ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་རྒན་ཐུབ་བསྟན་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

སྤེལ་དུས 2019-07-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ།  གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཞས་མ་གཏམ་མཁས་ཅན་མཐུན་ཚོགས། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་སོགས་སྡེ་ཚན་མང་པོ་བརྒྱུད་ནས་ཤེས་རྟོགས་བྱུང་བར། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ཏང་ཡོན་སྒྱུ་རྩལ་མཁས་ཅན་མི་རབས་དང་པོ་དང་། གཞས་མ་གཏམ་འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་། ཀྲུང་གོའི་གཞས་མ་གཏམ་གྱི་ཤིང་པད་མའི་བྱ་དགའི་ཚེ་གང་བྱ་དགའ་ཐོབ་མཁན་ཐུབ་བསྟན་ལགས་2019ལོའི་ཟླ་7ཚེས་9ཉིན་གྱི་ཆུ་ཚོད་12དང་སྐར་མ་13ཐོག་ལྷ་ས་རུ་སྐུ་གཤེགས་པ་དང་། དགུང་ལོ་86ཡིན་པ་རེད། ཐུབ་བསྟན་ལགས་སྐུ་འཚོ་བཞུགས་སྐབས་གནས་སའི་ལས་ཁུངས་ཏེ་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་ཧྲུའུ་ཅི་བློ་བཟང་བཀྲ་ཤིས་ཀྱིས་ཁ་པར་ནང་ནས་གསར་འགོད་པར། 2018ལོའི་ཟླ་7ཚེས་28ཉིན་ནས་2019ལོའི་ཟླ་6ཚེས་14ཉིན་བར་ཐུབ་བསྟན་ལགས་སྐུ་སྙུན་གཞིས་རྐྱེན་པས་སྔ་རྗེས་སུ་སྨན་ཁང་དུ་ཐེངས་6བཞུགས་ཡོད་པ་གསུངས་འདུག
                                                                       རྒན་ཐུབ་བསྟན་ལགས་ཀྱི་སྐྱེ་བོའི་ཡིད་ལ་སྤྲོ་བ་ཚད་མེད་སྦྱིན་པའི་དགོད་བྲོའི་གཏམ་གླེང་དང་།
                                                                       གསོན་ཉམས་དོད་ལ་སྙན་འཇེབས་ལྡན་པའི་གླིང་སྒྲུང་། 
                                                                       ཡིད་ལ་དད་སྣང་ཤར་བའི་བླ་མ་མ་ཎི། 
                                                                       ཡང་ཤ་དོད་པའི་གླུ་གར་འཁྲབ་སྟོན་སོགས་ཀྱིས་
                                                                       བོད་ཀྱི་གཟིགས་མོ་བ་རྒན་གཞོན་ཚང་མའི་ཡིད་ཀྱི་མེ་ལོང་ངོགས་སུ་སུབ་ཐབས་བྲལ་བའི་བག་ཆགས་ཟབ་མོ་བཞག་ཡོད།
                                                                       སྒྱུ་རྩལ་མཁས་ཅན་ཐུབ་བསྟན་ལགས་ལ་ཐོབ་པའི་གདེང་འཇོག

1934.10—2019.7.9
          སྒྱུ་རྩལ་མཁས་ཅན་ཐུབ་བསྟན་ལགས་ལ་ཐོབ་པའི་གདེང་འཇོག
