཔྱིད་དཔལ་དང་འགྲོགས་ནས།  བོད་ལྗོངས་རྣམ་གླིང་རྫོང་གི་མཐོ་སྒང་ཧའེ་ཐང་དུས་ཆེན་དུས་ལྟར་སླེབས་བྱུང་།  རྣམ་གླིང་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་དབུས་སྨད་ཁུལ་དུ་ཡོད་ཅིང་།  ཚབ་མཚོན་གྱི་རོང་མ་འབྲོག་གི་རྫོང་ཡིན།  རྒྱལ་ཁབ་རིམ་པའི་ཚད་རིམ་ཟབ་མོའི་དབུལ་ཕོངས་རྫོང་ཡིན་པར་མ་ཟད།  བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་གནད་ས་གཙོ་བོའི་གྲས་ཤིག་ཡིན།
            དབུལ་སྒྲོལ་འགག་གཏོར་གྱི་འགོ་བརྩམས་པ་ནས་བཟུང་།  རྣམ་གླིང་རྫོང་གིས་“ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྔོན་ཐོན”གྱི་ལྗང་མདོག་འཕེལ་རྒྱས་ལམ་བུ་མངོན་པར་གཏོད་པ་དང་།  ཉག་ཆུའི་བྱང་འགྲམ་གྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་དང་། ཧའེ་ཐང་དཔལ་འབྱོར་ནགས་ཚལ།  མུའུ་བརྒྱའི་སྡོང་ཕྲུག་ར་བའི་རྟེན་གཞི་སོགས་སྐྱེ་ཁམས་རྣམ་གྲངས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་།  ལྗང་མདོག་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་བ་དང་། དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་ལ་འཁྲིད་ནས།  ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ལ་བསྐྱོད་པ་རེད།
            ད་བར་རྣམ་གླིང་རྫོང་གིས་དབུལ་ཕོངས་ཁྱིམ་ཚང་2683དང་མི་གྲངས་14095དབུལ་སྒྲོལ་བྱུང་པ་དང་། དབུལ་ཕོངས་གྲོང་ཚོ་57དབུལ་ཕོངས་ལས་གྲོལ་ཅིང་།  དབུལ་ཕོངས་ཀྱི་བྱུང་ཚད་25.6%ནས་10.57%བར་མར་ཆག   རྫོང་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་ཕྱིན་པ་དང་།  སྐྱེ་ཁམས་འཛུགས་སྐྲུན་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ལ། དམངས་འཚོའི་བདེ་སྐྱིད་ཀྱི་རྣམ་པ་ཇེ་ལེགས་སུ་སོང་ནས།  འཆམ་མཐུན་དང་དཔལ་ཡོན་གྱིས་ཕྱུག་པ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་རྣམ་གླིང་དེ་ཉིན་རེ་བཞིན་མཚར་སྡུག་གི་རྣམ་པ་གསར་པ་ཞིག་གྲུབ་བཞིན་ཡོད། 
རྣམ་གླིང་རྫོང་གི་སྐྱེ་ཁམས་དཔེ་སྟོན་ཁུལ།
            སྐྱེ་ཁམས་རྒྱས་ན་དཔལ་ཡོན་ཕྱུག  སྐྱེ་ཁམས་དར་ན་ཐོན་ལས་འཕེལ།  མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་བསམ་ལ་སྙེག་སྟེ།  རྣམ་གླིང་རྫོང་གིས་དཀའ་བ་ཁྱད་དུ་བསད་དེ་མདུན་དུ་སྐྱོད་བཞིན་མཆིས།   རྣམ་གླིང་རྫོང་གི་འབྲེལ་ཡོད་འགན་འཛིན་པས་བརྗོད་དོན།  མུ་མཐུད་ནས་སྐྱེ་ཁམས་དཔལ་ཡོན་གྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་།  དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་ཇེ་མགྱོགས་སུ་བཏང་སྟེ།  མཛེས་སྡུག་དང་དྭངས་གཙང་གི་རི་ཆུའི་རང་བྱུང་སྐྱེ་ཁམས་བསྐྲུན་ནས།  སྐྱེ་ཁམས་དང་ཐོན་ལས། འཚོ་བ་བཅས་མཉམ་དུ་འཕེལ་བའི་མཛེས་སྡུག་གི་རྣམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར། 
