ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པ་དང་སྤྱི་ཚོགས་ཀྱི་བྱེད་སྒོར་ཞུགས་གནང་བ།

སྤེལ་དུས 2019-06-17 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན་བཅས་ཀྱིས་མཇལ་འཛོམས་གནང་བ་དང་ཆབས་ཅིག་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་བ།
          རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཟླ་6ཚེས་11ཉིན་གནམ་གྲུར་བཞུགས་ནས་ལྷ་སར་ཕེབས་འབྱོར་ཟིན་པ་རེད། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན་བཅས་ཀྱིས་གནམ་ཐང་དང་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུ་གནང་བ་རེད། ཚེས་13ཉིན་གྱི་ཕྱི་དྲོ་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན་བཅས་ཀྱིས་ལྷ་སར་པཎ་ཆེན་རིན་པོ་ཆེ་བཅས་པ་དང་མཇལ་འཛོམས་གནང་བ་རེད། 
          མཇལ་འཛོམས་གནང་རིང་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་པཎ་ཆེན་རིན་པོ་ཆེར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བས་སྐུ་ཉིད་བོད་དུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། 
          ད་རེས་སྐུ་ཉིད་ཕེབས་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ལ་གྲུབ་འབྲས་གསར་པ་ཐོབ་པས་སྐུ་ངོ་མས་ཉམས་སུ་མྱོང་བ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ལྷག་པར་དུ་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བར་སྐུ་ངོ་མས་ཉམས་སུ་མྱོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་བཟང་པོར་སྐུ་ངོ་མས་ཉམས་སུ་མྱོང་བ་བཅས་གནང་བའི་རེ་བ་ཡོད་ཅེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཉིད་བདེ་ཐང་ངང་འཚར་ལོངས་དང་ཡར་རྒྱས་ཡོང་བར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད། སྐུ་ཉིད་གསེར་ཁྲིར་གསོལ་པ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག ནང་ཆོས་ལ་ཞིབ་འཇུག་དང་དཀའ་སྤྱད་སྒོམ་སྒྲུབ་ཀྱིས་ཆོས་ལུགས་ཀྱི་ཡོན་ཚད་ཉིན་བཞིན་འཕེལ་བ་དང་རིག་གནས་ཀྱི་བྱང་ཚད་བརྟན་པོ་བྱུང་བ་མ་ཟད། གཞན་དང་འབྲེལ་འདྲིས་གནང་སྐབས་ཁེངས་སྐྱུང་ཞི་ལྷོད་ངང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོའི་ཉམས་འགྱུར་གང་ལེགས་མངོན་ཡོད། སྐུ་ཉིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ནན་པོ་དང་ཀྲུའུ་ཞི་ཝང་དབྱང་གི“གྲབས་ཚགས་ཚུད་དང་གཏོང་གནད་འཁེལ། སྤྱོད་བཟང་ཐེག་ཆེའི”སློབ་སྟོན་ཟབ་མོ་ཐུགས་ལ་བཅངས་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་སྟེ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་གནང་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཡར་ཐོན་གྱི་དར་ཆ་ཞིག་ཏུ་གྱུར་བ་དང་། ཆོས་ལུགས་ཀྱི་ཡོན་ཚད་དང་དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་ཟམ་མི་ཆད་པར་གོང་མཐོར་བཏང་ནས་ཆོས་ལུགས་ཀྱི་བསྟན་དོན་ཐད་སྤྱི་ཚོགས་ཡར་ཐོན་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་འགྲེལ་བཤད་བསྐྱོན་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྐུ་ཡོན་ཆེ་ཞིང་མཁྱེན་རྒྱ་ཟབ་པའི་སློབ་དཔོན་ཞིག་ཏུ་འགྱུར་བ། དད་ལྡན་མང་ཚོགས་ལ་དགའ་གཅེས་དང་། སྤྱི་ཚོགས་ལ་དོ་ཁུར། འཕེལ་རྒྱས་ལ་དོ་སྣང་བཅས་ཀྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་སྟེ་ཏང་དང་དད་ལྡན་མང་ཚོགས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྤྱི་ཚོགས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན་གྱི་དཔེ་མཚོན་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ལ། བོད་དུ་བཞུགས་རིང་སྐུ་གཟུགས་གསལ་ཐང་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས། 
