ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་གོའི་ཆེད་ལས་རི་འཛེག་སློབ་གྲྭ་དང་པོས་སློབ་གྲྭ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

སྤེལ་དུས 2019-07-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་ངོ་20ཡི་གོང་ནས་བཙུགས་པའི་ཀྲུང་གོའི་ཆེད་ལས་རི་འཛེག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཡུལ་དང་པོ་སྟེ། བོད་ལྗོངས་རི་འཛེག་སློབ་གྲྭ་བཙུགས་པ་དེས་ཀྲུང་གོའི་རི་མཐོའི་རི་འཛེག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཕྱོགས་བསྡུས་ཅན་དང་ཆེད་ལས་ཅན་དུ་གྱུར་པ་དང་། རི་བོ་དང་འགྲོགས་པའི་བོད་མི་རྣམས་དུས་དེ་ནས་བཟུང་རི་འཛེག་གི་ལས་རིགས་འགོ་ཚུགས་པ་མཚོན་ཡོད།

2019ལོའི་ཇོ་མོ་གླང་མའི་རི་འཛེག་དུས་ཚིགས་ཡིན་ཞིང་། བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭའི་སློབ་མས་ཇོ་རིའི་ཡང་རྩེ་ནས་སློབ་གྲྭ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བ།
          ད་ལོ་ནི་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭ་(དེ་སྔའི་བོད་ལྗོངས་རི་འཛེག་སློབ་གྲྭ་)བཙུགས་པའི་ལོ་གྲངས་20པ་དེ་ཡིན་ལ། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་ལ་ཏག་ཏག་མཉམ་དུ་འཁེལ་ཡོད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་2019ལོའི་ཟླ་7པའི་ཚེས་10ནས་ཚེས་12ཉིན་བར་“2019ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་རིག་གནས་དུས་ཆེན་”སྤེལ་ནས་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུ།  བོད་ལྗོངས་རི་འཛེག་གི་རིག་གནས་སྐོར་བགྲོ་གླེང་སྤེལ་རེས་བྱ་རྒྱུ་བཅས་ལ་དམིགས་པ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན།  རི་འཛེག་རིག་གནས་དུས་ཆེན་ལ་ཁྱོན་སྡོམ་ངོ་མཚར་རྨད་དུ་བྱུང་བའི་བྱེད་སྒོ་ཁག་བཞི་ཡོད་པ་སྟེ།  
          གཅིག་ནི་“རྒྱུད་གཅིག་ལམ་གཅིག་”གི་ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་གྱི་འགྲན་སྡུར་གཉེར་རྒྱུ་དེ་ཡིན་ལ། འགྲན་བསྡུར་ནང་ཀྲུང་གོ་དང་། ཨུ་རུ་སུ། ཡུག་རེན། ཕོ་ལན། ལྷོ་ཁུ་རེ་ཡ། འཇར་པན། ཧིན་རྡུ་ཉི་ཞི་ཡ། ཧྥི་ལི་ཕིན། ཨེ་ཁྭ་ཏོར། ཀྲུང་གོའི་ཤང་ཀང་དང་ཐའེ་ཝན་བཅས་རྒྱལ་ཁབ་དང་ས་ཁུལ་11གི་ལུས་རྩལ་པ་44ཞུགས་ཡོད།

ཟླ་4པའི་ཚེས་28ཉིན། ཅང་སུའུ་སློབ་འབྲིང་གི་སློབ་མས་བྲག་འཛེག་ཉམས་ལེན་བྱེད་པ།
          གཉིས་ནི་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་ས་མཐོའི་རི་འཛེག་གླེང་མོལ་ཚོགས་འདུ་ཡིན་ཞིང་། དེ་ལས་རི་འཛེག་སྣེ་འཁྲིད་མཁན་དང་།  ཉམས་མྱོང་ཅན་གྱི་རི་འཛེག་མཁས་པ། ལས་ཞོར་རི་འཛེག་དགའ་དད་ཅན་བཅས་གདན་འདྲེན་ཞུས་ནས་“རི་འཛེགས་ཞབས་ཞུ་དང་། རི་འཛེག་རོགས་སྐྱོབ། རི་འཛེག་ཁོར་ཡུག་སྲུང་སྐྱོང་། རི་འཛེག་སློབ་གསོ་སོགས་ཀྱི་ནང་དོན་སྐོར་ནས་མཉམ་གཅིག་ཏུ་གྲོས་བསྡུར་བྱས་ཏེ་བོད་ལྗོངས་ཧི་མ་ལ་ཡའི་རི་འཛེག་རིག་གནས་ལྟེ་གནས་དང་རྒྱལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་ཁུལ་ཆེན་པོ་གཏོད་རྒྱུའི་ཆེད་དུ་སོ་སོའི་ཐབས་ཇུས་བཏོན་པ་རེད།
          གསུམ་ནི་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་ས་མཐོའི་རི་འཛེག་པར་ལེན་འགྲེམ་སྟོན་གཉེར་རྒྱུ་དེ་ཡིན་ལ། དེའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་རི་འཛེག་རིག་གནས་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྐུལ་འདེད་བཏང་ནས་བརྙན་པར་ལ་བརྟེན་ནས་རི་འཛེག་བྱ་གཞག་འཕེལ་རྒྱས་དང་ལྷག་པར་དུ་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་མངོན་པ་དང་། བོད་རང་སྐྱོང་ལྗོངས་ཕྱི་ནང་གི་རི་མཐོ་དང་རི་འཛེག་ལམ་ཁྲིད་པ་ཕྱོགས་ནས་པར་ལེན་བརྩམས་ཆོས་འཚོལ་བསྡུ་བྱེད་པ། རི་འཛེག་པས་དཔའ་ངར་ཆེན་པོས་རི་རྩེར་འཛེགས་པའི་སྙིང་སྟོབས་མངོན་པར་བྱ་རྒྱུ་དེ་རེད།
   
