ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པཎ་ཆེན་རིན་པོ་ཆེས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཡོད་ཅེས་གསུངས་པ།

སྤེལ་དུས 2019-06-13 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས།
          ཉེ་ཆར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པར། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་ལ་ཁྲིམས་བཞིན་སྲུང་སྐྱོང་བྱས་པ་དང་། བོད་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད་ཅེས་གསུངས་པ་རེད།
          པཎ་ཆེན་ཨེར་ཏེ་ནིས། ལོ་60ཡི་གོང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དུས་རབས་ལས་བརྒལ་བའི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པ་ལས་ཞིང་བྲན་རྣམས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། དམངས་གཙོའི་བཅོས་སྒྱུར་གྱིས་བོད་ཀྱི་སྤྱི་ཚོགས་འདི་ཉིད་རུལ་སུངས་དང་མུན་ནག་ནས་རྒྱལ་ཁ་དང་འོད་ཟེར་ཕྱོགས་དང་། རྗེས་ལུས་དང་ཉམས་རྒུད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཕྱོགས། བཀག་སྡོམ་དང་འཕེལ་མེད་སོར་གནས་ནས་དར་རྒྱས་གོང་འཕེལ་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཐོག་སྐྱོད་འགོ་ཚུགས་པ་དང་བོད་ཀྱི་མི་དམངས་རང་ཁྱིམ་རང་བདག་དང་སོ་སོའི་ལས་དབང་ལ་ཁ་ལོ་སྒྱུར་བའི་དུས་རབས་གསར་པ་ཞིག་བཏོད་ཡོད། དེ་ནི་བོད་རིགས་མི་དམངས་ཀྱི་འདོད་འདུན་དང་རྩ་བའི་ཁེ་ཕན་དང་ཡོངས་སུ་མཐུན་ལ་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཀྱང་ཡིན་ཞེས་གསུངས་པ་རེད།
          “ལོ་60ཡི་རིང་ཆོས་ལུགས་མི་འདྲ་བ་དང་། གྲུབ་མཐའ་མི་འདྲ་བ། དེ་བཞིན་ཆོས་ལ་དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་མང་ཚོགས་བཅས་དབར་ཞི་མཐུན་མཉམ་གནས་བྱུང་ཡོད། བོད་རིགས་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོང་ཐུབ་པ་དང་། ཆོས་ལུགས་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བ། བོད་རིགས་མང་ཚོགས་ཀྱིས་རྒྱུན་གཏན་གྱི་ཆོས་ལུགས་འཚོ་བར་འདོད་བློ་ཁེངས་པ་བཅས་བྱུང་ནས་བོད་བརྒྱུད་ནང་བསྟན་འདི་ཉིད་ད་ཆ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད”ཅེས་པཎ་ཆེན་མཆོག་གིས་བཅར་འདྲི་དང་ལེན་གནང་སྐབས་བསྒམ་ཞིང་ནན་པའི་སྒོ་ནས་གསུངས་པ་རེད།
          ལོ་ལྟར་བོད་དུ་ཆོས་ལུགས་བྱེད་སྒོ་དང་སྤྱི་ཚོགས་བརྟག་ཞིབ་བྱེད་སྒོ་ཐེངས་མང་སྤེལ་བ་ལས་བོད་ཀྱི་ཆོས་དད་རང་མོས་སྲིད་ཇུས་དོན་འཁྱོལ་ཐུབ་པའི་མྱོང་བ་ཟབ་མོ་བྱུང་། ད་ཆ་བོད་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆའི་འོག་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཆོས་ཁྲིམས་དང་འདུལ་ཁྲིམས་སྲུང་བ་དང་། ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བ། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་གསུམ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་དད་ལྡན་མང་ཚོགས་དང་སྤྱི་ཚོགས་ལ་བདེ་རྩ་སྐྲུན་པར་གཞོལ་བཞིན་ཡོད་ཅེས་པཎ་ཆེན་མཆོག་གིས་གསུངས་པ་རེད།
