ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆེ་དགྲ་ལྷས་ལྷ་སར་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་གལ་ཆེན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2019-05-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཚེས་21ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་དང་། བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཅས་དམངས་འཚོའི་རྣམ་གྲངས་གསུམ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་ལྟེ་བའི་སྨན་ཁང་རྣམ་གྲངས་འཛུགས་སྐྲུན་བཅས་ཀྱི་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། 
            ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་བཅས་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད། 
            དམངས་འཚོའི་རྣམ་གྲངས་གསུམ་པོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་བའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུགས་ཁུར་དང་དགའ་གཅེས་སྒུལ་ཤུགས་སུ་བརྩིས་ཏེ་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ལས་འགན་ལ་དམ་པོར་དམིགས་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཐོག་རང་འགུལ་ངང་ལས་དོན་བསྒྲུབས་པ་དང་། མཐུན་སྒྲིལ་མཉམ་ལས། ཐུན་མོང་ཐོག་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན་མིག་སྔར་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་གསུམ་གྱི་ལས་དོན་ལ་སྐུལ་མ་ནུས་ལྡན་ཐེབས་པ་མ་ཟད། འཕེལ་རིམ་བདེ་བླག་ཡོད་པ་རེད།ས་ཆ་གང་དུ་ཕེབས་རིམ་བཞིན་ཆེ་དགྲ་ལྷ་དང་བཅས་པས་འཆར་འགོད་འགྲེམས་པང་ལ་ནན་ཏན་ངང་གཟིགས་ཏེ་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དམངས་འཚོའི་རྣམ་གྲངས་གསུམ་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་གནང་བའི་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་དམིགས་བསལ་ཐུགས་ཁུར་འདུས་པས་དེ་ནི་མཐོར་འདེགས་ལས་གྲྭ་དང་། ཀུན་ཕན་ལས་གྲྭ། དམངས་ཕན་ལས་གྲྭ་དམངས་སེམས་ལས་གྲྭ་བཅས་ཡིན་པས་ང་ཚོས་ངེས་པར་དུ་བཀའ་དྲིན་བློ་ལ་འཆང་བ་དང་། གདེང་ཚོད་ཀྱིས་ཁེངས་པ། འབད་འབུངས་ཡར་བརྩོན། བསམ་བློ་བཅིངས་འགྲོལ། འདུ་ཤེས་སྒྱུར་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་རྣམ་གྲངས་བསྐྲུན་ཏེ་སྔ་ཙམ་འཛུགས་སྐྲུན་དང་། སྔ་ཙམ་སྤྱོད་པ། སྔ་ཙམ་ཕན་འབྲས་ཐོབ་པ་བཅས་བྱེད་དགོས་པ་དང་། ཇུས་གཞི་སྔར་བས་བཟང་སྒྲིག་བྱས་ཏེ་འབྱུང་འགྱུར་ལ་དམིགས་པ་དང་། ཚན་རིག་དང་མཐུན་པའི་ངང་འཆར་འགོད། ལུགས་མཐུན་བཀོད་སྒྲིག་བཅས་བྱེད་དགོས་པ་དང་བོད་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་འཆར་འགོད་བྱེད་སྐབས“རིག་ལྡན་སྨན་བཅོས”ལ་དམིགས་པ་དང་། སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ་མ་ཟད། ཉེར་སྤྱོད་རང་བཞིན་དང་གྲོན་ཆུང་རང་བཞིན་ལ་དེ་བས་གཙིགས་ཆེན་བྱས་ཏེ་ནུས་ཤུགས་གང་ཡོད་ཀྱིས་རྒྱ་ཆེའི་མང་ཚོགས་ནད་གཞི་བལྟ་རྒྱུར་སྟབས་བདེ་སྐྲུན་དགོས་པ། བོད་ལྗོངས་ལག་རྩལ་པའི་སློབ་གླིང་འཛུགས་སྐྲུན་འཆར་འགོད་བྱེད་སྐབས་ཆེད་ལས་བཀོད་སྒྲིག་ཐད་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ལས་དོན་བྱེད་ཐབས་གསར་གཏོད་དང་། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་པ། བོད་ལྗོངས་གསོ་རིག་སློབ་ཆེན་འཛུགས་སྐྲུན་འཆར་འགོད་བྱེད་སྐབས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་གསར་གཏོད་དང་། དམངས་འཚོ་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད། གསར་གཏོད་རྣམ་པ་དང་སྤྱོད་གོ་ཆོད་པའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་བོད་ཀྱི་གསོ་བ་རིག་པའི་བདེ་སྲུང་ཐད་ཀྱི་དགོས་མཁོ་སྐོང་བ་བཅས་བྱེད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ཁ་གསལ། ལས་ཡུན་ལྡོག་སྒྲིག སེམས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རྣམ་གྲངས་ཞིབ་མཆན་ལ་དམ་འཛིན་དང་ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་བདེ་བླག་ངང་ལག་བསྟར་དང་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། མ་དངུལ་བེད་སྤྱོད་དང་དོ་དམ་བྱ་རྒྱུ་ནན་དུ་བཏང་ནས་དངུལ་སྐར་མ་གཅིག་ཀྱང་སྤྱོད་མཁས་པོ་བྱས་ཏེ་བྱ་བ་བཟང་པོ་དང་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
            ལྷ་ས་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་རྣམ་གྲངས་དང་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་དུ་ནད་ཐོག་སྨན་བཅོས་དང་། གཟུགས་པོ་བརྟག་དཔྱད། བདེ་སྲུང་། བདེ་ཐང་སླར་གསོ་བཅས་དང་དེ་བཞིན་ཚན་ཞིབ་སློབ་ཁྲིད་སོགས་ཀྱི་ནུས་པ་འདུས་ཡོད། ལས་ཡུལ་དུ་ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་འཛུགས་སྐྲུན་ཚན་པ་ཁག་གིས་དུས་ཚོད་ཀྱི་མཚམས་ཚིགས་གཞིར་བཟུང་། སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གོ་སྐབས་སུ་བྱེད་པ་དང་རང་ངོས་ཀྱི་འཇམ་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།