ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བྱུང་བ།

སྤེལ་དུས 2019-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

          ཉེ་ཆར། འཕྱོངས་རྒྱས་རྫོང་གིས་2019ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ནང་རྫོང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་12ནང་ནས་མི་རིགས་ཀྱི་ཕུལ་བྱུང་གྱོན་གོས་དང། བཟོ་རྩལ་ཐོན་རྫས། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་རོལ་དབྱངས་སོགས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་ཤིང་། འདི་ནི་འགྲེམས་སྟོན་བྱ་ཡུལ་ཡིན་པ།
          ཟླ་6ཚེས་8ཉིན་གྱི་ཆུ་ཚོད་19ཐོག་ལྷ་སའི་གྲོང་ནུབ་ཏུ་ཡོད་པའི་བོད་ལྗོངས་ལྷ་མོ་ཚོཌ་པའི་སྒྱུ་རྩལ་ལྟེ་གནས་སུ་ཕྱོཌ་བཞི་མཚམས་བརྒྱད་ནས་ཡོང་བའི་ལྷ་མོར་དགའ་མཁན་མ་གྲོས་མཉམ་འཛོམས་བྱུང་ཞིང་། དེ་ཉིན་དགོང་མོ་ལྷ་མོ་འདི་ཉིད་མཉམ་འབྲེལ་རྒྱལ་ཚོཌ་མིའི་རིཌ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བདམས་ནས་ལོ་བཅུ་འཁོར་བའི་གྲུབ་འབྲས་སྙན་སེང་འཁྲབ་སྟོན་དེ་གར་གཉེར་ཡོད།
          དུས་རབས་གསར་པར་ལྷ་མོའི་སྒྱུ་རྩལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་དྲིལ་བསྒྲགས་བྱ་ཆེད། 2019ལོའི“རིག་གནས་དང་རང་བྱུང་མངོན་མིན་ཤུལ་བཞག་ཉིན་མོ”འཆར་བ་དང་བསྟུན་ནས་གྲུབ་འབྲས་སྙན་སེང་འཁྲབ་སྟོན་བོད་ལྗོངས་ལྷ་མོ་ཚོགས་པའི་སྒྱུ་རྩལ་ལྟེ་གནས་སུ་བསྟུད་མར་འཁྲབ་སྟོན་ཐེངས་གསུམ་བྱས་པ་རེད།
          ལོ་བཅུའི་གོང་དུ་བོད་ཀྱི་ལྷ་མོ་གྲུབ་འབྲས་ཐོབ་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་བརྩམས་ཆོས་མིང་གཞུང་ནང་ཚུད་པར་བརྟེན་བོད་ལ་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་བརྩམས་ཆོས་མེད་པའི་སྟོང་ཆ་བསྐངས་ཡོད།
          བོད་ཀྱི་ལྷ་མོར་ལོ་རྒྱུས་ཡུན་རིང་ལྡན་ལ་འཁྲབ་གཞུང་མང་བ་དང་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཞིང་། དེ་ཉིད་རྣམ་ཐར་དང་། གླུ་གར། འཁྲབ་སྟོན། སྒྱུ་རྩལ། རྩོམ་རིག་བཅས་གཞི་གཅིག་ཏུ་བདུས་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི“རིག་གནས་ཀུན་འདུས་དེབ”དང་རང་རྒྱལ་ས་གནས་ཟློས་གར་གྱི“འགྱུར་རྡོ་གསོན་པོ”ཞེས་གྲགས་ལ་ཀྲུང་ཧྭ་མི་རིགས་རིག་གནས་མཆོག་ནོར་ཞིག་རེད།
          ལོ་བཅུའི་རིང་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་གར་སྟེགས་ཐོག་འཁྲབ་སྟོན་བྱས་པར་བརྟེན་བརྒྱུད་ལམ་སྣེ་མང་ཐོན་ཁུངས་མཛོད་བསྐྲུན་པའི་རྣམ་གྲངས་དུས་གཅིག་ཏུ་འཕེལ་རྒྱས་བྱུང་ཞིང་། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་མི་རྒྱུ་དངུལ་གསུམ་བཏང་ནས་དུས་རབས་གསར་པའི་ལྷ་མོའི་འཁྲབ་གཞུང《གསེར་ལྡོག་ཅན་གྱི་ཁྱིམ་གཞིས》དང་། 《སྙན་འཇེབས་ལྡན་པའི་སྒྲ་སྙན》《བོད་སྤོས་ཀྱི་དྲི་ཞིམ》བཅས་གསུམ་འཁྲབ་སྟོན་བྱས་ཡོད།
          ཐང་ཆེན་ཐོག་འཁྲབ་སྟོན་བྱེད་པ་ནས་དེང་རབས་གར་སྟེགས་སྒྱུ་རྩལ་ལ་འཕེལ་རྒྱས་བཏང་ནས་གང་འདྲ་བྱས་ཏེ་ལྷ་མོའི་སྔར་ཡོད་ཀྱི་སྒྱུ་རྩལ་རྣམ་པ་དང་ཡིད་དབང་འགུག་ཤུགས་མི་ཉམས་བྱ་རྒྱུ་དེ་དུས་རབས་གསར་པའི་ལྷ་མོའི་ལས་དོན་པ་ཚོའི་མནོ་བསམ་གཏོང་ཡུལ་ཞིག་རེད།
          རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་དེ་སྔའི་ལྷ་མོའི་འཁྲབ་སྟོན་པ་བསོད་ནམས་ཆོས་སྒྲོན་ནི་ན་གཞོན་འཁྲབ་ཁྲིད་པ་ཞིག་ཡིན་ཞིང་། ཁོང་གིས་སྔ་རྗེས་སུ་དེང་རབས་ཀྱི་ནང་དོན་ལྡན་པའི་ལྷ་མོ《བོད་སྤོས་ཀྱི་དྲི་ཞིམ》ཞེས་པ་དང་ནུབ་ཕྱོགས་ཀྱི་གྲགས་ཅན་རྩོམ་རིག《ཐུའུ་ལན་ཏོ》ཞེས་པ་བོད་ཀྱི་ལྷ་མོར་གསར་རྩོམ་བྱས་ཡོད།
          རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་སྐོང་འཁྲབ་ཐེངས་བཞི་པ་དང་ཐེངས་ལྔ་པའི་ཐོག《གསེར་མདོག་ཅན་གྱི་ཁྱིམ་གཞིས》དང《སྙན་འཇེབས་ལྡན་པའི་སྒྲ་སྙན》ལ་གསེར་གྱི་བྱ་དགའ་ཐོབ་ཅིང་། “ཀྲུང་གོའི་ཟློས་གར་གྱི་ཁམ་བུའི་མེ་ཏོག་བྱ་དགའ”ཐོབ་མྱོང་བའི་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་དཔའ་ལྡན་དབང་ཕྱུག་གིས“རིག་གནས་ལ་ཚད་བཀག་མེད། སྒྱུ་རྩལ་ལ་མུ་མཐའ་མེད། སྒྱུ་རྩལ་ནི་བསམ་པའི་རྒྱགས་ཕྱེ་ཡིན”ཞེས་བཤད་བྱུང་།
          ད་ཆ་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་1080དང་འགྲེམས་ཁུལ་དྲུག་ཡོད་པའི་ཀྲུང་གོའི་ལྷ་མོའི་རྟེན་རྫས་བཤམས་མཛོད་ཁང་སྐྲུན་བཞིན་ཡོད་ཅིང་། དཔའ་ལྡན་དབང་ཕྱུག་གིས་ཀྲུང་གོའི་ལྷ་མོའི་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ་དེ་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་མོ་འདི་ཉིད་དྲིལ་བསྒྲགས་དང་། དར་སྤེལ། སྲུང་སྐྱོང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་བཤད།
          ལྷ་མོ་ཕུད་ད་དུང་གླིང་སྒྲུང་དང་བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་སྔ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་གཞུང་ནང་ཚུད་ཡོད།
          ད་ལོ་ལོ་80ལ་སླེབས་པའི་བཀྲ་ཤིས་ཚེ་རིང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གར་པའི་རྒྱུན་འཛིན་པ་རེད་ལ། ལྷ་སའི་སྟོད་གཞས་དང་ལྷ་སའི་སྒྲ་སྙན་གྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའང་རེད། ཁོང་ད་ཆ་སྔར་བཞིན་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལས་དོན་ལ་འབད་བཞིན་ཡོད།
          སེམས་བག་ཡངས་པའི་བགྲེས་སོང་ཁོང་གིས་བོད་གསར་རྙིང་བརྒྱུད་མྱོང་ཞིང་། ཁོང་ནི་བོད་རྙིང་པར་ཕོ་བྲང་པོ་ཏ་ལའི་གར་པ་ཉི་ཤུའི་ནང་གི་གྲས་རེད། དུས་རབས་གསར་པར་དགེ་རྒན་གནང་སྟེ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་སློབ་གསོ་དང་ཞིབ་འཇུག་ལས་ལ་གཞོལ་བཞིན་ཡོད།
          བོད་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ནང་ལོ་70ཡན་དུ་སླེབས་མཁན་གྱིས་35%བཟུང་ཡོད། 2018ལོའི་ཟླ་བཅུ་པར་ཚེ་མཆོག་གླིང་དུ་ཐང་གའི་སྒྱུ་རྩལ་རྟེན་གཞི་བསྐྲུན་ཞིང་། ཐང་གའི་དགེ་རྒན་ལྷུན་གྲུབ་པ་སངས་དང་སངས་རྒྱས་དོན་གྲུབ་ཀྱིས་དེ་སྔའི་ལྷ་ས་ཀརྨ་དགོན་གསར་དུ་བཙུགས་པའི་ཐང་ག་བཞེངས་ཁང་དེ་གར་སྤོས་ཡོད།
          རྟེན་གཞིར་ཁོང་གཉིས་ཀྱི་དགེ་ཕྲུག་བློ་རྩེ་གཅིག་སྒྲིམ་གྱིས་ཐང་ག་བཞེངས་བཞིན་འདུག སངས་རྒྱས་དོན་གྲུབ་ཀྱིས་ད་ཆ་བོད་ཀྱི་ཐང་གའི་སྒྱུ་རྩལ་ལ་གསར་གཏོད་དང་འཕོ་འགྱུར་གྱི་རྣམ་པ་བརྒྱུད་བཞིན་ཡོད། འོན་ཀྱང་སྲོལ་རྒྱུན་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ཡར་རྒྱས་གཏོང་དགོས་ལ་གུས་སྐྲག་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་ཡོད་དགོས་ཞེས་གསུང་བྱུང་།
          གྲངས་གཞི་ལས་མངོན་པར། བོད་དུ་ད་ཆ་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྟེན་གཞི་84དང་རིམ་པ་ཁག་དང་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གནས་165དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96 རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་460དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་350བཅས་ཡོད་པ་རེད།
          ལྗོངས་ཡོངས་སུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་མ་ལག་བསྐྲུན་པར་བརྟེན་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་ཁག་གཅིག་གྲུབ་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་མ་དངུལ་སྒོར་ཁྲི་1200བཏང་ནས་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པར་ཁ་གསབ་དངུལ་མི་རེར་ལོ་རེར་སྒོར་ཁྲི་གཅིག་མཐོ་རུ་བཏང་བ་དང་ཁ་གསབ་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།