ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་གཞིས་རྩེར་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2019-06-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཝུའུ་དབྱིང་ཅེས་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་ཁང་ནང་རྣམ་གྲངས་འཛུགས་སྐྲུན་དང་། དཔལ་འབྱོར་གྱི་ཕན་འབྲས། ལས་ཞུགས་ལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ།
              ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་རང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་དམིགས་ཏེ་བརྟག་ཞིབ་གནང་བ་རེད། ཝུའུ་དབྱིང་ཅེས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཆུ་ཚད་མཐོ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་དམིགས་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་འབྲོག་ལས་ནང་ཚན་རྩལ་འདུས་ཚད་རྒྱུན་ཆད་མེད་པར་མང་དུ་གཏོང་བ།
              སློབ་ཆེན་སློབ་མ་དེ་བས་མང་བ་དེང་རབས་ཞིང་འབྲོག་ལས་དང་གྲོང་གསེབ་དར་རྒྱས་ཀྱི་ཞབས་ཞུའི་ནང་ཞུགས་རྒྱུའི་ཡིད་དབང་འགུག་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
              ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་དང་བཅས་པ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
              དུས་ཡུན་རིང་པོར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་འོག པ་སྣམ་རྫོང་གིས་ཤིང་འབྲས་དང་སྔོ་ཚལ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས། མིག་སྔར་མུའུ་ཁྲི་ཡི་སྔོ་ཚལ་ཐོན་ལས་རྟེན་གཞི་བསྐྲུན་ནས་ཐོན་ལས་མཉམ་འདྲེས་དང་། ཐོན་གྲོང་མཉམ་འདྲེས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བཅས་ཀྱི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་ཆགས་ཡོད་པ་རེད། གསར་དུ་བསྐྲུན་པའི་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་བཤམས་སྟོན་གླིང་རྣམ་གྲངས་ཀྱི་རྒྱ་ཁྱོན་མུའུ་1310ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་6བཏང་ཞིང་། དེ་ནི་ཞིང་ལས་འདེབས་འཛུགས་ལག་རྩལ་གསར་གཏོད་ཞིབ་འཇུག་དང་། གྲུབ་འབྲས་འགྲེམས་སྟོན་འགྲེམས་ཚོང་། ཕྱོགས་བསྡུས་ཞབས་ཞུ་དོ་དམ། སྣོད་བཅུད་སྤྲོ་གསེང་ཡུལ་སྐོར་སོགས་གཅིག་ཏུ་འདུས་པའི་ཞིང་སྡེའི་ཕྱོགས་བསྡུས་རྣམ་གྲངས་ཤིག་ཡིན། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་གླིང་ཁུལ་གྱི་འགན་འཁུར་བ་དང་། སློབ་ཆེན་སློབ་མའི་ལག་རྩལ་པ། ཐོན་ལས་བཟོ་པ་བཅས་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་རྣམ་གྲངས་འཛུགས་སྐྲུན་དང་། དཔལ་འབྱོར་གྱི་ཕན་འབྲས། ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
              ཝུའུ་དབྱིང་ཅེས་ཞིང་འབྲོག་ཁུལ་དར་རྒྱས་དང་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར། ཆེད་ལས་ལག་རྩལ་ཁོང་དུ་ཆུད་པའི་ཞིང་འབྲོག་ལས་ཀྱི་ཤེས་ལྡན་མི་སྣ་དགོས་གལ་ཤིན་ཏུ་ཆེ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བས་ཁྲོམ་ར་བརྒྱུད་དེ་ལས་ཞུགས་ཐུབ་པ་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་བྱས་ནས་སློབ་ཆེན་སློབ་མ་དེ་བས་མང་བ་དེང་རབས་ཞིང་འབྲོག་ལས་དང་གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཞུགས་རྒྱུའི་ཡིད་དབང་འགུགས་དགོས། ཚན་རྩལ་རྣམ་པའི་ཞིང་འབྲོག་ལས་ཁེ་ལས་ཀྱིས་མཐོ་སློབ་དུ་བསྐྱོད་དེ་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ནས་ཚན་ཞིབ་ནུས་པ་དང་ཆེད་ལས་རྩལ་ནུས་ལྡན་པའི་སློབ་ཆེན་སློབ་མ་ཁེ་ལས་ཀྱི་འཕེལ་རྒྱས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རམ་འདེམས་བྱེད་དགོས་ཞེས་གསུངས་པ་རེད།
              ཝུའུ་དབྱིང་ཅེས་གླིང་ཁུལ་གྱིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་སྐུལ་ཁྲིད་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ལས་དོན་མི་སྣས། མིག་སྔར་རིམ་རྩིས་བྱས་ན་རྣམ་གྲངས་དེས་ས་ཞིང་བརྒྱུད་བཤུག་མ་དངུལ་སྒོར་ཁྲི་3930སྤྲད་པ་དང་། ཞིང་དུད་70ལྷག་ལ་ཕན་པ་ཐོབ་པ། ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི་101.98བགོས་པ། ས་གནས་དེ་གའི་གནས་སྐབས་ལས་མི་མི་ཐེངས་ཁྲི་12.5བསྡུས་པར་གླ་ཆ་སྒོར་ཁྲི་2025སྤྲད་ཡོད་པ་རེད། གོམ་སྟབས་རྗེས་མར། དེང་རབས་ཞིང་ལས་མ་ལག་བསྐྲུན་ནས་ལས་ཞུགས་ལས་གནས་400ལྷག་ཙམ་མཁོ་འདོན་བྱས་ཏེ་མང་ཚོགས་ཐག་ཉེ་ས་དང་ཕ་ཡུལ་ནས་བྲལ་མི་དགོས་པར་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
              ཝུའུ་དབྱིང་ཅེས་བརྟག་ཞིབ་གནང་རིང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཐད་གནང་བའི་འཐབ་ཇུས་ཤིག་ཡིན་པ་དང་། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་བརྟན་པོ་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་ཀྱི་བླང་བྱར་གཞིགས་པ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། ཉེ་དུས་མང་ཚོགས་ཀྱི་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ཐད་ནུས་པ་ཐོན་པའི་མྱུར་སྒྲུབ་ཀྱི་དམངས་ཕྱུག་ཐོན་ལས་དང་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཐོན་པའི་འཐབ་ཇུས་ཐོན་ལས་ལ་སྤྱི་འདོམས་ཇུས་འགོད་ཡག་པོ་བྱེད་པ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོ་རུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་གང་མགྱོགས་སྐྲུན་པ་བཅས་བྱས་ཏེ་དེང་རབས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱེད་པ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཞིང་དུད་ཆུང་ངུ་དང་དེང་རབས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ནུས་ལྡན་ངང་སྦྲེལ་མཐུད་བྱེད་དགོས། ཞིང་འབྲོག་ལས་ཀྱི་ཚན་རྩལ་འཕེལ་རྒྱས་གཏོང་བ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཞིང་འབྲོག་ལས་དེང་རབས་ཅན་ལ་ཚན་རྩལ་གྱི་གཤོག་ཟུང་བསྒར་བ་དང་། གྲུབ་འབྲས་ཐོན་པའི་རྣམ་པ་གང་མགྱོགས་ཁྱབ་གདལ་བཏང་སྟེ་ཐོན་ལས་དབུལ་སྐྱོར་ལ་རམ་འདེགས་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།