ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་སྟག་རྩེ་ནས་བྲག་ཡེར་བ་ལྗོངས་ཁུལ་བསྐྲུན་ནས་ཉེ་འཁོར་མང་ཚོགས་རྣམས་ཀྱིས་གནས་སྐོར་ཡོང་སྒོ་འཚོལ་ཐུབ་པ་བྱུང་།

སྤེལ་དུས 2019-07-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བ་ལྷ་ས་ནས་ཤར་ཕྱོགས་སུ་རྔ་ཆེན་རི་བོ་བརྒལ་ཚེ། རི་འདབས་སུ་བོད་ལུགས་ཀྱི་ཁང་ཁྱིམ་རབ་དང་རིམ་པ་མང་པོ་ཞིག་བསྟར་ཡོད་པ་མཐོང་ཐུབ། དེ་ནི་བོད་ལྗོངས་ཀྱི་རི་ཁྲོད་ཆེན་པོ་བཞི་ཡི་ཡ་གྱལ་བྲག་ཡེར་བར་འགྲོ་སའི་ལམ་ཁ་ཉག་ཅིག་སྟེ་སྟག་རྩེ་ཁུལ་སྤང་སྟོད་ཡུལ་ཚོའི་ཡེར་བ་གྲོང་ཚོ་ཡིན། ཡེར་བ་གྲོང་ཚོ་འགོ་ཚུགས་ས་བྱས་ཏེ་སྟག་རྩེ་ཁུལ་གྱིས་བྲག་ཡེར་བ་ཡུལ་སྐོར་ཐོན་ལས་ཕྱོགས་བསྡུས་དབུལ་སྐྱོར་ཁུལ་(བྲག་ཡེར་བ་ལྗོངས་ཁུལ)བསྐྲུན་ཏེ་ཉེ་འཁོར་མང་ཚོགས་རྣམས་ཀྱིས་གནས་སྐོར་ཡོང་སྒོ་བཙལ་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་འབད་བཞིན་ཡོད། རི་མོ་ནི་རྔ་ཆེན་རི་བོའི་རྩེ་ནས་ཡེར་བ་གྲོང་ཚོ་ལ་བལྟས་པ་ཡིན། 
            ཡེར་བ་གྲོང་ཚོར་སླེབས་སྐབས་ཁྱེད་ཀྱི་སྤྱན་ལམ་དུ་སྣང་བ་ནི་བོད་ལུགས་ཀྱི་ཐོག་ཁང་གསར་པ་ཞིག་ཡིན་ལ། འདི་ནི་ན་ནིང་གསར་དུ་བསྐྲུན་པའི་བྲག་ཡེར་བའི་གནས་སྐོར་བའི་ལྟེ་གནས་ཡིན་ཏེ། འདི་ནས་གནས་སྐོར་བ་རྣམས་ལ་རྩད་འདྲི་དང་སྤ་སེ་ལས་དོན། ཟོང་ཉོ། གསོལ་ཚིགས། ཞག་སྡོད་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་པ་དང་ཆབས་ཅིག ཉེ་འགྲམ་གྱི་མང་ཚོགས་རྣམས་ཀྱིས་ཀྱང་རང་ཚང་གི་ཞིང་ལས་ཐོན་རྫས་འཁུར་ཡོང་ནས་འགྲེམ་སྟོན་དང་ཕྱི་ཚོང་བྱས་ཆོག 
            ཡེར་བ་གྲོང་ཚོ་ཚོ་ཆུང་གསུམ་པ་ནས་ཡིན་པའི་ཡུལ་མི་པ་སངས་སྒྲོལ་མ་ནི་གནས་སྐོར་བའི་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་ལ།  གཙོ་བོ་ཟོང་ཉོ་ལྟེ་གནས་ཀྱི་ཚོང་ཟོག་འཚོང་བའི་ལས་འགན་འཁུར་བཞིན་ཡོད།  “ང་རང་སྔོན་ཆད་ལྷ་སའི་རྒྱུད་འབྲེལ་མགྲོན་ཁང་ཞིག་གི་ཞབས་ཞུ་བ་ཡིན། ལས་ཀ་གཏན་འཇགས་མིན་པར་རྒྱུན་དུ་བརྗེས་མྱོང་། འདི་གར་སླེབས་ནས་ལོ་གཅིག་ལྷག་ཙམ་ཕྱིན་སོང་། འདི་ནས་ལས་ཀ་བྱེད་པར་རང་སེམས་སྤྲོ་བོ་འདུག” པ་སངས་སྒྲོལ་མས་བཤད་རྒྱུར། གནས་སྐོར་བའི་ལྟེ་གནས་སུ་ལས་ཀ་བྱས་ཚེ་ཡོང་སྒོ་ཅུང་གཏན་འཇགས་ཡིན་ལ། ཟླ་གཅིག་ལ་སྒོར་4000ལྷག་ཐོབ་ཐུབ་པ་མ་ཟད། ནང་མི་རྣམས་ལའང་ལྟ་སྐྱོང་བྱེད་ཐུབ་ཅེས་བཤད། 
རི་མོ་ནི་གནས་སྐོར་བས་བྲག་ཡེར་བ་གནས་སྐོར་བའི་ལྟེ་གནས་སུ་ཚོང་ཟོག་འདེམ་བཞིན་པ་ཡིན།
རི་མོ་ནི་གནས་སྐོར་བས་བྲག་ཡེར་བ་གནས་སྐོར་བའི་ལྟེ་གནས་སུ་ཚོང་ཟོག་ཉོ་(གཡས་ཀྱི་དང་པོ་ནི་པ་སངས་སྒྲོལ་མ)བཞིན་པ་ཡིན།
