ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུས་པ།

སྤེལ་དུས 2019-07-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
 
          ཏང་དབུ་བརྙེས་ནས་ལོ་98འཁོར་བའི་མཚམས་སུ་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་འགྲུལ་པ་དང་བློ་སེམས་གཅིག་མཐུན་ངང་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཏང་ཡོན་ཚོས་འགྲུལ་པ་དང་མཉམ་དུ་སྒོ་ངའི་བག་ལེབ་གཏུབ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ།
          ཐོག་མའི་ཡོང་སའི་ལམ་བུ་མ་བརྗེད་པར་དཔའ་ངར་ཆེར་བསྐྱེད་ཀྱིས་འགན་འཁྲི་ལེགས་པར་འཁུར། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཏང་ཡོན་གྱི་ཕུགས་བསམ་དད་སེམས་སྔར་བས་བརྟན་གཏོང་དང་། ཏང་ཡོན་གྱི་འགན་ཁུར་བསམ་པ་སྔར་བས་ཆེ་རུ་བཏང་ནས་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུས་པ་རེད།
          ཚེས་2ཉིན་གྱི་ཕྱི་དྲོ། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”བརྗོད་དོན་གཙོ་བོར་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གི་གུང་ཁྲན་ཏང་ཡོན། ཕུལ་བྱུང་གི་ཏང་དོན་ལས་དོན་པའི་འཐུས་མི་བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད། ཏང་ཡོན་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད།
          ལྗོངས་ཞིང་ལས་ཚན་རིག་ཁང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་མེས་རྒྱལ་ལ་བསྟོད་གླུ་ཕུལ”ནས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱེད་སྒོ་སྤེལ་བ་རེད། ལྗོངས་ཞིང་ལས་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་ཐེངས་འདིའི་རིག་རྩལ་བྱེད་སྒོར་བརྟེན་ནས་ང་ཚོའི་ཏང་དང་མེས་རྒྱལ་ལ་དགའ་ཞེན་གྱི་བསམ་པ་མཚོན་པར་བྱས་པ་དང་། ཞིང་ལས་ཚན་རིག་ཁང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་མི་སེམས་གཅིག་ཏུ་བསྒྲིལ་ནས་ཚང་མའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཤིང་། དུས་རབས་གསར་པའི་ཞིང་འབྲོག་ཚན་རྩལ་བྱ་གཞག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་ལྕག་ཐེབས་བྱུང་ཞེས་བཤད།
          རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་གཏོང་བ་དང་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པའི་བྱེད་སྒོ་སྤེལ་བ་དང་སྦྲགས།ཏང་ཡོན་ལས་བྱེད་པ་ཡོངས་རྫོགས་སྒྲིག་འཛུགས་བྱས་ནས་གློག་བརྙན《ཁུང་ཧྥན་སན》ལ་བལྟས་པ་རེད། རང་སྐྱོང་ལྗོངས་བཙོན་ཁང་དང་ལྷ་ས་བཙོན་ཁང་གིས་ཀྱང་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་གཏོང་བ་དང་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པའི་བྱེད་སྒོ་སྤེལ་བ་རེད།
          གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་ཡོངས་རྫོགས་སྒྲིག་འཛུགས་བྱས་ནས《ཀྲོའུ་ཨེན་ལའེ་ཡན་ཨན་དུ་ཕྱིར་ལོག་གནང་བ》ཞེས་པའི་གསར་བརྗེའི་གློག་བརྙན་ལ་བལྟས་པ་དང་། གསར་བརྗེ་མཁས་ཅན་མི་རབས་རྒན་གྲས་ཀྱི་བླ་ན་མེད་པའི་གཤིས་སྤྱོད་བསྐྱར་དྲན་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ངོས་འཛིན་ཟབ་ཏུ་བཏང་བ་རེད། གློག་བརྙན་ལ་བལྟས་རྗེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ངེས་པར་དུ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། དཀའ་སྤྱད་འབད་འབུངས་བྱས་ནས་དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ་རྒྱུ་ཡིན་ཞེས་བཤད།
          ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཏང་ཀྲི་པུས“ཏང་དབུ་བརྙེས་ནས་ལོ་98འཁོར་བར་དྲན་གསོ”ཞུ་བའི་བརྗོད་དོན་གཙོ་བོའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞིང་།“ཏང་དར་ལ་ཕྱོགས་ནས་ཏང་ཞུགས་དམ་བཅའ་བློ་ལ་ངེས་ཡོད་མེད་ལྟ་བའི”བརྗོད་དོན་གཙོ་བོར་དམིགས་ནས་ཏང་ཡོན་ཚོས་ཏང་དར་ལ་ཕྱོགས་ནས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་པ་དང་། ཤེས་བྱའི་འགྲན་བསྡུར་སྤེལ་ནས་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་སོགས་བྱས་པ་རེད། ཐེངས་འདིའི་བྱེད་སྒོ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་ཞུགས་དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་སྦྲགས་ལག་ལེན་དུ་འཁྱོལ་བར་བྱས་པ་རེད།