ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་11འདས་གྲོངས་སུ་ཕྱིན་པ་དང་། སི་ཁྲོན་ཁྲང་ཉིང་དུ་མུ་མཐུད་ས་འགུལ་རོགས་སྐྱོབ་བྱེད་བཞིན་ཡོད།

སྤེལ་དུས 2019-06-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཟླ་6པའི་ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་55ཡི་སྟེང་། སི་ཁྲོན་ཞིང་ཆེན་དབྱི་པེན་གྲོང་ཁྱེར་ཁྲང་ཉིང་རྫོང་དུ་རིམ་པ་6.0ཡིན་པའི་ས་འགུལ་བྱུང་། ཚེས་18ཉིན་གྱི་ཆུ་ཚོད་5དང་སྐར་མ་20ཡི་བར་དུ།  ས་འགུལ་ཁྲོད་ཁྱོན་བསྡོམས་མི་11འདས་གྲོངས་(ཁྲང་ཉིང་ནས་མི་8དང་།  གུང་རྫོང་ནས་མི་3།)སུ་ཕྱིན་པ་དང་།  མི་122ལ་རྨས་སྐྱོན་ཐེབས་ཡོད། ཁྲང་ཉིང་དུ་མི་14ཕྱིར་འབུད་ཐུབ་མེད་ལ།  དེ་ལས་མི་13བསྐྱབས་པ་དང།(མི་6འདས་གྲོངས་སུ་ཕྱིན།) མི་1ད་དུང་སྐྱོབ་བཞིན་ཡོད་ལ།  ཚེ་སྲོག་གི་ཉེན་ཁ་མེད།
ས་གནས་ཀྱིས་ཉེན་བརྡ་བཏང་བ།
            སི་ཁྲོན་ཁྲང་ཉིང་དུ་རིམ་པ་6.0ཅན་གྱི་ས་འགུལ་བྱུང་རྗེས།  སྐབས་བསྟུན་བདག་དམ་པུའུ་ཡིས་མྱུར་དུ་ཉེན་བརྡ་བཏང་བ་དང་། སྐབས་བསྟུན་རས་གུར་5000ལྷག་དང་།  ལྟེབ་སྒྲིལ་ཉལ་ཁྲི་ཁྲི་1དང་།  སྲིང་བལ་ཉལ་ཆས་ཁྲི་2བཀོད་སྒྲིག་བྱས་ནས།  ས་འགུལ་རོགས་སྐྱོབ་གྱི་བྱ་བར་རྒྱབ་སྐྱོར་བྱས། 
            སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་རིམ་པ་གཉིས་པའི་ཉེན་བརྡ་བཏང་བ་དང་། སྟོབས་ཤུགས་རྩ་འཛུགས་བྱས་ནས་ས་འགུལ་གནོད་སྐྱོན་ས་ཁུལ་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། སྟོབས་ཤུགས་ཡོད་དགུས་རྨས་ཐེབས་མི་སྣ་རོགས་སྐྱོབ་བྱས།  གནོད་ཐེབས་ས་ཁུལ་གྱི་མི་རྣམས་ལུགས་མཐུན་ངང་ས་གཞན་དུ་སྤོས་ནས་གནས་བཅའ་བ་དང་། མིག་སྔར།  དྲག་ཆས་ཉེན་རྟོག་པ་དང་། མེ་གསོད་རུ་ཁག་སོགས་ཀྱི་སྟོབས་ཤུགས་གནོད་ཐེབས་ས་ཁུལ་དུ་བཏང་ནས།  གནོད་ཐེབས་རོགས་སྐྱོབ་ཀྱི་བྱ་བ་སྤེལ་བཞིན་ཡོད།



