ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“འཛམ་གླིང་ཡང་རྩེའི”དབུལ་སྒྲོལ་ལམ་བུ།

སྤེལ་དུས 2019-06-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

འདི་ནི་གྲོ་མོའི་ཉ་གསོ་ཚགས་རྟེན་གཞིའི་ཞིང་པས་ཉ་ཕྲུག་གསོ་བཞིན་པ། ཞིང་ལས་མཉམ་ལས་ཁང་གི་རྣམ་པའི་ཐོག་ནས་གཉེར་སྐྱོང་བྱས་པའི་གྲོ་མོའི་ཉ་གསོ་ཚགས་རྟེན་གཞིས་ས་གནས་དེ་གའི་མི་2300ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།
          ལེ་ཚན་གཏོད་པའི་གཏམ།
          “2019ལོའི·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”2019ལོའི་ཟླ་6ཚེས་10ཉིན་ནས་ཚེས་15ཉིན་བར་བོད་དུ་འཚོག་རྒྱུ་དང་དེ་ནི་འདི་ལོ་ལྗོངས་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་དོན་གྱི་དོན་ཆེན་ཞིག་ཡིན། འདི་ག་ཚགས་པར་གྱི་གསར་འགོད་པས་དེ་རིང་ནས་བཟུང“གསར་གཏོད་འཕེལ་རྒྱས་དང་འབྱུང་འགྱུར་གླེང་བ—2019ལོའི·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་དམིགས་པ”ཞེས་པའི་ལེ་ཚན་འདོན་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
          2016ལོར་རྫོང(ཆུས)5ཡི་དབུལ་ཞྭ་སྔོན་ཚུད་ནས་ཕུད་པ་དང་།
          2017ལོར་རྫོང(ཆུས)25ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྒྲོལ་ཞྭ་ཕུད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ཚོད་སྐོར་ཚོགས་ཆུང་གི་ཚོད་སྐོར་དཔྱད་ཞིབ་བྱས་པ།
          2018ལོར་རྫོང(ཆུས)25རྫོང(ཆུས)དབུལ་པོའི་གནས་ལས་བསྒྲལ་བ་བཅས་རེད།
          བོད་ནི་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་སྤྱི་ཡོངས་རང་བཞིན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་དེ་ཡིན་པས་དབུལ་པོའི་གཞི་ཁྱོན་ཆེ་བ་དང་། དབུལ་པོའི་ཚད་གཞི་ཟབ་པ། དབུལ་སྒྲོལ་མ་གནས་མཐོ་བ། དཀའ་ཚེགས་ཆེ་བ། ལས་འགན་ལྕི་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
          ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་དབུལ་ཕོངས་ལ་ཁ་གཏད་གཅོག་པའི་དུང་བརྡ་གྲགས་ཤིང་། ལོ་3རིང་། བོད་ཀྱི་རྫོང(ཆུས)55དབུལ་པོའི་གནས་ལས་བསྒྲལ་བ་རེད། འདི་ནི་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཚུན། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན།
          དམིགས་སར་དོན་འཁྱོལ་གྱིས་བརྟག་དཔྱད་མཐིལ་རྟོགས་བྱས་པ།
          བག་གྲོ་ཆེ་བ་ནི་ལྷུན་རྩེ་རྫོང་གི“གྲགས་ཅན་མི་སྣ”ཞིག་ཡིན། ཉེ་བའི་ལོ་ཤས་རིང་ས་གནས་སྲིད་གཞུང་གི་རོགས་རམ་འོག་བག་གྲོ་ཆེ་བས་སྔ་རྗེས་སུ་རྩྭ་སྐོར་གྲོང་ཚོའི་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་བཙུགས་པ་དང་། རྩྭ་སྐོར་གྲོང་ཚོའི་དྲོད་ཁང་དང་ལྷུན་རྩེ་རྫོང་གི་འོ་ཁུངས་རྟེན་གཞི་འགན་གཙང་བླངས་པ། ལྷུན་རྩེ་གཙང་པོའི་མགྲོན་ཁང་དོ་དམ་ཚད་ཡོད་ཀུང་སི་བཙུགས་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། རང་ཉིད་འཕེལ་རྒྱས་དང་ཕྱུག་འགྱུར་བྱུང་བ་དང་ཆབས་ཅིག་བག་གྲོ་ཆེ་བས་ད་དུང་ཞིང་འབྲོག་མང་ཚོགས་622ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་གྲངས་135ཡོད་པ་རེད།
          འཇོན་ཐང་ཅན་གྱིས་སྐུལ་ཁྲིད་དང་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ནི་བོད་ཀྱིས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཐབས་མང་པོ་ལག་བསྟར་བྱེད་པའི་ཁྲོད་ཀྱི་གྲས་ཤིག་ཡིན།
          བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་དང་མི་འབོར་དབུལ་པོ་ཚང་མ་དབུལ་པོ་ལས་བསྒྲལ་བའི་ཁར་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་བྱེད་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པས་སྤྱི་ཁྱབ་བཀོད་འདོམས་པ་བྱེད་པ་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པས་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་བྱེད་པ། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་དབུལ་སྐྱོར་གཞུང་དོན་ཁང་སོགས་སྡེ་ཚན་65ཡི་འགན་འཁུར་བས་ཁོངས་མི་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་པ་རེད། བཀོད་འདོམས་པུའུ་ཡི་གཤམ་དུ་གཞུང་དོན་ཁང་དང་། སྲིད་ཇུས་འགན་ལེན། འཆར་འགོད་འཆར་གཞི། ཐོན་ལས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་སོགས་ཆེད་དོན་ལས་དོན་ཚོགས་ཆུང་10བཙུགས་ཡོད་པ་རེད།
          ཚན་རིག་དང་མཐུན་པའི་འཆར་འགོད་ཀྱིས་སྡོད་ཁང་གསར་པར་སྤོས་པ།
          ན་ནིང་ཚེ་རིང་རྡོ་རྗེ་སྡོད་ཁང་གསར་པར་སྤོས་པ་དང་ཁང་པ་གསར་པ་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུས་བཞི་བཀྲ་ཤིས་གྲོང་ཚོར་གནས་ཤིང་དེ་ནི་ཐོག་སོ་གཉིས་ལྡན་གྱི་བོད་ལུགས་སྡོད་ཁང་ཡིན་པས་དཀར་ཆ་དོད་ལ་རྒྱ་ཆེ་བ་དང་ཉལ་ཁང་དང་ཚོམས་ཆེན་སོགས་བསྡོམས་ན་རྒྱ་ཁྱོན་ལ་སྨི་ངོས་གྲུ་140ལྷག་ཙམ་ཡོད་པའི་ཁར་ཁང་པའི་ནང་ད་དུང་བོད་བཟོའི་ཁྱིམ་ཆས་ཀྱང་བསྒྲིགས་ཡོད་པ་རེད།
          ཚེ་རིང་རྡོ་རྗེའི་ཕ་ཡུལ་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བྱང་གསུམ་ཤང་ནས་ཡིན་ཞིང་དེ་ནི་འཕྲེད་རྒྱུག་རི་བོ་དང་འབྲི་ཆུའི་ནུབ་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཡིན་པ་རེད།
          “ང་ཚོའི་ཕ་ཡུལ་ལ་ས་ངན་ཞེས་བརྗོད་པ་དང་། ཆུ་བོ་གཤམ་འོག་ཏུ་རྒྱུག་པ་དང་། མི་རིའི་ལྡེབས་སུ་སྡོད་པ། ས་ཞིང་རི་སྐེད་དུ་འདེབས་པ། སྒོ་ཕྱུགས་བྲག་ཏུ་འཚོ་བ་བཅས་ཡིན་པས་ལོ་གཅིག་རིང་དཀའ་ལས་ག་ཚོད་བརྒྱབ་ཀྱང་འབྲས་བུ་ནི་ཧ་ཅང་ཉུང་ཉུང་ཡིན། ཏང་ཨུད་དང་སྲིད་གཞུང་གིས་ང་ཚོ་ཐག་རིང་ལུང་ཁུག་དབུལ་པོ་ནས་ས་ཆ་སྐྱིད་པོ་དེ་འདྲ་ཞིག་ལ་སྤོ་རུ་བཅུག་པས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཚེ་རིང་རྡོ་རྗེས་བཤད། ཁང་པ་གསར་པར་སྤོས་རྗེས་ཁོ་པས་ཟ་ཁང་ཞིག་བཙུགས་ནས་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་700ཙམ་བྱུང་སྟེ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་ཡོད། ཁོ་པའི་ཨ་མའི་གཟུགས་པོ་ཡག་པོ་མེད་སྟབས། དེ་སྔོན་རྒྱུན་དུ་ཨ་མ་ཁྲིད་དེ་སྤྱི་ལེ་140སར་ཡོད་པའི་རྫོང་གྲོང་དུ་ནད་བལྟ་བར་འགྲོ་དགོས་ཀྱི་ཡོད། ད་ཆ་སྨན་ཁང་རང་ཁྱིམ་དང་བར་ཐག་སྤྱི་ལེ་10ཙམ་ལས་མེད།
          ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གྱིས“གནད་སྨིན་དྲུག”དང་། “ཁག་གཅིག་རེ་ལྔ”“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”བཅས་ཀྱི་བླང་བྱ་དང་དམིགས་ཚད་ལ་དམ་པོར་གཞིགས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། འཆར་གཞི་ཞིབ་ཚགས་འགོད་པ། ཁ་གཏད་གཅོད་ཐབས་ལ་ཞིབ་འཇུག་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོག་ཡང་དག་བྱེད་པའི་བླང་བྱ་འདོན་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཉམ་དུ་ལག་པ་འགུལ་ནས“སེམས་ཁྲལ་མེད་པ་གསུམ་དང་། ཡོད་པ་གསུམ། འགན་ལེན་གསུམ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་འབོད་སྐུལ་བྱས་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་བོད་ཀྱིས་ཚད་གཞི་ནན་དུ་གཏོང་བ་དང་། འཆར་འགོད་ལུགས་མཐུན་བྱེད་པ། ཚན་རིག་དང་མཐུན་པའི་ངང་ས་ཆ་འདེམས་པ། ལེ་ལག་འཛུགས་སྐྲུན་བཅས་བྱས་པར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་150.9བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་905བསྐྲུན་པ་དེའི་ནང་མི་ཁྲི་21.8སྤོས་ཡོད། ལོ་གསུམ་ལྷག་ཙམ་རིང་། གངས་ལྗོངས་ས་མཐོའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་སྡོད་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད་པ་རེད།
          དབུལ་སྐྱོར་དང་བློ་སྐྱོར་གྱིས་དབུལ་པོར་འབྱུང་རྩ་འཚོལ་བ།
          ལོ་གཉིས་གོང་། ལོ་43ལ་སླེབས་པའི་ཡེ་ཤེས་ཆོས་སྒྲོན་གྱིས་གྲོང་ཚོའི་ཨུ་ལྷན་ལ་དབུལ་སྒྲོལ་རེ་ཞུའི་ཡི་གེ་ཕུལ་ཡོད།
          ཡེ་ཤེས་ཆོས་སྒྲོན་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོའི་མི་ཡིན་པ་དང་ལོ་གསུམ་གོང་ནི་ཁོང་གི་མི་ཚེའི་ཁྲོད་དཀའ་སྡུག་ཆེ་ཤོས་ཀྱི་དུས་ཡིན། བཟའ་ཟླར་རྒྱུ་སྐྲན་ཕོག་པ་དང་བུ་མོ་སློབ་ཆེན་ལ་རྒྱུགས་འཕྲོད་མ་ཐག་ཡིན་པ་དེའི་ཐོག་ཕ་རྒན་པོ་ཡུན་རིང་སྨན་ཟས་ནས་སྡོད་དགོས་པས་འཚོ་བའི་ཁུར་པོ་ཚང་མ་ཡེ་ཤེས་ཆོས་སྒྲོན་གཅིག་པུའི་ཕྲག་ཐོག་ཏུ་བབས།
          ཤག་ལྷོ་གྲོང་ཚོའི་ཨུ་ལྷན་གཉིས་ཚན་ཁག་གིས་ཡེ་ཤེས་ཆོས་སྒྲོན་ཁྱིམ་གྱི་གནས་ཚུལ་ཤེས་རྗེས་སྲིད་ཇུས་ལྟར་ཁོ་མོའི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པས་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་ལས་ཡེ་ཤེས་ཆོས་སྒྲོན་ཁྱིམ་ལ་ཕན་པ་ཐོགས་པ་སྟེ། ཕ་མར་རྒན་གསོའི་དངུལ་རག་པ་དང་། བུ་མོའི་སློབ་རིན་ཡོངས་ཆག་ཡང་བཏང་བ། བཟའ་ཟླར་ནད་ཆེན་རོགས་སྐྱོར་མ་དངུལ་རག་པ་བཅས་རེད།
          དེ་རྗེས་དམངས་ཕན་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཡེ་ཤེས་ཆོས་སྒྲོན་གྱིས་སྐྱེལ་འདྲེན་རླངས་འཁོར་ཆུང་ཆུང་ཞིག་ཉོས་ཏེ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཞིང་ལས་བྲེལ་བའི་དུས་འབྲུ་རིགས་དབོར་འདྲེན་དང་ཞིང་དལ་དུས་སུ་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བས། ཁྱིམ་ཚང་གི་འཚོ་བའི་འཁོས་ཀ་ལེགས་སུ་ཕྱིན་ཡོད། 2017ལོའི་ལོ་མཇུག་ཏུ་ཁོ་མོས་དངོས་སུ་གྲོང་ཚོའི་ཨུ་ལྷན་ལ་དབུལ་སྒྲོལ་རེ་ཞུ་ཡི་གེ་ཕུལ་ཡོད།
          ད་ཕན་ལོ་ཤས་རིང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་ཡོད། 2016ལོ་ནས་2017ལོའི་བར་ཁྱོན་མི་འབོར་དབུལ་པོ་ཁྲི་29.7ཉུང་དུ་སོང་བ་དང་། གྲོང་ཚོ་དབུལ་པོ་2713དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་30ཡི་དབུལ་ཞྭ་ཕུད་པ་བཅས་བྱུང་ནས་དབུལ་པོ་ཐོན་ཚད་2015ལོའི་ལོ་མཇུག་གི་25.2%ནས་2017ལོའི་ལོ་མཇུག་གི་7.9%བར་ཆག་ཡོད། མང་ཚོགས་དབུལ་པོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་16%གི་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་མི་འབོར་དབུལ་པོ་ལོ་རྒྱུས་ཐོག་གི་ཆག་མང་ཤོས་དང་ལོ་གཉིས་བསྟུད་མར་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་ཀྱི“ཕྱོགས་བསྡུས་གདེང་འཇོག་ཡག་པའི”ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་སུ་གཏན་འཁེལ་བྱས་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།