ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ལྷན་དུ་གློག་བརྙན《ཁུང་ཧྥན་སེན》གཟིགས་པ།

སྤེལ་དུས 2019-06-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་25ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ལྷན་དུ་གློག་བརྙན《ཁུང་ཧྥན་སེན》གཟིགས་ནས། གུང་ཁྲན་ཏང་མི་བློ་མཐུན་ཁུང་ཧྥན་སེན་གྱིས་ས་མཐོར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཆེས་བླ་ན་མེད་པའི་བརྩེ་སེམས་དང་སྒེར་སེམས་མེད་པའི་ལེགས་སྐྱེས་དང་། དམངས་བརྩེ་དམངས་གཅེས་ཀྱི་མི་སེམས་འགུལ་བའི་མཛད་རྗེས་བསྐྱར་དྲན་གནང་ཞིང་། སྔོན་ཐོན་མིག་དཔེའི་ཁྲོད་ནས་སྟོབས་ཤུགས་བླངས་ཏེ“ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བྱེད་པར་སྐུལ་འདེད་བཏང་བར་དངོས་ཕན་ཐོབ་པ་དང་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་ཁྲིད་བྱས་ཡོད། 
            ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཕེབས་ནས་གསུང་བཤད་གནང་བ་རེད། 
            ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི་བཅས་གློག་བརྙན་གཟིགས་པར་ཕེབས་པ་རེད། 
            གློག་བརྙན་གཟིགས་གྲུབ་རྗེས་ཝུའུ་དབྱིང་ཅེས་བློ་མཐུན་ཁུང་ཧྥན་སེན་དང་ངོ་ཤེས་པ་དང་མཉམ་དུ་གཤིབ་པའི་འདས་དོན་ལ་ཕྱིར་དྲན་གནང་བ་རེད། ཁོང་གིས། ཁུང་ཧྥན་སེན་གྱི་མི་སེམས་འགུལ་བའི་མཛད་རྗེས་ལས
            “སྡུག་བསྲན་ཁྱད་པར་ཐེག་པ་དང་། བཟོད་བསྲན་ཁྱད་པར་ཐུབ་པ། དམག་འཐབ་ཁྱད་པར་འཇོན་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེཌ་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། ཞུམ་མེད་འབད་འབུངས། ལམ་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག མི་རིགས་མཐུན་སྒྲིལ”གྱི“ལམ་གཉིས་ཀྱི་སྙིང་སྟོབས”གང་ལེགས་མངོན་ཡོད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ་ཁུང་ཧྥན་སེན་གྱིས་མཚོན་པའི་ཏང་ཡོན་དང་ལས་བྱེད་པ་ཁག་མང་པོས་གཅིག་མཚུངས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བཅངས་ནས་གཅིག་རྗེས་གཉིས་མཐུད་ངང་ས་མཐོར་གཞིས་ཚུགས་པ་དང་། དཀའ་སྤྱད་འབད་འཐབ་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་ཏང་ལ་བཅངས་པའི་འགྲན་ཟླ་བྲལ་བའི་ལྷག་བསམ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚད་མེད་ཀྱི་གཅེས་སེམས་ཆེན་པོའི་ནང་འདྲེས་པར་བྱས་ཏེ། རང་ཉིད་ཀྱི་ལང་ཚོ་དང་ཐ་ན་ཚེ་སྲོག་ཀྱང་བོད་དང་མི་རིགས་ཁག་གི་མང་ཚོགས་ལ་སྐྱེས་སུ་ཕུལ་ནས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད། 
            ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། “ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ་དང་དོན་འཁྱོལ་ལ་དམ་འཛིན”བྱེད་པའི་སྤྱིའི་བླང་བྱ་གཞིར་བཟུང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུར་སྣེ་ཁྲིད་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་། ཐོག་མའི་བསམ་འདུན་དང་འགན་ཁྲི་བློ་ལ་བརྟན་པོར་འཆང་བ། མིག་དཔེར་བསྡུར་བ་བཏང་ནས་རང་འགན་གཙང་སྒྲུབ་དང་། རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ནང་རྒྱུན་ཆད་མེད་པར་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས། དུས་དང་རྣམ་པ་ཀུན་ཏུ་སེམས་ལ་མང་ཚོགས་བཅངས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་དམ་པོར་དམིགས་ནས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་ནས་སེལ་བ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དང་། གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀ་དང་ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་མ་ཟད། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བཅངས་པའི་དྲིན་གཟོའི་སེམས་པ་དེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས། འགན་ཁུར་ཕོད་པ་དང་། བྱ་སྤྱོད་སྤེལ་བ། དཀའ་སྒྲུབ་དངོས་སྒྲུབ། དཀའ་སྤྱད་འབད་འབུངས། རང་སྟོབས་རང་སྤེལ། ཤུགས་སྣོན་ཆད་མེད། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་མི་གཏོང་བར་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་དགོས།
རྩོམ་སྒྲིག་པ། སངས་སྐྱབས།