ཕྱིར་འབུད་མ་ཐུབ་པའི་མི་མང་པོ་བསྐྱབས་པ།
            ཟླ་6པའི་ཚེས་17ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཡི་སྟེང་། ཁྲང་ཉིང་དྲག་ཆསཉེན་རྟོག་རུ་ཁག་བར་མའི་བཀོད་འདོམས་པ་ཝང་ལི་ཏུང་གིས་སྐབས་བསྟུན་འཛིན་གྲྭ་ཁྲིད་ནས་ཆས་པ་དང་།  རྐང་ཐང་དུ་ས་འགུལ་ལྟེ་གནས་ཧྲེང་ཧའོ་གྲོང་རྡལ་གྱི་ནུབ་ལམ་དུ་སླེབས་ནས་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རོགས་སྐྱོབ་བྱ་བའི་འགོ་ཚུགས།  མང་ཚོགས་ཀྱིས་རོགས་སྐྱོབ་རེ་ཞུ་འབྱོར་རྗེས།  དཔོན་དམག་རྣམས་ཀྱིས་ཁང་བརྩེགས་རྙིང་པ་ཁ་ཤས་བརྡིབས་ཡོད་པ་མཐོང་།  མང་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན་མི་ཁ་ཤས་ཕྱིར་འབུད་ཐུབ་མི་འདུག   རྩད་གཅོད་བྱས་རྗེས་དཔོན་དམག་རྣམས་ཀྱིས་ཁང་པ་བརྡིབས་པའི་འོག་ཏུ་ཚེ་སྲོག་གི་རྟགས་མཚན་ཡོད་པ་ཤེས།  ཞིག་རོ་དེ་གཙོ་བོ་གདུང་མ་དང་རྡོ་ཡིས་གྲུབ་ཡོད།  དཔོན་དམག་རྣམས་ཀྱིས་ ལམ་སེང་རོགས་སྐྱོབ་རྒྱུ་ལམ་བཟོས་པ་རེད།  ཕྱིར་འབུད་ཐུབ་མེད་པའི་མི་གཅིག་མཚན་མོའི་ཆུ་ཚོད་0དང་སྐར་མ་20ཡི་སྟེང་དུ་སྐྱོབ་ཐུབ་པ་བྱུང་།  མིག་སྔའི་བར་མི་མང་པོ་ཞིག་བསྐྱབས་ཐུབ་ཡོད་ལ།  རོགས་སྐྱོབ་ཀྱི་བྱ་བ་ད་དུང་མུ་མཐུད་སྤེལ་བཞིན་ཡོད།
ཁྲིན་ཡུའུ་མྱུར་བགྲོད་གཞུང་ལམ་དང་།  ཁྲིན་ཙི་ལུའུ་མྱུར་བགྲོད་གཞུང་ལམ་དུ་ཤར་གཏོང་བརྒྱུད་ལམ་བཏང་ཡོད་པས། བཟུང་སྤྱོད་མི་བྱེད་རོགས།
            སི་ཁྲོན་མྱུར་བགྲོད་སྤྱི་བདེ་ཡན་ལག་ཅུས་དང་པོ་ནས་བཏང་བའི་གནས་ཚུལ་ལྟར་ན།  ཁྲིན་ཏུའུ་གྲོང་ཁྱེར་མཐའ་འཁོར་གྱི་ཞ་རོང་མྱུར་བགྲོད་G76རྟགས་ཅན་གྱི་ཁྲིན་ཡུའུ་བར་རྒྱུད་དང་རུང་ཙུང་མྱུར་བགྲོད་G4215རྟགས་ཅན་གྱི་ཁྲིན་ཙི་ལུའུ་་ཡི་བར་རྒྱུད་ཚང་མར་ཆེད་དུ་ཤར་གཏོང་བརྒྱུད་ལམ་བཏང་ནས།  མྱུར་སྐྱོབ་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་པར་ཁག་ཐེག་བྱས་ཡོད།  མྱུར་བགྲོད་འགྲིམ་འགྲིལ་ཉེན་རྟོག་པས་ཡར་མར་གྱི་འགྲུལ་སྐྱོད་རླངས་འཁོར་དག་གིས་མྱུར་སྐྱོབ་རླངས་འཁོར་རུ་ཁག་ལ་ལམ་འབྱེད་པར་དོ་སྣང་དང་།  ཆེད་གཏོང་བརྒྱུད་ལམ་བཀག་འགོག་དང་བཟུང་སྤྱོད་མི་རུང་བར་གསལ་འདེབས་བྱས་ཡོད།

མཚན་མོར་ཆར་བ་འབབ་པ་མང་བས།  ས་གཤིས་གནོད་སྐྱོན་ལ་དོགས་ཟོན་བྱེད་དགོས།
            ཚོད་དཔག་ལྟར་ན་ས་འགུལ་གནོད་ཐེབས་ས་ཁུལ་(ཁྲང་ཉིང་།)དུ་མ་འོངས་པའི་ཉིན་གསུམ་གྱི་རིང་གི་གནམ་གཤིས་གནས་ཚུལ་ནི་གཤམ་གསལ་ལྟར་ཡིན་ཏེ།  ཚེས་18ཉིན་ལ་ཆར་ཆུང་ཆུང་ནས་གནམ་འཐིབ་པ་དང་། ཚེས་19ནས་ཚེས་20བར་ཉིན་མོར་གཙོ་བོ་གནམ་འཐིབ་ནས་སྤྲིན་མང་བ།  མཚན་མོར་ཆར་ཆུང་ཆུང་འབབ་རྒྱུ་རེད།  དེ་རུ་ས་འགུལ་གནོད་ཐེབས་ཁུལ་མཐའ་འཁོར་གྱི་ཁྲང་ཉིང་རྫོང་ཧྲེང་ཧའོ་གྲོང་རྡལ་དང་། ལུང་ཐའོ་གྲོང་རྡལ། མའེ་ཏུང་གྲོང་རྡལ་བཅས་ཚུད། གུང་རྫོང་གི་གུང་ཆོན་གྲོང་རྡལ་དང་ཏའེ་ཏུང་གྲོང་རྡལ་དུ་མ་འོངས་པའི་ཉིན་གསུམ་གྱི་རིང་ལ་གཙོ་བོ་གནམ་འཐིབ་པ་དང་།  མཚན་མོར་ཆར་བ་མང་རྒྱུ་རེད།  ཆེས་དམའ་བའི་དྲོད་ཚད་ནི་21~24℃བར་ཡིན་ལ།  ཆེས་མཐོ་བའི་དྲོད་ཚད་ནི་27~31℃བར་ཡིན།  ཉེ་ལམ་ཆར་བ་འབབ་སྐབས་མང་བས།  ལམ་དུ་བརླན་གཤེར་ཆེ་ཞིང་།  རླངས་འཁོར་སྐྱོད་སྐབས་བདེ་འཇགས་ལ་མཉམ་འཇོག་བྱེད་དགོས།  དེ་དང་ཆབས་ཅིག་རུ་ཁུལ་གྱི་ལམ་རྒྱུད་ས་གཤིས་གནོད་སྐྱོན་ལ་དོ་སྣང་བྱེད་དགོས་ལ།  ལྷག་པར་དུ་གཞུང་ལམ་འགྲམ་གཉིས་ཀྱི་རི་བོ་ཉིལ་བ་(རྦབ་རྡོ་འགྲིལ་བ)སོགས་ཀྱི་ས་གཤིས་གནོད་སྐྱོན་ལ་དོ་སྣང་ཆེན་པོ་བྱེད་དགོས།