ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་བོད་ཀྱི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་ཐེབས་ངེས།

སྤེལ་དུས 2019-06-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”ཀྱི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་ཡོད་ཅིང་།“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཀྱི་བོད་ཀྱིས་ཇི་ལྟར་དམིགས་བསལ་དགེ་མཚན་སྤྱད་དེ་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་སྔར་བས་ལེན་རྒྱུ་དེ་ནི་རྒྱལ་ནང་གི་ཆེད་མཁས་མང་པོས་བགྲོ་གླེང་གནང་སའི་གྲོས་གཞིར་གྱུར་ཡོད་པ་རེད།
          ཟླ་6པའི་ཚེས་14ཉིན“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”ལྷ་སར་འཚོགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་མང་པོས“རྒྱུད་གཅིག་ལམ་གཅིག”དང་བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་འབྲེལ་བར་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འདོན་གནང་པ་རེད།

“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”ཀྱི་ཡུལ་དངོས།
          གྲོས་བསྡུར་ཚོགས་འདུའི་ཐོག་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་ལིའུ་ཧའེ་ཁྲའོ་ཡིས་བཏོན་པའི“‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་གྱིས་བོད་ཀྱི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཞོགས་འདེགས་གཏོང་བའི”གྲོས་གཞིར་དེ་གར་བཞུགས་པའི་ཆེད་མཁས་པ་ཚང་མས་གདེང་འཇོག་ཚད་མེད་ཐོབ་པ་རེད།
          དགེ་རྒན་ཆེན་མོ་ལིའུ་ཧའེ་ཁྲའོ་ཡིས།  ནང་ས་དང་བསྡུར་ན་རང་བྱུང་རྒྱུ་རྐྱེན་གྱི་དབང་གིས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཚོད་འཛིན་མང་པོ་ཐེབས་ཡོད་པ་དང་། དེས་ནི་མི་འབོར་དབུལ་པོའི་གཞི་ཁྱོན་དང་ཁྱབ་ཁོངས་བལྟོས་བཅས་ཀྱིས་ཅུང་ཆེ་བའི་གནས་ཚུལ་ཐོན་ཡོད་པ་རེད། དེ་ལྟར་ནའང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནི་བོད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་བ་དང་འགལ་བ་མེད་པར། ཚད་ངེས་ཅན་སྟེང་གཅིག་ལ་གཅིག་བརྟེན་གྱི་དྲང་ཕྱོགས་ཀྱི་འབྲེལ་བ་ཞིག་ཆགས་ཡོད་པ་དང་།“‘རྒྱུད་གཅིག་ལམ་གཅིག’གི་གྲོས་གཞིས་བོད་ལ་དེ་བས་གལ་འགངས་ཆེ་བའི་གནས་བབ་སྤྲད་ཡོད་ཅིང་། དེ་ཉིད་ལག་བསྟར་གནང་པ་དེས་བོད་ཀྱི་འཕེལ་རྒྱས་ལ་ཐོབ་དཀའ་བའི་གོ་སྐབས་བཟང་པོ་སྤྲད་ཡོད་པ་རེད”ཅེས་བསྟན་བྱུང་།

ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་པའི་རྣ་ཐོས་ལའི་མཐའ་མཚམས་ཉོ་ཚོང་བགྲོད་ལམ།
          བོད་འདི་ཉིད་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད་ཅིང་ཨེ་ཤེ་ཡ་ལྷོ་མའི་ས་བབ་དགེ་མཚན་མངོན་གསལ་ལྡན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་ཕྱི་ཕྱོགས་སྒོ་དབྱེའི་རྒྱབ་ལྗོངས་འོག བོད་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་སྐུལ་འདེད་ཤུགས་ཆེན་བཏང་བའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་བོད་རང་སྐྱོང་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་དམངས་འཚོའི་ཐོན་ལས་འཕེལ་རྒྱས། སྨན་བཅོས་སློབ་གསོ་ཡར་རྒྱས་སོགས་ཁྱབ་ཁོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་མཁོ་འདོན་གནང་ཡོད་པ་རེད།
          དགེ་རྒན་ཆེན་མོ་ལིའུ་ཧའེ་ཁྲའོ་ལྟར་ན། འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་ཁྲོད།  བོད་ཀྱིས་རང་ངོས་ཀྱི་འགྲིམ་འགྲུལ་དགེ་མཚན་འདོན་སྤེལ་བྱས་ནས་རྒྱལ་སྤྱིའི་ཡུལ་སྐོར་ཞབས་ཞུ་དང་དངུལ་རྩའི་འགན་བཅོལ་ཞབས་ཞུ། ཚོང་དོན་ཟོག་འགྲེམས་ཞབས་ཞུ་སོགས་ཀྱི་ལས་སྟེགས་གཙོ་གནད་བསྐྲུན་ནས་རང་རྒྱལ་གྱིས་ཞབས་ཞུའི་ཉོ་ཚོང་རྒྱ་ཆེར་ཤུགས་ཆེན་གཏོང་བའི་བླང་བྱ་དང་འཚམ་པོ་བྱེད་པ་དང་འབྲེལ།  ཐོན་རྫས་ཕྱིར་གཏོང་ནས་ཐོན་ལས་མཉམ་ལས་འཕེལ་རྒྱས་སུ་བཏང་སྟེ་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར། དངུལ་རྩ་བཅས་མཉམ་ལས་ཐད་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་དགོས་པར་འདོད།
          བོད་ཀྱིས་ཇི་ལྟར་བྱས་ནས་རང་ངོས་ཀྱི་འགྲིམ་འགྲུལ་དགེ་མཚན་འདོན་སྤེལ་བྱེད་དགོས་པའི་ཐད།  དགེ་རྒན་ཆེན་མོ་ལིའུ་ཧའེ་ཁྲའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“སྔོན་ཆད་བོད་ནི་འགྲིམ་འགྲུལ་ཡག་པོ་མེད་པ་དང་བལྟོས་བཅས་ཀྱིས་འགག་པའི་དབང་གིས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་མངོན་གསལ་དོད་པོ་བཟོས་ཡོད་ཅིང་། དེར་བརྟེན་བོད་ཀྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ལས་གྲྭ་ཆེ་ཤོས་ཤིག་ཏུ་བརྩིས་ནས་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་ལ། མཐའ་གཏུགས་ཀྱི་དམིགས་ཡུལ་ཡང་ས་ཁོངས་ཀྱི་འགྲིམ་འགྲུལ་དྲ་རྒྱ་ཕན་ཚུན་སྦྲེལ་མཐུད་སྔ་ཙམ་ཐུབ་པ་དང་བོད་ཀྱིས་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་ནུས་ལྡན་བྱ་རྒྱུ་དེ་རེད”ཅེས་བསྟན་བྱུང་།

བོད་ཀྱི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ལམ་རྒྱུད་ཅིག
          གསར་འགོད་པས་འབྲེལ་ཡོད་དཔྱད་ཡིག་ལས་ཤེས་རྟོགས་བྱུང་གསལ། 2013ལོའི་བར་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འགྲོ་གྲོན་སྒོར་དུང་ཕྱུར་103ཟིན་པ་དང་། མཁའ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱང་ཉེ་བའི་ལོ་ཤས་རིང་རྒྱུན་ཆད་མེད་པར་སྔར་བས་སྲ་བརྟན་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། 2018ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་652གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་ཐད་སྤྱད་དེ། གསར་དུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་8044ཟིན་པ། ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་9.74ཟིན་པས། གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བའི་ལས་གྲྭ་མཇུག་འགྲིལ་ཉེར་ཡོད་པ། ལྕགས་ལམ་དྲ་བ་སྔར་བས་རྒྱ་བསྐྱེད་དེ་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་ལས་གཉེར་གནང་ཟིན་ལ། ལྷ་ཉིང་ལྕགས་ལམ་ཡང་མགྱོགས་མྱུར་ངང་སྐྲུན་བཞིན་པའི་སྒང་རེད།
          “བོད་ཀྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་དེ་བཞིན་སྐྱེལ་འདྲེན་ནུས་པ་ཆེ་བའི་ལྕགས་ལམ་དྲ་བ་རིམ་བཞིན་ འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དེས་ས་གནས་དེ་གའི་འཕེལ་རྒྱས་ལ་སྟབས་བདེ་དེ་བས་མང་པོ་བསྐྲུན་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགན་ལེན་དེ་བས་ལེགས་པ་བྱེད་ངེས་རེད”ཅེས་ལིའུ་ཧའེ་ཁྲའོ་ཡིས་དེ་སྐད་བརྗོད་བྱུང་།