ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་བ།

སྤེལ་དུས 2019-07-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
—— གྲ་ནང་རྫོང་བདེ་སྐྱིད་གྲོང་གསར་གྱི་དུས་རབས་གསར་པའི་མི་སེར་གྱི་འཚོ་བའི་སྐོར་བཀོད་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དབྱར་གཞུང་དུ་གྲ་ནང་གི་གང་སར་སྔོ་ཐིང་ཐིང་དུ་གནས་ཤིང་། ང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བཅར་འདྲི་ཚོགས་ཆུང་ཡར་ཀླུང་གཙང་འགྲམ་བརྒྱུད། ནུབ་ཕྱོགས་སུ་སྐྱོད་རྗེས་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་ཚོར་འབྱོར།
          ཨར་འདམ་ལམ་བརྒྱུད་ནས་བསྐྱོད་སྐབས་འགྲོ་ལམ་གཡས་གཡོན་གཉིས་སུ་བོད་བཟོའི་ཐོག་ཁང་སྟར་པ་དང་སྟར་པ་བྱས་ནས་གནས་པ་དང་། སྒོའི་གསེབ་ནས་ནང་དུ་བལྟ་སྐབས་རྒྱ་ཆེ་བའི་སྒོ་རའི་ནང་གད་འཕྱིས་གཙང་མ་བརྒྱབ་ཡོད་པ་དང་མེ་ཤིང་རྣམས་གྱང་གི་ཟུར་དུ་གྲལ་འགྲིག་པོས་བརྩིགས་འདུག
          ཉི་མ་སྐྱིད་འཛོམས་ཀྱི་ཁྱིམ་དུ་འཛུལ་སྐབས་ང་ཚོའི་མིག་ལམ་དུ་འཆར་བ་ནི་ཕོར་པ་དང་ཐུར་མ་རྣམས་དུག་སེལ་སྒྲོམ་ནང་བཞག་པ་དང་། ལྷམ་དང་ཨུ་སུ་རྣམས་ཁང་པའི་ཕྱིའི་ལྷམ་སྒྲོམ་ནང་བླུགས་ཡོད་པས་ཁང་པའི་ཕྱི་ནང་གང་སར་ཧ་ཅང་གཙང་། ཉི་མ་སྐྱིད་འཛོམས་ཀྱིས་གསར་འགོད་པར། “ཁང་པའི་ནང་དུ་གྲལ་འགྲིག་ལ་སྐྱིད་སྣང་དོད་པོ་ཡོད་པ་ཕུད། ཞོགས་ལྟར་ངས་ཁང་པའི་རྒྱབ་མདུན་གྱི་གྲོང་ཚོའི་ལམ་ངོས་དང་སྲང་ལམ་དུ་གད་འཕྱིས་གཙང་མ་རྒྱག་གི་ཡོད། མི་ཚང་མས་རང་ཁྱིམ་གྱི་ཉེ་འགྲམ་དུ་གད་འཕྱིས་གཙང་མ་རྒྱག་གི་ཡོད་པས་གྲོང་ཚོ་ཡོངས་གྲལ་འགྲིག་པོ་དང་མཛེས་སྡུག་ལྡན་པ་ཞིག་ཡོད”ཅེས་གསར་འགོད་པར་བཤད།
          ཉི་མ་སྐྱིད་འཛོམས་ཀྱི་ཁྱིམ་ནས་དོན་སྐབས་གསར་འགོད་པར་ཞིང་ནང་དུ་ལས་ཀ་བྱས་ནས་ལོག་ཡོང་མ་ཐག་པའི་ཤི་ལོག་འཕྲད་བྱུང་། ཁོང་གིས་འཚེར་སྣང་ངང“ངས་གྱོན་གོས་བརྗེ་རྒྱུ་མ་བྱུང”ཞེས་བཤད། ཤི་ལོག་གི་སྐད་ཆའི་ཁྲོད་ནས་ང་ཚོས་ད་ཆ་གྲོང་མི་ཚང་མས་ལས་ཀ་ཚར་རྗེས་གྱོན་གོས་གཙང་མ་བརྗེ་ཡི་ཡོད་པ་ཤེས་བྱུང་།