རི་མཐོའི་སྣེ་ཤན་བཀྲ་ཤིས་ཚེ་རིང་གི་བརྙན་པར་བརྩམས་ཆོས་《ང་ཚོ་འཛམ་གླིང་གི་ཡང་རྩེར་ལངས་ཡོད》ཅེས་པ་དེ་ཡིན།
          བཞི་ནི་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་གྱི་མཚན་མོ་ཡིན། བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་གྱི་སློབ་གྲྭ་ནས་ཐོན་པའི་ཕུལ་བྱུང་སློབ་མ་གདན་དྲངས་ནས་རི་འཛེག་སྣེ་ཤན་དང་། རི་འཛེག་ཁོར་ཡུག་སྲུང་སྐྱོང་། རི་མཐོའི་རོགས་སྐྱོབ། རི་འཛེག་སློབ་ཁྲིད་སོགས་ཁྱབ་ཁོངས་སོ་སོའི་མི་སྒེར་གྱི་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་མི་དེ་བས་མང་བས་“དཀའ་སྤྱད་བབ་ཆགས་དང་།  དཀའ་སྤྱད་སྡུག་རུས། རང་དོར་གཞན་སྒྲུབ། མཐུན་སྒྲིལ་རོགས་རེས། རང་བྱུང་ལ་བརྩི་འཇོག   ཚེ་སྲོག་ལ་དགའ་ཞེན། བླ་ན་མེད་པའི་མེས་རྒྱལ། དཔའ་ངར་ཆེན་པོས་རི་མཐོར་འཛེག་པའི”ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སྙིང་སྟོབས་མྱོང་ཚོར་ཐུབ་པ་བྱ་རྒྱུ་དེ་རེད། 
          ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་གྱི་སློབ་གྲྭ་འདི་བཙུགས་པ་ནས་བཟུང་། རི་རྩེ་གནས་ཡུལ་གྱི་རོང་འབྲོག་པའི་བུ་ཕྲུག་སྐོར་ཐེངས་12སྟེ་མི་310བསྡུས་ནས་རི་འཛེག་ལུས་རྩལ་པ་དང་། རི་འཛེག་སྣེ་ཤན།  རི་འཛེག་མཉམ་ལས།  རི་མཐོའི་པར་མཁན། རི་མཐོའི་མ་བྱན། རི་འཛེག་ལུས་རྩལ་པ། གངས་ཤུད་རི་འཛེག་ལུས་རྩལ་པ། ཡིག་སྒྱུར་སོགས་ཤེས་ལྡན་པ་གང་མང་གསོ་སྐྱོང་བྱས་ཡོད་པ་རེད། དེའི་ནང་ནས་མི་53ལ་རྒྱལ་ཁབ་ལུས་རྩལ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་།  མི་200ལ་རྒྱལ་ཁབ་རིམ་པའི་ཕུལ་བྱུང་ལུས་རྩལ་པའི་མཚན་སྙན་ཐོབ་པ། མི་200ལྷག་ཙམ་མི་ཐེངས་450ཉེ་བ་ཡིས་ཇོ་རིར་འཛེགས་ནས་གྲུབ་འབྲས་བླངས་ཏེ། རང་རྒྱལ་གྱི་རི་འཛེག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་བཞག་པ་དང་། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་གང་མང་ཐོབ་ཡོད་པ་རེད།