ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཐོ་སྒང་གི་ཞིང་འབྲོག་མང་ཚོགས་ཀྱིས་སྒོ་འགྲམ་དུ་“རིག་གནས་ཟས་མཆོག་”གང་ལེགས་ཀྱིས་ལོངས་སྤྱོད་བྱེད་ཐུབ།

སྤེལ་དུས 2019-05-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་21ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་དཔེ་སྟོན་ཁུལ་གཏོད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་གྲོང་ཁྱེར་སྲིད་གཞུང་དུ་འཚོགས། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་གསར་འགྱུར་གཏམ་བཤད་པས་ལྷ་ས་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གཏོད་པའི་འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་གནང་།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས། 
          2015ལོའི་ཟླ་7པར་རྒྱལ་ཁབ་ཀྱིས་ལྷ་ས་གྲོང་ཁྱེར་ལ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གྱི་ཆོག་མཆན་གནང་བ་ནས་བཟུང་། ལྷ་ས་གྲོང་ཨུད་དང་སྲིད་གཞུང་གིས་མཐོང་སྣང་ཆེན་པོ་བྱས་ཏེ་“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཅིང་། སེམས་ཤུགས་གཅིག་སྒྲིལ་གྱིས་སྒྲིག་སྲོལ་ལམ་ལུགས་དང་འགག་སྒྲོལ་དཀའ་སེལ། བློ་རྩལ་གསར་གཏོད་བཅས་ཀྱི་ལས་ཀ་རྣམས་བསྒྲུབས་པས་གསར་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་བྱུང་། དེ་ཡང་“དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་འཁོར་སྐྱོད་ལས་ཆོད་མཐོ་བ། མཁོ་སྤྲོད་ཕུན་སུམ་ཚོགས་པ། འགན་སྲུང་ནུས་ལྡན་ཡིན་པ”བཅས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རགས་ཙམ་ཆགས་ཡོད། ད་ལོའི་ཟླ་2པར་ལྷ་ས་གྲོང་ཁྱེར་གྱིས་སྐོར་གསུམ་པའི་རྒྱལ་ཁབ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་བདེ་བླག་ངང་གཏོད་པ་རེད།
          མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་རིམ་པ་སོ་སོའི་རིག་གནས་ཁང་(ས་ཚིགས་)75དང་། རྟེན་མཛོད་ཁང་6། རིག་གནས་ཐང་ཆེན་300ལྷག་ཙམ་བཙུགས་པ་དང་། ཞིང་(འབྲོག་)ཁྱིམ་དཔེ་ཁང་228དང་། སྡེ་ཁུལ་གྱི་དཔེ་ཁང་52། དགོན་པའི་དཔེ་ཁང་231བཅས་བསྐྲུན་པས་དེའི་ཁྱབ་ཚད་100%ཟིན། རྒྱང་སྒྲོག་བརྙན་འཕྲིན་དེ་“གྲོང་ཚོ་ཀུན་ཁྱབ”དང་“ཁྱིམ་ཚང་ཀུན་ཁྱབ།”“སྡོད་ཁང་ཀུན་ཁྱབ”བཅས་མངོན་འགྱུར་བྱུང་ཞིང་། རྒྱང་སྒྲོག་བརྙན་འཕྲིན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད་སོ་སོར་98.41%དང་98.93%ཟིན་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་269ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་པ་དང་། འཐུས་སྒོ་ཅུང་ཚང་བའི་གྲོང་ཁྱེར་དང་རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞི་ཡི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་སྤྱིའི་ཆ་ནས་བསྐྲུན་ཚར་ཡོད། 