          ཁོང་གི་སྐུ་ཚེའི་སྨད་ལ་ལྷ་ས་གྲོང་ཁྱེར་བགྲེས་སོང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་དང་། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཐུན་ཚོགས་ཀྱི་བློ་འདྲི་ས། བོད་ལྗོངས་གཞས་མ་གཏམ་སྒྱུ་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད། རྒན་ལགས་ཁོང་གིས་འདས་ཟིན་པའི་མི་ལོ་བརྒྱད་ཅུ་ལྷག་ཙམ་གྱི་ནང་ལས། བཅུ་ཆ་དགུ་ཙམ་སྒྱུ་རྩལ་གྱི་ལས་དོན་ལ་གཞོལ་ཞིང་། འཚོ་བ་དང་གར་སྟེགས་གང་དུ་ཁོང་ནི་སྔར་བཞིན་སྐུ་གཟུགས་ཐང་ལ་ཞལ་ཤོབ་གནང་རྒྱུར་ཧ་ཅང་མཉེས་པོ་ཞིག་ཡོད་པས། མི་ཁག་ཅིག་གིས་ཁོང་ལ། བདེ་ལྕག་འཁྱུག་པའི་དྲང་སྲོང་ཞེས་བརྗོད་པ་དང་། ཡང་མི་དེ་བས་མང་བས། རྒན་ཐུབ་བསྟན་ལགས་མེད་ན་གར་སྟེགས་ཀྱི་ཞག་ཚི་ཤོར་འགྲོ་གི་འདུག་ཅེས་ཤོད་བཞིན། ལོ་གསར་མཚན་ཚོགས་ལྟ་བུ་འཁྲབ་སྟོན་ཐེངས་རེ་ཟུང་ལ་ཁོང་ཞུགས་མ་ཐུབ་པའི་སྐབས། གཟིགས་མོ་བས་ཁོང་རྩད་གཅོད་བཞིན་ཡོད། འདི་ནི་ཁོང་གི་སྒྱུ་རྩལ་རིན་ཐང་ལ་དཔྱད་འཇོག་བྱེད་པ་ཞིག་ཀྱང་ཡིན་པ་ནི་དོན་ལ་ཤིན་ཏུ་གནས་པ་ཞིག་སྟེ། དེ་ཡང་སྤྱིར་ན་བོད་ཀྱི་ལོ་གསར་མཚན་ཚོགས་ནང་དགོད་བྲོའི་གཏམ་གྱི་ལེ་ཚན་ཆད་ཀྱི་མེད་ལ། འཁྲབ་སྟོན་པ་གཞན་དག་ཡོད་མོད། འོན་ཀྱང་ཁོང་དང་ཁོང་གི་མཆེད་གྲོགས་མིག་དམར་ལགས་ཞུགས་མེད་ཕྱིན་མི་རྣམས་ཀྱིས་མཚན་ཚོགས་ལྟ་བཞིན་དུ་ལྟོ་ཆས་ལ་ཚྭ་མེད་པ་ལྟ་བུའི་སྣང་བ་ཡོང་གི་ཡོད་པ་དང་། དེ་བཞིན་མཚན་ཚོགས་ཐོག་ཁོང་ཡོད་པ་ཙམ་གྱིས་འཁྲབ་སྟོན་ལེ་ཚན་གཅིག་ལས་མེད་རུང་དེས་ལྟད་མོ་བའི་འདོད་བློ་ཁེངས་ཀྱི་ཡོད་ལ། བརྙན་འཕྲིན་མཚན་ཚོགས་ལྟ་བཞིན་པའི་ཁྱིམ་ཚང་མང་པོའི་ནང་ཁོང་གི་འཁྲབ་ཚན་སྒུག་སྡོད་མཁན་ཧ་ཅང་མང་པོ་ཡོད་པ་ནི་ཁོང་གི་འཁྲབ་སྟོན་ལ་རྒྱ་ཆེའི་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག་ཡོད་པ་གསལ་པོ་རེད།

          སྒྱུ་རྩལ་མཁས་ཅན་ཐུབ་བསྟན་གྱི་སུབ་ཐབས་མེད་པའི་བགྲོད་ཤུལ།
          དེའང་ལོ་རབས་དྲུག་ཅུ་པའི་ནང་གཞོན་ནུ་ཡིན་པའི་ཁོང་གིས་རྒན་པོའི་ཆས་སྤྲས་ཏེ། ཕ་དང་བུ་མོས་གྲོང་གསར་སྐོར་བ་ཞེས་པའི་ལེ་ཚན་འཁྲབ་རྗེས། རྒྱ་ཆེའི་གཟིགས་མོ་བའི་ཡིད་དབང་རབ་ཏུ་འཕྲོག་སྟེ། འཁྲབ་ཚན་དེ་གར་སྟེགས་ཐོག་ཐེངས་གཉིས་ལ་འཁྲབ་ན་མ་གཏོགས་གཟིགས་མོ་བའི་འདོད་བློ་ཁེངས་ཀྱི་མེད་པའི་གནས་ཚུལ་ཐོན་ཡོད། བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་དར་སོ་ཇེ་ཆེར་སོང་རྗེས། ཁོང་གིས་འབྲས་དཀར་དང་། བླ་མ་མ་ཎི། གླིང་སྒྲུང་འཆད་གྱེར། བྱང་ཐང་གི་འབྲོག་གཞས་སོགས་འཁྲབ་སྟོན་སྤྱི་དང་བྱེ་བྲག་ལ་དོ་སྣང་ཆེན་པོ་གནང་སྟེ་རང་ཉིད་ཀྱི་འཁྲབ་སྟོན་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་གང་ཐུབ་གནང་