          གྲོང་གསེབ་ཀྱི་འགྱུར་ལྡོག་ནི་ཁོར་ཡུག་གི་འགྱུར་ལྡོག་ཙམ་མ་ཟད་དེ་བས་གྲོང་མིའི་འདུ་ཤེས་འགྱུར་བ་དེ་རེད། ད་ཆ་བདེ་སྐྱིད་གྲོང་གསར་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལས་སློབ་གསོ་དང་སྦྱོང་བརྡར་ཐེབས་ནས་གྲོང་གསེབ་ཀྱི་ཤེས་དཔལ་ཚད་གཞིར་ལེགས་བཅོས་ཆེན་པོ་བྱུང་བ་དང་གྲོང་མིའི་ཤེས་དཔལ་བྱང་ཚད་ཀྱང་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ལྷག་པར་དུ་བསམ་བློའི་འདུ་ཤེས་ཐད་ལའང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ས་གནས་དེ་གའི་མང་ཚོགས་ཚོར་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་གོམས་གཤིས་ཡག་པོ་རིམ་བཞིན་འཇགས་ཏེ་ཁོང་ཚོ་ལྟ་མཁན་ཞིག་ནས་ཞུགས་མཁན་ཞིག་ཏུ་གྱུར་ཡོད་པ་རེད། གྲོང་མིས་ཉིན་ལྟར་དུས་ཚོད་ཁ་ཆད་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་མཉམ་སྡེབ་བྱེད་སྒོར་ཞུགས་ཀྱི་ཡོད་པ་རེད།
          མང་ཚོགས་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཆེད། བདེ་སྐྱིད་གྲོང་གསར་གྱིས་མི་31ལས་གྲུབ་པའི་གྲོང་མིའི་ཞབས་ཞུའི་དང་བླངས་རུ་ཁག་ཅིག་བཙུགས་པ་དང་ཟླ་རེར་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་གཉིས་སྤེལ་ཏེ་གྲོང་སྡེ་དང་འགྲོ་ལམ་གཡས་གཡོན་གྱི‘འགྱིག་ཤོག’སྒྲུག་པ་དང་གད་འཕྱིས་རྒྱག་གི་ཡོད། གྲོང་ཚོར་མཉམ་སྡེབ་ཀྱི་བྱེད་སྒོ་གང་ཡོད་རུང་ཁོང་ཚོས་རོགས་རམ་བྱེད་པར་ཡོང་གི་ཡོད”ཅེས་འཇམ་དབྱངས་བཟང་པོས་བཤད། གསར་འགོད་པས་དང་བླངས་རུ་ཁག་འཛུགས་པའི་བརྒྱུད་རིམ་སྐོར་འདྲི་སྐབས་འཇམ་དབྱངས་བཟང་པོས་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བཤད་བྱུང་། 2016ལོའི་ཟླ་5པར་གྲོང་ཚོའི་དུད་ཚང་དབུལ་པོ་ཨ་ཅག་བློ་བཟང་ལ་ཀླད་པའི་ཁྲག་རྩའི་ནད་ཕོག་པས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རོགས་དངུལ་སྤྲད་པ་མ་ཟད། གྲོང་མིས་རང་མོས་ངང་ཞལ་འདེབས་རྒྱག་རྒྱུ་སྒྲིག་འཛུགས་བྱས་པ་དང་སྒོར་ཁྲི་20གྲབས་གསོག་ཐུབ་ནས་ཨ་ཅག་བློ་བཟང་ལྷ་སར་སྨན་བཅོས་བྱེད་པར་བསྐྱལ། ནད་གཞི་དྲག་སྐྱེད་བྱུང་ནས་གྲོང་ཚོར་ལོག་པའི་ཨ་ཅག་བློ་བཟང་གིས་ཏང་གི་བཀའ་དྲིན་དང་གྲོང་མིས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་རྟག་ཏུ་རང་འགུལ་ངང་གྲོང་ཚོར་གད་འཕྱིས་བྱེད་པར་ཡོང་གི་ཡོད་ལ། གྲོང་ཚོ་ཨུ་ལྷན་དུ་ལས་ཀ་ཙག་ཙིག་བྱས་ནས་ཚང་མའི་དྲིན་ལན་འཇལ་གྱི་ཡོད་པ་རེད། ཨ་ཅག་བློ་བཟང་ལྟར་གྱི་གྲོང་མི་ཇེ་མང་དུ་སོང་བ་དང་། ཆབས་ཅིག 