ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ནི་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཆེས་ལེགས་པའི་ས་ཁུལ་གྱི་གྲས་ཡིན་པ།

སྤེལ་དུས 2019-06-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
འདི་ནི་ཟླ6པའི་ཚེས5ཉིན་པར་བླངས་པའི་ཕོ་བྲང་པོ་ཏ་ལ་རེད།
              ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱས་པ་ལས་མངོན་པ་ལྟར། མིག་སྔར་བོད་ལྗོངས་ས་མཐོའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་སྤྱིའི་ཆ་ནས་གཏན་འཇགས་ཡིན་ལ། ཆུ་དང་ས་རྒྱུ། འགྱེད་འཕྲོ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཅས་ཀྱི་ཐད་ཅུང་ལེགས་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ཡོད་པས་བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཆེས་ལེགས་པའི་ས་ཁུལ་གྱི་གྲས་ཡིན་པ་རེད།
              མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ47དང་། སྐྱེ་ཁམས་ནུས་པའི་སྲུང་སྐྱོང་ཁུལ22། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ4། རྒྱལ་ཁབ་ནགས་ཚལ་སྤྱི་གླིང9། རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང22བཅས་བཙུགས་ནས་རིགས་ཆ་ཚང་བ་དང་ཁྱབ་ཚུལ་ལུགས་མཐུན་གྱི་སྐྱེ་ཁམས་སྲུང་སྐྱོང་དྲ་རྒྱའི་མ་ལག་ཅིག་གྲུབ་ཡོད་པ་རེད། 2001ལོ་ནས་བཟུང་རིམ་རྩིས་བྱས་ན་ནགས་ཚལ་དང་། རྩྭ་ཐང་། བརླན་ས། གཙོ་གནད་ཀྱི་སྐྱེ་ཁམས་ནུས་པའི་ཁུལ་སོགས་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར316ལག་བསྟར་བྱས་པ་རེད།
              བོད་རང་སྐྱོང་ལྗོངས་ནི་མཚོ་བོད་ས་མཐོར་གནས་པ་དང་ས་བབ་མཐོ་བ་དང་ས་ཁམས་དམིགས་བསལ་ཡིན་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་དང་། ཆུའི་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་པས“འཛམ་གླིང་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་བརྗོད་སྲོལ་ཡོད། 
འདི་ནི་དགུན་དུས་ཀྱི་ཕོ་བྲང་པོ་ཏ་ལ་རེད།
འདི་ནི་ཇོ་རིའི་འདབས་ཀྱི་རོང་པོའི་འཁྱགས་རོམ་རེད། 
འདི་ནི་ཇོ་རིའི་འདབས་ཀྱི་རོང་པོའི་འཁྱགས་རོམ་རེད།
འདི་ནི་བོད་ལྗོངས་ཉིང་ཁྲི་སྤོ་བོ་རྫོང་ཁོངས་ཀྱི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཞིང་སྡེའི་མཛེས་ལྗོངས་རེད། 
འདི་ནི་བོད་ལྗོངས་ཉིང་ཁྲིའི་ས་ཁོངས་ཀྱི་ནགས་ཚལ་ཁྲོད་གནས་པའི་གྲོང་ཚོ་རེད། 
འདི་ནི་བོད་ལྗོངས་ཉིང་ཁྲིའི་ས་ཁོངས་ཀྱི་བྲག་གསུམ་མཚོ་རེད། 
འདི་ནི་ལྷ་སའི་ལྷ་ཀླུ་བརླན་སའི་མཛེས་ལྗོངས་རེད།
འདི་ནི་བོད་ལྗོངས་ཡར་འབྲོག་གཡུ་མཚོའི་འགྲམ་གྱི་མཛེས་ཉམས་རེད།
འདི་ནི་བོད་ལྗོངས་གྲོ་མོ་རྡོ་ཆེན་མཚོ་འགྲམ་དུ་འཕུར་བའི་ཁྲུང་ཁྲུང་སྐེ་ནག་རེད། 
འདི་ནི་གངས་རིའི་འདབས་སུ་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་རེད།
འདི་ནི་གནམ་ཁ་སྔོན་ཞིང་སྤྲིན་དཀར་བའི་འོག་གི་ཕོ་བྲང་པོ་ཏ་ལ་རེད།
འདི་ནི་ཇོ་བོ་དབུ་ཡག་རི་འདབས་ཀྱི་པད་ཁུད་མཚོ་རེད།
འདི་ནི་ཁྲུང་ཁྲུང་སྐེ་ནག་ཞིག་གིས་ཇོ་རིའི་འདབས་ཀྱི་བརླན་སར་ཟས་འཚོལ་བའི་རྣམ་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།