ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཛེས་པའི་བོད་ཁུལ་འགྲིམ་པ་ཞེས་པའི་བཅར་འདྲི་བྱེད་སྒོ་འགོ་ཚུགས་པ།

སྤེལ་དུས 2019-06-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

             སྤྱི་ལོ༢༠༡༩ལོའི་ཟླ་༦པའི་ཚེས་༡༧ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་སྐད་རླུང་འཕྲིན་གྱིས་མཉམ་འབྲེལ་ཐོག་གཉེར་བའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད་མཛེས་པའི་བོད་ཁུལ་འགྲིམ་པ་ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དེ་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་དུ་གཟབ་རྒྱས་ངང་སྤེལ་ཡོད་པ་རེད

             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་ཀྲུའུ་རེན་ཚེ་དགའ་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་སྒྲིག་གཞི་ཨུ་ཡོན་དང་གསར་འགྱུར་འཕྲིན་ལམ་གྱི་སྤྱི་ཁྱབ་ལྟ་ཞིབ་པ་གཅིག་ལྕོགས་ཁྲེན་ཅུན།
             ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་དགའ་ཐེངས་འདིའི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་ཤད་ཀྱང་གནང་ཡོད། ཁོང་གིས། ཐེངས་འདིའི་བཅར་འདྲི་བྱེད་སྒོ་ནི་ས་ཁོངས་ལས་བརྒལ་བའི་རླུང་འཕྲིན་གྱི་བཅར་འདྲི་དང་གསར་འགྱུར་འགོད་སྤེལ་བྱེད་སྒོ་ཞིག་ཡིན་པས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ས་གནས་རླུང་འཕྲིན་ལས་ཁུངས་བར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་དང་། སྨྱན་སྦྱོར་མཉམ་འདྲེས་གོང་འཕེལ་གྱི་ཉམས་མྱོང་གསར་པ་དང་། བྱ་ཐབས་གསར་པ་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱས་ནས། ཁྱབ་སྤེལ་གྱི་ནུས་པ་ཆེས་ཆེ་རུ་འགྲོ་བ་བྱེད་པ་དང་། ཐུན་མོང་ཐོག་བོད་སྐད་རླུང་འཕྲིན་གྱི་གོང་འཕེལ་ལམ་བུ་གསར་པ་འཚོལ་སྙེག་བྱེད་དགོས་ཞེས་དང་། ཐེངས་འདིའི་བཅར་འདྲི་ནི་གཞི་རིམ་དུ་སྐྱོད་པ་དང་། སྤྱོད་ཚུལ་སྒྱུར་བ། རྩོམ་སྲོལ་ལེགས་བཅོས་བཅས་བྱེད་པའི་བྱེད་སྒོ་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་རྐང་ཤུགས་དང་མིག་ཤུགས། བློ་ཤུགས། སྨྱུག་ཤུགས་བཅས་ཤུགས་བཞིར་སྐུལ་འདེད་གཏོང་བའི་ལག་བསྟར་བྱེད་ཐེངས་ཤིག་ཀྱང་ཡིན་སྟབས། ང་ཚོས་དེ་བས་ཡག་པའི་སྒོ་ནས་དར་ཆ་མཐོ་སྒྲེང་དང་དམངས་སེམས་གོང་བུ་གཅིག་ཏུ་སྒྲིལ་བ། གསར་ཐོན་མི་སྣ་གསོ་སྐྱོང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། རྣམ་པ་བཟང་པོ་མངོན་པ་བྱེད་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ཏེ། བོད་འབྲེལ་གྱི་གནས་ཚུལ་ཡག་པོ་འགོད་པ་དང་། བོད་ཁུལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད་པ་རེད། གཞན་ཡང་ད་དུང་སི་ཁྲོན་དང་མཚོ་སྔོན། ཀན་ལྷོ། ཡུན་ནན་བཅས་རླུང་འཕྲིན་བརྙན་འཕྲིན་ཁང་བོད་སྐད་འཕྲིན་ལམ་གྱི་འགན་ཁུར་མི་སྣ་ཐེངས་འདིའི་མཛད་སྒོར་ཞུགས་ཡོད་པ་རེད།

བོད་སྐད་རླུང་འཕྲིན་གྱི་ཀྲུའུ་རེན་ཚེ་དགའ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

བཅར་འདྲིའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ།
             མཛེས་པའི་བོད་ཁུལ་དུ་འགྲིམ་པ་ཞེས་པའི་བཅར་འདྲི་བྱེད་སྒོའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་སོང་རིང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕོ་འགྱུར་དང་གོང་འཕེལ་དྲིལ་བསྒྲགས་གང་ལེགས་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ཞིང་ཆེན་བཞིའི་བོད་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་སྲུང་བོད་སྐྱོང་གི་གལ་ཆེའི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་དབྱང་གི་གནད་འཕིགས་དབུལ་སྐྱོར་དང་དམངས་ཕྱུག་བོད་དར་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད་པ་དང་། ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། རིག་གནས་དར་རྒྱས་ཡོང་བའི་གནས་བབ་བཟང་པོ་གང་ལེགས་མངོན་པར་བྱས་ཐོག ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་ཞུགས་པའི་ལས་ཁུངས་ཁག་གི་འགོ་ཁྲིད་དང་གསར་འགོད་པ།
             ཐེངས་འདིའི་བཅར་འདྲི་བྱེད་སྒོ་སྤྱི་ཟླ་དྲུག་པའི་ཟླ་དཀྱིལ་ནས་སྤྱི་ཟླ་བརྒྱད་པའི་བར་ཞིང་ཆེན་བཞིའི་བོད་ཁུལ་གྱི་ས་ཆ་ཁག་འགྲིམས་ནས་གནས་ཚུལ་འགོད་སྤེལ་བྱ་རྒྱུ་ཡིན་ཞིང་། སྤྱི་ཟླ་དྲུག་པའི་ཚེས་༡༧ཉིན་ནས་བཟུང་། ངེད་ལས་ཁུངས་ཀྱིས་ཐད་སྦྲེལ་དང་ཆེད་དོན་ལེ་ཚན། ཡིག་ཐོག་འགོད་སྤེལ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་བོད་སྐད་རླུང་འཕྲིན་གྱི་འཕྲིན་ལམ་དང་འཕྲིན་ཕྲན་སྤྱི་སྟེགས་ཐོག་རྒྱ་ཆེ་བའི་གྲོགས་པོ་རྣམས་ལ་འབུལ་རྒྱུ་ཡིན་པ་རེད།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་བཅར་འདྲི་ཚོགས་པ་ནས་སྤེལ།
རྩོམ་སྒྲིག་པ། སངས་སྐྱབས།