2018ལོའི་ཟླ་4པར་བདེ་སྐྱིད་གྲོང་གསར་གྱིས་དང་བླངས་ཞབས་ཞུའི་རུ་ཁག་དངོས་སུ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
          དེ་དག་ནི་བདེ་སྐྱིད་གྲོང་གསར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལག་བསྟར་བྱེད་པའི་མཚོན་ཚུལ་ཙམ་ཞིག་ཡིན་ཡང་གྲོང་ཚོའི་ནང་གཏམ་རྒྱུད་དེ་འདྲ་ཉིན་ལྟར་ཐོན་གྱི་ཡོད་པ་རེད།
          “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད”ཅེས་པ་ནི་ཕ་མར་ནང་ལས་བྱེད་རོགས་བྱས་ནས་ཕ་མར་བསྙེན་བཀུར་བྱེད་པའི་ཕྲུ་གུ་ཞིག་བྱེད་པ་དང་། ཕྱིར་ཤེས་དཔལ་ལ་སྣང་ཆེན་གྱིས་གུས་ཞབས་ལྡན་པ་ཞིག་བྱས་ནས་དོན་རྟོགས་པའི་ཕྲུ་གུ་ཞིག་བྱ་རྒྱུ་དེ་ཡིན”ཞེས་ལོ་15ལ་སླེབས་པའི་བསྟན་འཛིན་གྱིས་གསར་འགོད་པར“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”ཐད་རང་ཉིད་ཀྱི་གོ་བ་ལེན་ཚུལ་བརྗོད་པ་རེད།
          བཅར་འདྲིར་སྐྱོད་པའི་ལམ་བར་དུ་གསར་འགོད་པར་ད་དུང་གྲོང་མི་མི་ཉུང་བ་ཞིག་ཐང་ཆེན་དུ་ལུས་རྩལ་རྩེ་བཞིན་ཡོད་པ་མཐོང་བྱུང་། འགྲམ་དུ་སྐྱོད་ནས་ལྟ་སྐབས་ཚང་མས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོས་ཁོང་ཚོའི་འཚོ་བར་འགྱུར་ལྡོག་བྱུང་བའི་སྐོར་གླེང་བཞིན་ཡོད་པ་གཞི་ནས་ཤེས་བྱུང་།
          “ཏང་དང་སྲིད་གཞུང་གིས་ང་ཚོར་མཛེས་སྡུག་ལྡན་པའི་གྲོང་ཚོ་དེ་འདྲ་ཞིག་བསྐྲུན་ནས་ང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་ཙམ་མ་ཟད། ང་ཚོའི་འཚོ་བའི་སྤུས་ཚད་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་སོང་། ང་ཚོས་དེང་གི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཏེ་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་སྤྱི་དམངས་ཡག་པོ་ཞིག་བྱ་རྒྱུ་ཡིན”ཞེས་འཇམ་དབྱངས་བཟང་པོས་རང་གི་མྱོང་ཚོར་བཤད།
རྩོམ་སྒྲིག་པ། རྡོ་རྗེ།