          པཎ་ཆེན་རིན་པོ་ཆེས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བྱམས་བརྩེའི་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དགའ་སྤྲོ་འཁོལ་བ་དང་སྐུལ་ལྕག་ཐེབས་པའི་དྲན་གསོའི་ལོ་ཞིག་རེད། ལོ་60ཡི་གོང་དམངས་གཙོའི་བཅོས་སྒྱུར་བྱས་མེད་ན་ད་ཆའི་བོད་ཀྱི་དར་རྒྱས་གོང་འཕེལ་མེད་ལ་བོད་བརྒྱུད་ནང་བསྟན་གྱི་ད་ཆའི་དབེན་གནས་སྒོམ་སྒྲུབ་དང་། རྩ་བ་གཙང་མ་དང་ཡོང་ཁུངས་གཙང་སེལ། བསྟན་དོན་ལམ་ལྷོངས་བཅས་ཀྱི་རྣམ་པ་བཟང་པོ་འདི་ཡོང་མི་སྲིད། འདི་ལོ་དམིགས་བསལ་གྱི་ལོ་འདིར་ཕ་ཡུལ་དུ་ལོག་པ་ནི་སློབ་སྦྱོང་སྒོམ་སྒྲུབ་དང་སྤྱི་ཚོགས་ལག་ལེན་གྱི་གོ་སྐབས་ཤིག་ཡིན་པ་མ་ཟད། ཏང་གི་སྲིད་ཇུས་བོད་དུ་རྩ་བ་ཚུགས་པ་དང་། མྱུ་གུ་འབུས་པ། མེ་ཏོག་བཞད་ནས་འབྲས་བུ་བཏགས་པ་བཅས་ཀྱི་མྱོང་རོལ་ཞིག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མྱོང་རོལ་བྱེད་པའི་གོ་སྐབས་ཤིག་ཀྱང་རེད། ངས་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་དང་རྒྱ་ཁྱབ་ངང་སྤེལ་རེས་བྱས་ཏེ་རང་ཉིད་ཀྱི་ཕྲག་གི་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་པོ་སྒྲུབ་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་གི་ཡིན་ཞེས་གསུངས་པ་རེད། 
          པཎ་ཆེན་རིན་པོ་ཆེས་འདས་པའི་ལོ་གཅིག་རིང་མེས་རྒྱལ་གྱི་ས་ཕྱོགས་ཁག་ཏུ་རྟོག་ཞིབ་སློབ་སྦྱོང་དང་དེ་བཞིན་ཉེ་ཆར་ཐེ་ལན་དུ་འཚམས་འདྲིར་བསྐྱོད་དེ་ཐེ་ལན་གྱི་ནང་བསྟན་ལས་རིགས་དང་མཛའ་མཐུན་སྤེལ་རེས་བྱེད་སྐབས། ང་ལ་ཀྲུང་གོ་གུང་ཁྲན་ཏང་རླབས་ཆེན་ཡིན་པ་སྔར་བས་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། བོད་རིགས་མི་དམངས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་མྱོང་ཚོར་སྔར་བས་ཟབ་མོ་བྱུང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་གི་ངོས་ནས་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ནན་པོ་དང་། ཀྲུའུ་ཞི་ཝང་དབྱང་གི་ཐུགས་རེ་ཟབ་པའི་གསུང་བཤད། ལྗོངས་ཏང་ཨུད་དང་། སྲིད་གཞུང་། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་རེ་བ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲུལ་སྐུ་བཟང་པོ་ཞིག་དང་ཚད་དང་མཐུན་པའི་པཎ་ཆེན་ཨེར་ཏེ་ནིའི་རྒྱུན་འཛིན་པ་བཟང་པོ་ཞིག་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
          པཎ་ཆེན་རིན་པོ་ཆེས་ང་ཚོ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚོས་བོད་བརྒྱུད་ནང་བསྟན་རིགས་པའི་གཞུང་ལུགས་དང་། ལག་ལེན། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་ཏང་གི་འདོད་བློ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས། བོད་ཀྱི་དོན་དངོས་བཅས་དང་ཕན་ཚུན་ཟུང་འབྲེལ་ཧུར་ཐག་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བླང་བྱ་དང་ཕན་ཚུན་གཅིག་གྱུར་ཡོང་བའི་འདུལ་ཁྲིམས་དང་བསྟན་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ནང་བསྟན་ལ་བརྟེན་ནས་མི་སེམས་མགུ་བའི་སློབ་གསོ་གཏོང་བ་དང་། དགེ་སྒྲུབ་སྡིག་སྤོང་། འགྲོ་བ་རིགས་དྲུག་འདྲ་མཉམ་བཅས་ཀྱི་འདུ་ཤེས་དད་ལྡན་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་དགོས་ཞེས་གསུངས་པ་རེད། མཇུག་མཐར། པཎ་ཆེན་རིན་པོ་ཆེས་བོད་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་ཡོང་བའི་ཐུགས་སྨོན་གནང་བ་དང་འབྲེལ། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་རེད།
          རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྤེན་པ་བཀྲ་ཤིས་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ལྕགས་རྭ་བློ་བཟང་བསྟན་འཛིན། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས་པ་རེད།
          པཎ་ཆེན་རིན་པོ་ཆེ་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་སྐབས། གཞིས་རྩེའི་བཀྲས་ལྷུན་དགོན་དང་ལྷ་སའི་དགོན་སྡེ་ཆེ་ཁག་གི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱི་འཐུས་མིས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་གཟབ་ཤོས་ལ་བརྟེན་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།