ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨོ་རྩལ་འགྲན་ཚོགས་ནང་ཨང་དང་པོ་ཐོབ་མཁན་ལུས་རྩལ་པ་བོད་དུ་བསྐྱོད་དེ་ལུས་རྩལ་གྱི་སྙིང་སྟོབས་མཉམ་སྤྱོད་དང་ལུས་རྩལ་པ་དབུལ་པོར་འཚམས་འདྲི་བྱས་པ།

སྤེལ་དུས 2019-06-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
འདི་ནི་ཟླ་6ཚེས་21ཉིན“ཚང་མས་ལུས་རྩལ་གླེང་ཞེས་པའི་ནང་ཚན་ལུས་རྩལ་པ་ཨང་དང་པོའི་ངོ་ཐུག་གདོང་འཕྲད”བྱེད་སྒོར་སྐུ་མགྲོན་ཚོ་མཉམ་དུ་བཞུགས་པའི་གནས་ཚུལ་ཡིན་པ།
             ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། “ཚང་མས་ལུས་རྩལ་གླེང་ཞེས་པའི་ནང་ཚན་ལུས་རྩལ་པ་ཨང་དང་པོའི་ངོ་ཐུག་གདོང་འཕྲད”ཅེས་པའི་བྱེད་སྒོ་བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭར་གཉེར་ཅིང་། ཨོ་རྩལ་འགྲན་ཚོགས་ཀྱི་རྐྱལ་མཆོང་ལུས་རྩལ་ནང་ཨང་དང་པོ་ཐོབ་མཁན་ཀའོ་མའེ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་ནང་ཨང་དང་པོ་ཐོབ་མཁན་ཝང་ལི་ཕིང་སོགས་ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་ལུས་རྩལ་འགྲན་ཚོགས་ནང་ཨང་དང་པོ་ཐོབ་མཁན་ལུས་རྩལ་པ་བརྒྱད་ལྷ་སར་མཉམ་འཛོམས་བྱས་ཏེ་བོད་ཀྱི་ན་གཞོན་ལུས་རྩལ་པ་ཚོར་རང་ཉིད་ཀྱི་ལུས་རྩལ་མི་ཚེའི་སྐོར་བརྗོད་དེ་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་མཉམ་དུ་མྱོང་རོལ་བྱས་པ་རེད།
             ད་ཐེངས་ཀྱི་བྱེད་སྒོ་ནི་པེ་ཅིང་ཤིན་ནེང་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། བོད་ལྗོངས་5100ལུས་རྩལ་འཕེལ་རྒྱས་ཆེད་དོན་ཐེབས་རྩ་བཅས་ཀྱིས་མཉམ་དུ་སྤེལ་བའི“ཤིན་ནེང་སློབ་རོགས་རྣམ་གྲངས། བོད་ཀྱི་བྱ་སྤྱོད”ཀྱི་ཆ་ཤས་ཤིག་ཡིན་ཞིང་། རྩལ་ཁྲིད་པ་དང་ན་གཞོན་ལུས་རྩལ་པ་བརྒྱ་ལ་ཉེ་བ་བྱེད་སྒོར་ཞུགས་ཡོད་པ་རེད།
             ལུས་རྩལ་པ་བརྒྱད་པོས་ལྷ་སའི་མཉམ་སྤྱོད་བྱེད་སྒོ་ཕུད་ད་དུང་ལྷོ་ཁ་དང་། ཆབ་མདོ། ཉིང་ཁྲི། གཞིས་རྩེ་སོགས་སུ་བསྐྱོད་ནས་ས་གནས་དེ་གའི་ལུས་རྩལ་སློབ་གྲྭའི་ལུས་རྩལ་པ་ཚོར་ལག་རྩལ་མཛུབ་ཁྲིད་དང་སྤེལ་རེས་བྱས་པ་འབྲེལ་དཀའ་ངལ་ཡོད་པའི་ལུས་རྩལ་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་ནས་ཁྱིམ་བདག་གིས་ཕྲུ་གུ་མུ་མཐུད་ལུས་རྩལ་སྦྱོང་བརྡར་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཡོད། གཞན་ཡང་ད་ཐེངས་ཀྱི་བྱེད་སྒོར་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གཞོན་ནུ་ལོ་ཆུང་གི་ལས་ཞོར་ལུས་རྩལ་སློབ་གྲྭའི་རྩལ་ཁྲིད་པ་དང་ལུས་རྩལ་པ་495ལ་ལུས་རྩལ་གྱི་གྱོན་ཆས་དང་བྱ་སྤུའི་གྱོན་ཆས་སོགས་ཞལ་འདེབས་བརྒྱབ་པ་རེད།
             ཤིན་ནེང་སྤྱི་ཕན་ཐེབས་རྩ་ཚོགས་པའི་ཁོངས་མི་ཨོ་རྩལ་འགྲན་ཚོགས་ཀྱི་རྐྱལ་མཆོང་ལུས་རྩལ་གྱི་ཨང་དང་པོ་ཐོབ་མཁན་ཀའོ་མའེ་ཡིས་ཤིན་ནེང་སྤྱི་ཕན་ཐེབས་རྩ་ཚོགས་པ་དེ་ཨོ་རྩལ་འགྲན་ཚོགས་ནང་ཨང་དང་པོ་ཐོབ་མཁན་དང་འཛམ་གླིང་ལུས་རྩལ་ནང་ཨང་དང་པོ་ཐོབ་མཁན་100ལྷག་ཙམ་གྱིས་མཉམ་དུ་གཉེར་བ་ཞིག་རེད། དེའི་དམིགས་ཡུལ་ནི་གཞི་རིམ་དུ་ཡོད་པའི་ཀྲུང་གོའི་ལུས་རྩལ་གྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་པར་རོགས་དངུལ་གཏོང་བ་དང་དེ་བཞིན་ལུས་རྩལ་ལས་གནས་ཐོག་ཡོད་པ་དང་ལུས་རྩལ་ལས་གནས་ནས་ཕྱིར་གཤོལ་བྱས་པའི་ལུས་རྩལ་པ་དབུལ་པོ་དང་དབང་པོ་སྐྱོན་ཅན་བཅས་ལ་རོགས་སྐྱོར་བྱ་རྒྱུ་དེ་རེད། ཀའོ་མའེ་ཡིས་ད་ཐེངས་ཀྱི་བྱེད་སྒོ་ནི་ཤིན་ནེང་ཐེབས་རྩ་ལྷན་ཚོགས་ས་མཐོར་སྐྱོད་ཐེངས་དང་པོ་ཡིན་པ་དང་ཨོ་རྩལ་འགྲན་ཚོགས་ནང་ཨང་དང་པོ་ཐོབ་མཁན་གྱིས་བོད་ཀྱི་ན་གཞོན་ལུས་རྩལ་པ་དང་འབྲེལ་འདྲིས་བྱས་ནས་ས་མཐོའི་ན་གཞོན་ལུས་རྩལ་པ་ཚོའི་རང་ཉིད་ཀྱི་ཕུགས་བསམ་བརྟན་དུ་གཏོང་བ་དང་ལུས་རྩལ་ཐོག་ནས་མི་སྒེར་ཕྱོགས་ཡོངས་ནས་འཚར་ལོངས་དང་འཕེལ་རྒྱས་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།