          “དཔེ་སྟོན་ཁུལ་བསྐྲུན་པ་དེས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་ཅིང་། རིག་གནས་དར་རྒྱས་གོང་འཕེལ་དང་མང་ཚོགས་ཀྱི་རིག་གནས་ཁེ་དབང་སྲུང་སྐྱོང་བྱེད་པར་ཕན་པ་ལྡན་པ་མ་ཟད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་རེད།”ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའུ་ཁོངས་མིའམ་དཔྱོད་ལྡན་ཚེ་དབྱང་གིས། དཔེ་སྟོན་ཁུལ་གཏོད་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། མཐུན་སྒྲིལ་དང་མཛེས་སྡུག བདེ་ཐང་། བདེ་སྐྱིད་བཅས་ཀྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་གདམ་ག་ཞིག་ཀྱང་ཡིན་ཞེས་གསུངས།
སྡེ་དམངས་ཀྱིས་ཞིང་ཁྱིམ་དཔེ་ཁང་དུ་དཔེ་ཆ་ཀློག་པའི་ཚུལ།
          རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སའི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་ལ་ཞིང་འབྲོག་མང་ཚོགས་ཁ་ཐོར་དུ་སྡོད་པའི་གནས་ཚུལ་དངོས་ལ་གཞིགས་ནས།  ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཐོན་ཁུངས་འཁོར་སྐྱོད་ལམ་སྲོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ས་གནས་དང་འཁོར་སྐྱོད་ཟུང་འབྲེལ་གྱིས་ཞིང་འབྲོག་མང་ཚོགས་ལ་སྔར་ལས་ལེགས་པའི་སྟབས་བདེ་སྐྲུན་བཞིན་ཡོད་ལ། རིག་རྩལ་དང་གློག་བརྙན། དཔེ་དེབ་བཅས་གྲོང་གསེབ་ལ་བསྐྱོད་པའི་བྱེད་སྒོ་རྒྱ་ཆེར་སྤེལ་ནས་ལོ་རེར་གྲོང་གསེབ་ཏུ་བསྐྱོད་པའི་རིག་རྩལ་འཁྲབ་སྟོན་ཐེངས་3200ལྷག་ཡོད་པ་དང་། ལོ་ལྟར་གྲོང་གསེབ་ཏུ་བསྐྱོད་ནས་གློག་བརྙན་ཐེངས་5000ལྷག་ཙམ་བསྟན་ལ། དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་ཁྱོན་བསྡོམས་ཁྲི་133ལྷག་སྤྲད་ཡོད་པ་རེད། གྲོང་ཚོ་སོ་སོ་ནས་ཟླ་རེར་གློག་བརྙན་སྟོན་ཐེངས་2ནས་3ཡོད་པ་དང་། ཆ་སྙོམས་ཟླ་རེར་ཟློས་གར་རམ་རིག་རྩལ་འཁྲབ་སྟོན་ཐེངས་1ཡན་རྩ་འཛུགས་བྱས་ཏེ། ལོ་ལྟར་གཞི་ཁྱོན་ཅུང་ཆེ་བའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཐེངས་8ཡན་རྩ་འཛུགས་བྱས་ཡོད། གློག་བརྙན་སྟོན་པའི་འཁོར་སྐྱོད་རླངས་འཁོར་དང་འཁོར་སྐྱོད་དཔེ་སྒམ་རླངས་འཁོར། འཁོར་སྐྱོད་གར་སྟེགས་རླངས་འཁོར་སོགས་འཁོར་སྐྱོད་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་ནས་རིག་གནས་སྣ་ཚོགས་ཞིང་འབྲོག་མང་ཚོགས་ཀྱི་གམ་དུ་སྐྱེལ་གྱིན་ཡོད།
          ད་ཆ་ལྷ་སའི་གྲོང་མི་དཀྱུས་མ་ཞིག་ཡིན་ནའང་། རང་ཉིད་གནས་སའི་གྲོང་ཚོ་དང་སྡེ་ཁུལ་རིག་གནས་བྱ་འགུལ་ཁང་དུ་དཔེ་དེབ་ལྟ་ཀློག་དང་ཚགས་པར་བལྟ་བ། རིན་མེད་དཔེ་དེབ་གཡོར་བ་བཅས་ལས་གཞན། རིག་གནས་ཐང་ཆེན་དུ་ལུས་སྦྱོང་དང་ཞབས་བྲོ་འཁྲབ་ཆོག  གལ་ཏེ་ཤང་དང་གྲོང་རྡལ་(སྲང་ལམ)གྱི་རིག་གནས་ས་ཚིགས་དང་། རྫོང་(ཁུལ་)ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས། གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་བཅས་སུ་བསྐྱོད་ན། རང་ཉིད་ཀྱི་དགའ་ཕྱོགས་ལྟར་ཞབས་བྲོ་དང་རོལ་དབྱངས། ཡིག་གཟུགས་སོགས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་རིག་རྩལ་འཁྲབ་སྟོན་ལ་བལྟ་བ་དང་གློག་བརྙན་ལ་བལྟ་ཆོག་པ་མ་ཟད། ད་རུང་རིན་མེད་དྲ་འཇུག་བྱས་ཏེ་དྲ་བའི་ཆ་འཕྲིན་ཐོན་ཁུངས་སྤྱད་ནས་སློབ་སྦྱོང་བྱས་ཀྱང་ཆོག་པ་རེད།