          2019ལོ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་30འཁོར་བའི་ལོ་ཞིག་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་སྐུ་ཚེ་གང་པོར་རྗེ་ཙོང་པ་ཆེན་པོའི་ཆོས་བརྒྱུད་དང་སྒྱུར་བཅོས་ཀྱི་དགོངས་པ་གཞིར་བཟུང་། རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུ་ནས་འགོ་བརྩམས་ཏེ། བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ལ་དགོས་ངེས་ཀྱི་སྒྱུར་བཅོས་མཛད་ནས་དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་གནང་བ་དང་། བོད་བརྒྱུད་ནང་བསྟན་རྒྱུན་འཛིན་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་དུས་རབས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་གནང་བ་དེ་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་མི་སྣས་དུས་རབས་གསར་པར་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་འཕེལ་རྒྱས་གཏོང་རྒྱུ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱ་རྒྱུའི་ངོས་ནས་བརྗོད་ན་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་པཎ་ཆེན་མཆོག་གིས་གསུངས་པ་རེད།
          པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཐོག་མཐའ་བར་གསུམ་དུ“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”གནས་བབ་ཨང་དང་པོར་བཞག་གནང་སྟེ། ཆོས་ལུགས་ཀྲུང་གོ་ཅན་མངོན་དུ་འགྱུར་བའི་ཐབས་ལམ་འཚོལ་ཞིབ་ལ་སྣང་ཆེན་གྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་གནང་ཡོད། དེ་རིང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་དྲན་གསོ་ཞུ་བ་ནི་ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པ་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་ཐུགས་བསམ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་ཆོད་སེམས་བཅས་ལ་སློབ་སྦྱོང་ཞུ་ཆེད་ཡིན་ཞེས་པཎ་ཆེན་མཆོག་གིས་གསུངས་པ་རེད།
          འདི་ལོ་ནི་པཎ་ཆེན་མཆོག་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཐེངས་བཅུ་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲེལ་ཡོད་རིག་རྩལ་ལས་དོན་སྐོར་གྱི་གསུང་བཤད་གནང་བ་གསན་སྐབས་པཎ་ཆེན་མཆོག་ལ་མྱོང་བ་ཟབ་མོ་བྱུང་བ་མ་ཟད། དེ་འགོ་བརྗོད་དུ་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་ཐབས་འདོན་ཇུས་འདོན་ཡང་གནང་ཡོད།
          པཎ་ཆེན་མཆོག་གིས་སྲོང་བཙན་སྒམ་པོ་དང་། སློབ་དཔོན་པདྨ་འབྱུང་གནས། ས་སྐྱ་པཎྜི་ཏ། རྗེ་ཙོང་ཁ་པ་སོགས་བོད་ཀྱི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣའི་མཛད་རྗེས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཉིས་དབར་འབྲེལ་བ་དམ་ཟབ་ཡོད། དེ་ལས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཆགས་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ནས་བོད་ཀྱི་རིག་གནས་དང་རིག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བོད་ཀྱི་དུས་རབས་ཀྱི་ཁྱད་ཆོས་མངོན་པར་བྱ་རྒྱུ། བོད་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱ་རྒྱུ་བཅས་དར་སྤེལ་བཏང་ཚེ་མི་རིགས་ཁག་གི་བུ་ཕྲུག་གིས་ལག་གདང་དཔུང་སྦྲེལ་དང་ལྟ་རེས་སྲུང་རེས་བྱ་རྒྱུར་ཕན་པའི་ངོས་འཛིན་གནང་བ་རེད།
          བོད་ཀྱི་རིག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་མཁན་མི་སྣའི་བརྗོད་གཞི་གསར་གཏོད་བྱེད་པར་གཞི་ཚུགས་ཏེ། བོད་རིགས་མི་དམངས་ཀྱི་སྡིག་སྤོང་དགེ་སྒྲུབ་དང་། དྲང་བདེན་བརྩོན་ལེན། ཞི་བདེ་རེ་སྨོན་བཅས་ཀྱི་འདོད་འདུན་བཟང་པོ་གཅིག་སྡུད་ཐོག་མཚོན་པར་བྱེད་པ་དང་། མེས་རྒྱལ་རིག་རྩལ་གྱི་ལྡུམ་རའི་ནང་བོད་ཀྱི་རིག་གནས་ཀྱི་མེ་ཏོག་འདབ་བརྒྱ་ལྷུག་པོར་གྲོལ་ཏེ་དེ་བས་བཀྲག་མདངས་ལྡན་པར་འགྱུར་བར་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་སྣ་མང་གཞི་གཅིག་དང་། དུས་བདེ་མཐུན་སྒྲིལ་གྱི་ཞི་མཐུན་རྣམ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་ལ་སྔར་བས་སྲུང་སྐྱོང་བྱེད་ཆེད་བློ་གྲོས་དང་ནུས་པ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།