ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ད་ལོར་ལྷ་ས་ནས་ནང་སའི་བོད་ལྗོངས་དམའ་འབྲིང་འཛིན་གྲྭར་(སློབ་གྲྭ)སློབ་མ་བསྡུ་བའི་ཡིག་ཚད་ནང་སློབ་མ་4120ཡིས་མིང་ཐོ་བཀོད་ཡོད་པ་རེད།

སྤེལ་དུས 2019-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པ་ནི་ཡིག་ཚད་ལེན་པའི་དུས་ཚིགས་ཤིག་ཡིན། 2019ལོའི་མཐོ་རྒྱུགས་བདེ་བླག་ངང་མཇུག་འགྲིལ་རྗེས། ཟླ་6པའི་ཚེས་12ཉིན་ནས་བཟུང་སློབ་ཆུང་སློབ་མས་ཀྱང་དུས་ཡུན་ཉིན་གཉིས་རིང་གི་ཡིག་ཚད་གལ་ཆེན་ཆུང་རྒྱུགས་ལེན་དགོས་པ་རེད། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ལྷ་ས་གྲོང་ཁྱེར་ནས་ནང་སའི་བོད་ལྗོངས་དམའ་འབྲིང་འཛིན་གྲྭའི་གདམ་གསེས་ཡིག་རྒྱུགས་(བསྡུས་མིང་ལ“ཆུང་རྒྱུགས”ཟེར)ཁྲོད་དུ། ཁྱོན་བསྡོམས་མི་གྲངས་4120ཡིས་ནང་སའི་བོད་ལྗོངས་དམའ་འབྲིང་འཛིན་གྲྭའི(སློབ་གྲྭ)སློབ་བསྡུ་ཡིག་ཚད་ནང་མིང་ཐོ་བཀོད་ཡོད་པ་དང་། དེས་ད་ལོའི་སློབ་ཆུང་མཐར་ཕྱིན་སློབ་མའི་བསྡོམས་འབོར་གྱི་45%ཟིན་པ་དང་ན་ནིང་ལས་མི་གྲངས་143ཇེ་མང་དུ་ཕྱིན་ཡོད། དེའི་ནང་བོད་རིགས་དང་ལྗོངས་ནང་ཁུལ་གྱི་གྲངས་ཉུང་མི་རིགས་3684དང་། རྒྱ་རིགས་397། གྲངས་ཉུང་མི་རིགས་གཞན་པ་39བཅས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཐོ་1462ཡོད་པ་དང་གྲོང་གསེབ་ཀྱི་ཁྱིམ་ཐོ་2658ཡོད། དྭ་ཕྲུག་གི་མི་གྲངས་10ཡོད་པ་དང་།  ཡིག་ཚགས་དང་གཱ་བཟོས་པའི་མི་གྲངས་125བཅས་ཡོད། ད་ལོར་ཁྲིན་ཏུའུ་རུ་རྒྱུགས་སྤྲོད་པའི་སློབ་མ་35ཡོད་པ་རེད། ལྷ་ས་གྲོང་ཁྱེར་དུ་ཁྱོན་བསྡོམས་རྒྱུགས་ལེན་ས་ཚུགས་10དང་རྒྱུགས་ལེན་ར་བ་167བཙུགས་ཡོད། དེའི་ནང་རྫོང་(ཁུལ་)བདུན་ལ་རྒྱུགས་ལེན་ས་ཚིགས་རེ་བཙུགས་པ་དང་ཁྲེང་ཀོན་ཆུས་སུ་རྒྱུགས་ལེན་ས་ཚིགས་3བཙུགས་པ་སྟེ། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་བརྒྱད་པ་དང་། ཁྲེང་ཀོན་ཆུས་ཅང་སུའུ་སློབ་འབྲིང་དང་པོ། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ་བཅས་རེད།
          ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་8ལྷག་གི་ཚེ་ན། ཆུང་རྒྱུགས་དངོས་སུ་འགོ་ཚུགས་པར་ཆུ་ཚོད་1ཙམ་ཡོད་ནའང་དགེ་རྒན་དང་ཁྱིམ་བདག སློབ་མ་བཅས་རྒྱུགས་ལེན་ས་ཚིགས་སུ་བསླེབས་ཡོད་པ་རེད། གསར་འགོད་པས་མཐོང་གསལ་ལྟར་ན། ཆུང་རྒྱུགས་འདི་མཐོ་རྒྱུགས་དང་བསྡུར་ན་དགེ་རྒན་དང་། ཁྱིམ་བདག སློབ་མ་བཅས་ཚང་མ་བག་ཕེབས་པའི་ངང་ཚུལ་སྟོན་ཅིང་འཚུབ་ཆ་ཆེན་པོ་ལངས་ཀྱིན་མེད་པའི་གནས་ཚུལ་ངང་གིས་ཤེས་ཐུབ་ལ། བོད་ལྗོངས་དམག་ཁུལ་བརྒྱད་གཅིག་སློབ་གྲྭ་ནས་ཐོན་པའི་དགེ་རྒན་ཀའོ་ལགས་ཀྱང་ཁྱིམ་བདག་ཅིག་ཡིན་པའི་ཆ་ནས་ཐེངས་འདིའི་ཡིག་རྒྱུགས་སྐོར་གྱི་གནས་ཚུལ་གླེང་མོལ་བྱས་པ་སྟེ། ཁོང་གིས་“བྱིས་པའི་སློབ་གསོ་ནི་སློབ་གྲྭ་དང་ཁྱིམ་བདག བྱིས་པ་བཅས་ཕྱོགས་གསུམ་གྱི་མཉམ་དུ་འབད་བརྩོན་ལ་ནམ་ཡང་ཁ་འབྲལ་ཐབས་མེད། ཐེངས་འདིའི་ཆུང་རྒྱུགས་ལེན་པའི་ཆེད་དུ་སློབ་གྲྭས་སྔ་མོ་ནས་ཞིབ་ཚགས་ཆེ་བའི་བསྐྱར་སྦྱོང་དང་ཡིག་རྒྱུགས་སྔོན་གྱི་སེམས་ཁམས་ཟུར་ཁྲིད་ལས་ཀ་ལེགས་པོ་བསྒྲུབས་ཡོད་པས། བྱིས་པའི་ལུས་པོ་དང་སེམས་ཁམས་ཚང་མ་ཧ་ཅང་བདེ་ཐང་ཡིན་ཞེས་གསུངས་པ་རེད། 
          ཁྱིམ་བདག་ཅིག་ཡིན་པའི་ཆ་ནས་མི་ཕལ་ཆེ་བས་རང་གི་བྱིས་པས་སློབ་གསོ་དེ་ལས་ལེགས་པ་ཞིག་མྱོང་ཐུབ་ན་སྙམ་པའི་རེ་བ་ཤིན་ཏུ་ཆེ། “བྱིས་པས་ཀྱང་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་བླངས་ནས་སྐར་འབྲས་ལེགས་པོ་ཞིག་ལེན་པར་རེ་བ་བཅངས་ཡོད།”ཅེས་གསུངས། ཡང་ཁྱིམ་བདག་ཅིག་གིས“གང་ལྟར་བྱིས་པའི་མཐའ་མའི་སྦྱངས་འབྲས་ལ་བལྟ་དགོས”ཞེས་བཤད་པ་རེད།  
          རྒྱུགས་ཆུང་ལེན་པའི་རིང་འགྲིམ་འགྲུལ་བདེ་བླག་ལ་འགན་སྲུང་ཡོང་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཞོགས་པའི་ཆུ་ཚོད་7:00པ་ནས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་རྒྱུགས་ལེན་ས་ཚིགས་སུ་བསྐྱོད་དེ་རླངས་འཁོར་གྱི་འགྲོ་འོངས་ལ་ཁྲིད་སྟོན་བྱས། དེ་ལས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཞིག་གིས། “རྒྱུགས་སྐྱེལ་རླངས་འཁོར་ཚང་མ་ངེས་གཏན་ས་གནས་སུ་འཇོག་དགོས་པའི་བླང་བྱ་བཏོན་ཡོད”ཅེས་མཚམས་སྦྱོར་གནང་བ་རེད།   
          གཞན་ཡང་། རྒྱུགས་རའི་ཡུལ་དངོས་སུ་བྱིས་པའི་ཡིག་ཚད་བླངས་ཚར་པར་བསྒུགས་པའི་ཁྱིམ་བདག་ཅུང་མང་བའི་རྐྱེན་གྱིས། ཚང་མའི་བདེ་འཇགས་འགན་ལེན་ཡོང་ཆེད་དེར་ཆེད་དུ་སྒུག་ཁུལ་བཟོས་ཡོད་པ་དང་། སྒུག་ཁུལ་དུ་རྐུབ་སྟེགས་དང་འཐུང་ཆུ་མཁོ་འདོན་ས་ཚིགས་བཙུགས་ནས་ཚང་མར་སྟབས་བདེ་ལེགས་པོ་བསྐྲུན་ཡོད།