གི་ཡོད་ཅིང་། ཁྱད་པར་དུ། སྔོན་བྱོན་མཁས་དབང་རྒན་བློ་རྡོར་མཆོག་ནས་ནང་སའི་དགོད་བྲོའི་གཏམ་གླེང་ཤོད་ཚུལ་ལ་གཞིགས་ཏེ་བརྩམས་གནང་བའི་དགོད་བྲོའི་གཏམ་གླེང་འཁྲབ་གཞུང《ར་བཟི་བའི་ཉེས་སྐྱོན》ཞེས་པ་དེ་1963ལོར་སྙེ་མོ་རྫོང་དུ་འཁྲབ་སྟོན་གནང་རྗེས། ར་བཟི་བའི་མི་སྣའི་སྐད་ཆ་དང་། བྱ་བྱེད། རྣམ་འགྱུར་སོགས་འཁྲབ་གཞུང་གི་ནང་དོན་ལ་གཞིགས་ནས་མི་སྣའི་སྣང་བརྙན་ཇི་མ་ཇི་བཞིན་འཁྲབ་སྟོན་གནང་བར་ལེགས་གྲུབ་ཡག་པོ་བྱུང་སྟེ་གཟིགས་མོ་བར་གད་མོ་དགོད་ཞོར་སློབ་གསོ་ཐེབས་པའི་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། མང་ཚོགས་ཀྱི་ཁྲོད་དུ་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་འཇོག་གནང་ཡོད། དེ་བཞིན། ཁོང་གིས་འཁྲབ་སྟོན་གནང་བའི《གླུ་གར་གྱི་རྒྱ་མཚོ》དང་། 《ཤོ་བཤད》སོགས་དགོད་བྲོའི་གཏམ་གླེང་ཧ་ཅང་མང་པོ་ཞིག་གིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་། སྒྱུ་རྩལ་བྱ་གཞག་གོང་དུ་སྤེལ་བར་གཞན་འདྲིང་མི་ནུས་པའི་ལེགས་སྐྱེས་ཕུལ་ཡོད། 
          ཐུབ་བསྟན་ལགས་སྐུ་འཚོ་བཞུགས་སྐབས་བོད་ཀྱི་བདུད་རྩི་བུམ་པའི་གཞས་མ་གཏམ་སྒྱུ་རྩལ་གྱི་འགྲན་བསྡུར་ཆེ་མོ་དང་། བོད་ཀྱི་ལོ་གསར་མཚན་ཚོགས་སོགས་འཁྲབ་སྟོན་ཆེ་གྲས་ཧ་ཅང་མང་པོར་ཞུགས་ཡོད་ལ། ཞབས་བྲོ་དང་། གཞས་མ་གཏམ། ལྷ་མོ། གླིང་སྒྲུང་སོགས་འཁྲབ་སྟངས་བྱེ་བྲག་སྣ་ཚོགས་495གསར་རྩོམ་དང་འཁྲབ་སྟོན་གནང་ཡོད། བགྲང་བྱ་བདུན་ཅུ་ལྷག་ཙམ་གྱི་རིང་ཁོང་གི་བརྩམས་ཆོས་དང་འཁྲབ་སྟོན་ལས། སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་དུ་མར་ཤུགས་རྐྱེན་ཧ་ཅང་བཟང་པོ་ཐེབས་ཡོད་ཅིང་། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅང་ཁུན་གྱིས། རྒན་ཐུབ་བསྟན་ལགས་ནི་བོད་ཀྱི་གཞས་མ་གཏམ་སྒྱུ་རྩལ་འཁྲབ་སྟོན་པའི་གདོང་མཆོངས་པ་ལྟ་བུ་རེད་ཅེས་ཚད་མཐོའི་གདེང་འཇོག་གནང་ཡོད། སྤྱི་ལོ་1980ལོར། ཁོང་ཉིད་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པར་བདམས་པ་དང་། ཡང་སྤྱི་ལོ་2006ལོར་སྐབས་བཞི་པའི་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་གྱི་ཤིང་པད་མ་རྟགས་ཅན་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་སྐབས། ཁོང་ལ་ཚེ་གང་གྲུབ་འབྲས་ཀྱི་བྱ་དགའ་ཆེན་པོ་ཐོབ་ཡོད་ཅིང་། བྱ་དགའ་དེ་ལྟ་བུ་ནི་བོད་ཀྱི་སྒྱུ་རྩལ་ལས་རིགས་ཐོག་ཐོབ་པའི་བྱ་དགའ་མཐོ་ཤོས་དེ་ཡིན་པ་དང་། དེ་མིན་འགྲན་བསྡུར་སྣ་ཚོགས་ཀྱི་ནང་ཁོང་ལ་ཐོབ་པའི་གྲུབ་འབྲས་དང་བྱ་དགའ་ནི་རེ་རེ་བཞིན་གྲངས་ཀྱིས་བགྲང་དཀའ་བ་ལྟ་བུ་ཡིན།