ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨ་ལི་ཚོགས་པའི་བོད་ལྗོངས་ཀྱི་གསར་གཏོད་ལས་གཏོད་རྣམ་གྲངས་ཐོག་མ“ཨ་ལི་ཡུན་གྱི་གསར་གཏོད་ལྟེ་གནས”དེ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་བཙུགས་པ།

སྤེལ་དུས 2019-06-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོའི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དང་ཨ་ལི་པ་པ་ཚོགས་པས་ཧང་ཀྲོའུ་རུ“ཨ་ལི་ཡུན་གསར་གཏོད་ལྟེ་གནས”ཀྱི་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་བདེ་ལེགས་ངང་སྤེལ་བ་རེད། “ཨ་ལི་ཡུན་གསར་གཏོད་ལྟེ་གནས”ཀྱིས་ལྟེ་གནས་གཉིས་ཏེ“ཨ་ལི་ཡུན(ལྷ་ས)རིག་སྟོབས་གསར་གཏོད་ལྟེ་གནས”དང“ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གྲངས་འཛིན་འགྲེམས་སྟོན་ལྟེ་གནས”གསར་གཏོད་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་ཨ་ལི་པ་པ་ཚོགས་པས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་སྤུས་ལེགས་ཐོན་ཁུངས་ཀྱི་ལས་སྟེགས་དེ་པང་གདན་བྱས་ཏེ། སྣོད་བཅུད་ཐོན་ཁུངས་དང་། ལག་རྩལ་རྒྱབ་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐབས་ལམ་གཏོད་པ་སོགས་ཕྱོགས་མང་པོའི་ཐད་ནས་གསར་གཏོད་ལས་གཏོད་ཀྱི་སྒར་ས་གསར་པ་ཁྱོན་ཡོངས་ནས་གཏོད་རྒྱུ་རེད། ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། རྣམ་གྲངས་དེ་2019ལོའི་ལོ་མཇུག་གོང་དུ་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད། 
          ཟླ་4པའི་ཟླ་མཇུག་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(གཤམ་དུ་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ཞེས་བསྡུ་རྒྱུ)གྱིས་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་གཙོ་གནད་ཁེ་ལས་དབར་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ། སྔ་རྗེས་སུ་ཧང་ཀྲོའུ་ཨ་ལི་པ་པ་ཚོགས་པའི་སྤྱི་ཁྱབ་པུའུ་དང་ཁྲེང་ཏུའུ་ཨ་ལི་ལྟེ་གནས་སུ་སོང་ནས་ཨ་ལི་པ་པ་མཉམ་ལས་ཀྱི་འབྲེལ་ཡོད་ལས་དོན་ལ་གྲོས་མོལ་དང་སྦྲེལ་མཐུད་བྱས་ཏེ་གྲངས་འཛིན་བོད་ལྗོངས་དང་། སྤུས་རྟགས་གཏོད་པ། ཤེས་ལྡན་པ་གསོ་སྦྱོང་། གསར་གཏོད་ལས་གཏོད་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། 
          ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་པས་བསྟན་དོན། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཨ་ལི་པ་པ་ཚོགས་པ་དང་མཉམ་ལས་བྱས་པ་བརྒྱུད་བོད་ལྗོངས་ཀྱི་ཐོན་ལས་རིམ་སྤོར་གྱི་སྒྱུར་བཀོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས“དཔལ་འབྱོར་གྱི་ཀླད་ཆེན”གྲུབ་སྟེ་སྤྱི་པའི་ཞབས་ཞུ་དང་། སྒུལ་ནུས་བརྗེ་སྒྱུར། ཐོན་ལས་རིམ་སྤར། ཐོན་རྫས་ཁྱབ་གདལ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་ཅན་དུ་འགྱུར་བའི་དུས་མཚུངས་སུ་གྲངས་འཛིན་དཔལ་འབྱོར་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་སྟེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་ཆེད“དྲ་སྦྲེལ+”གྱི་གཤོག་ཟུང་བསྣན་ནས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དེ་བོད་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་དཔེ་སྟོན་ཁུལ་དུ་འགྱུར་བར་རམ་འདེགས་བྱས་ཡོད་ཅེས་བཤད།
          རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མ་འོངས་པར་གླིང་ཁུལ་གྱི་གྲངས་འཛིན་ཅན་གྱི་ཤེས་བྱ་དང་ཆ་འཕྲིན་གྱི་རྒྱུ་ཆ་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གསར་པ་བསྔོག་འདོན་ཤུགས་ཆེན་བཏང་སྟེ་ས་གནས་དེ་གའི་སྣོད་བཅུད་ཀྱི་ཁོར་ཡུག་ལེགས་པ་དང་། རྒྱུ་ཆ་གཙོ་བོའི་ཐོན་ཁུངས་མང་བ། སྲིད་ཇུས་ཀྱི་ལེགས་ཆ་མངོན་གསལ་དོད་པ་བཅས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྤྱི་པའི་ཞབས་ཞུ་རིག་ནུས་ཅན་དང་། འཕེལ་རྒྱས་ཀྱི་གཉེར་སྐྱོང་རིག་ནུས་ཅན། དཔལ་འབྱོར་དེང་རབས་ཅན། ཁེ་ལས་ཚན་རྩལ་ཅན་དུ་གཏོང་བར་མངོན་འགྱུར་བྱས་ཏེ་སྤྱི་ཚོགས་ཀྱི་ཐོན་ཁུངས་དེ་ཕྱོགས་ཡོངས་ནས་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།