            རྣམ་གླིང་རྫོང་གིས་མཐོ་སྒང་ཧའེ་ཐང་དུས་ཆེན་སྤེལ་བའི་སྐབས་སུ།  རྣམ་གླིང་རྫོང་སྲིད་གཞུང་གིས་ཆི་ལུའུ་བཟོ་ལས་སློབ་ཆེན་དང་།  ཧྲན་ཏུང་ཞིང་ལས་སློབ་ཆེན། ནུབ་བྱང་ཞིང་ནགས་སློབ་ཆེན་སོགས་སློབ་ཆེན་ཁག་གི་སློབ་དཔོན་ཆེན་མོ་དང་འབྲེལ་ཡོད་ཆེད་ལས་སྡེ་ཁག་གི་ཆེད་མཁས་པ་གདན་འདྲེན་བྱས་ཏེ། ཧའེ་ཐང་དང་ཡོན་པའོ་ཧྥུང་མཐོ་སྒང་དཔལ་འབྱོར་ནགས་ཚལ་ཐོན་ལས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་བསྡུས།
            ཚོགས་ཞུགས་ཆེད་མཁས་པས་བསྟན་དོན།  རྣམ་གླིང་ལ་མཐོ་སྒང་དཔལ་འབྱོར་ནགས་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བར་འཚམས་པ་དང་།  ལྷག་པར་དུ་ཧའེ་ཐང་དང་ཡོན་པའོ་ཧྥུང་རིགས་གཉིས་ཀྱི་དཔལ་འབྱོར་ནགས་ཚལ་སྤེལ་བར་འཚམས།  ད་ནས་བཟུང་རྣམ་གླིང་རྫོང་གིས་རྒྱ་ཁྱོན་ས་མུའུ་ཁྲི་10ཅན་གྱི་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་གསར་དུ་སྤེལ་ནས།  དཔལ་འབྱོར་ནགས་ཚལ་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ།  ས་དེའི་སྡོད་དམངས་ཀྱི་ཡོང་འབབ་གསར་སྤེལ་དང་རིམ་འཕར་ལ་སྐུལ་སྤེལ་དང་།  རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མངོན་འགྱུར་ཐུབ་པ་བྱས་ནས།   རྣམ་གླིང་རྫོང་ནི་མཛེས་སྡུག་དང་དྭངས་གཙང་གི་རི་ཆུས་བརྒྱན་པའི་སྐྱེ་ཁམས་རྫོང་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས་ཟེར། 
ཝེ་ཧྥང་སྟེ་རྣམ་གླིང་འཕེལ་རྒྱས་མཐུན་སྦྱོར་བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
            དེ་ལས་གཞན།  ཟླ་5པའི་ཚེས་18ཉིན།  ཝེ་ཧྥང་སྟེ་རྣམ་གླིང་འཕེལ་རྒྱས་མཐུན་སྦྱོར་བཞུགས་མོལ་ཚོགས་འདུའི་སྟེང་ད་དུང་ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་དང་རྣམ་གླིང་རྫོང་བར་བོད་སྐྱོར་ལས་དོན་སྐོར་ལ་གྲོས་འཆམས་བྱུང་།  ཕྱོགས་གཉིས་ཀས་བསྟན་དོན།  ས་གནས་གཉིས་ཀྱི་ཁེ་ལས་བགྲོ་གླེང་ལ་ཤུགས་སྣོན་དགོས་པ་དང་།  ཝེ་ཧྥང་ཁེ་ལས་ཀྱིས་དཔལ་འབྱོར་ཁེ་ཕན་དམིགས་ཡུལ་དུ་འཛིན་པ་ལས་གཞན། ད་དུང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་།  རང་འགུལ་ངང་རྣམ་གླིང་གི་ཐོན་ལས་རྣམ་གྲངས་དང་མཉམ་འབྲེལ་བྱས་ཏེ།  རང་གི་ལེགས་ཆ་བེད་སྤྱོད་བཏང་ནས་རྣམ་གླིང་གི་ཐོན་ལས་རྣམ་གྲངས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྐུལ་སྤེལ་བཏང་ནས།  མཉམ་འབྲེལ་ལས་ཕན་ཚུན་ཐུན་མོང་ཐོག་ཕན་ཁེ་དང་རྒྱལ་ཁ་ཐོབ་པར་བྱེད་དགོས་ཟེར།