            “བོད་ལྗོངས་ཀྱི་གནས་མཆོག་ནི་ལྷ་ས་ཡིན་ལ། ལྷ་སའི་གནས་མཆོག་ཡེར་བ་ཡིན། ལྷ་སར་སླེབས་ནས་ཡེར་བ་ལ་མ་ཕྱིན་པ་ནི་གོས་གསར་པ་བཟོས་ཀྱང་གོང་བ་བརྗེད་པ་དང་འདྲའོ།” བྲག་སྐྱིབས་རྩི་ཏོག་ཁྲོད་ཀྱི་གྲུབ་གནས་བྲག་ཡེར་བ་ནི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་ལོ་རྒྱུས་ཤིན་ཏུ་རིང་བས། ས་གནས་ཀྱི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། པ་སངས་སྒྲོལ་མ་ནི་ཆུང་དུས་ནས་ཡེར་བ་གྲོང་ཚོ་ནས་ནར་སོན་པས་གནས་འདིའི་འཕེལ་རྒྱས་དང་འགྱུར་ལྡོག་མིག་གིས་འཚོས་ནས་ཡོད། 
            “སྔོན་ཆད་འདི་འདྲ་མིན། ད་ཆ་ཁང་པ་དང་འགྲིམ་འགྲུལ་སོགས་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་འདུག” པ་སངས་སྒྲོལ་མས་བཤད་རྒྱུར། སྔོན་ཆད་ཀྱི་ཡུལ་མིའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ནས་འདེབས་པ་དང་ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་པ་ཡིན། ད་ཆ་ཞིང་ས་མང་པོ་ཕྱི་རུ་གླས་ནས་སྟར་ཀ་འདེབས་འཛུགས་བྱེད་བཞིན་ཡོད། དེ་ལྟར་བྱས་ན་ཚང་མས་བགོ་ཆ་ལེན་ཐུབ་པར་མ་ཟད། རང་ཚང་གི་ཞིང་ལས་ཐོན་རྫས་ཀྱང་བཙོང་ཐུབ་ཀྱིན་ཡོད།”ཅེས་བཤད།
རི་མོ་ནི་བྲག་ཡེར་བ་ཡིན།
རི་མོ་ནི་བྲག་ཡེར་བའི་ཉེ་འདབས་ཀྱི་གྲོང་ཚོ་ཡིན།
            “ང་རང་གིས་བསམ་ན་གནས་འདིའི་མི་རྣམས་ཀྱི་བསམ་བློ་སྔར་ལས་ཀྱང་འགྱུར་ལྡོག་གཏོང་དགོས་འདུག ས་གནས་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ཤུགས་ཆེན་སྤེལ་བཞིན་པའི་རྒྱབ་ལྗོངས་ལེགས་པོའི་འོག་ནས། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་གཏོང་བ་ནི་གོ་སྐབས་ལེགས་པོ་ཞིག་རེད”ཅེས་པ་སངས་སྒྲོལ་མས་དེ་ལྟར་བཤད། 
            ཉེ་བའི་ལོ་ཤས་རིང་དབུལ་སྐྱོར་གྱི་རྣམ་གྲངས་མང་པོ་ཞིག་གི་རམ་འདེགས་འོག ཡེར་བ་གྲོང་ཚོས་དབུལ་ཐར་གྱི་ཞྭ་མོ་ཕུད་པ་དང་། ད་ཆ་བྲག་ཡེར་བ་ཡུལ་སྐོར་ཐོན་ལས་ཕྱོགས་བསྡུས་དབུལ་སྐྱོར་ཁུལ་གྱིས་གྲོང་ཚོའི་རྣམ་པ་ལེགས་བཅོས་དང་གནས་སྐོར་བའི་སྣེ་ལེན་ལྟེ་གནས། གླིང་ག་སོགས་ཀྱི་རྣམ་གྲངས་བསྒྲུབས་པས། རྗེས་མར་ད་དུང་“མེ་ཏོག་གི་གཤིན་ས”དང་། “མདོག་གསུམ་ལྷ་རྫིང་།” ནས་འབྲུའི་ཚན་རྩལ་རྟེན་མཛོད་ཁང་། བོད་ཁྱིམ་གྲོང་ཚོ། སྐར་མཐོང་དམངས་ཁྱིམ་མགྲོན་ཁང་། གསོལ་མགྲོན་ཁང་རྩེ་གྲ་སོགས་ཀྱི་རྣམ་གྲངས་རྣམས་ལག་བསྟར་བྱ་རྩིས་ཡོད། རྣམ་གྲངས་འདི་དག་གྲུབ་རྗེས། ཉེ་འཁོར་གྱི་མང་ཚོགས་རྣམས་ལ་ལས་གནས་120མཁོ་འདོན་བྱེད་ཐུབ་ལ། ཉེ་འཁོར་གྱི་མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་ནས་ཕྱུག་འགྱུར་གྱི་ལམ་ཁའང་བསྐྱོད་ཐུབ་ངེས་ཡིན།