ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཧན་ཧོང་གི་བརྩེ་སེམས་དགེ་སྦྱོར་ཐེབས་རྩ་ཚོགས་པས་བོད་ལྗོངས་སུ་སྤྱི་ཕན་བྱ་འགུལ་སྤེལ་བ།

སྤེལ་དུས 2019-07-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  “སྐུ་ཁམས་བཟང་།”བོད་སྐད་ཀྱི་ཁམས་བདེའི་འཚམས་འདྲིའི་ཁྲོད་ནས། གཞས་མ་ཧན་ཧོང་མོ་རང་གིས་རྩ་འཛུགས་བྱས་པའི་ཧན་ཧོང་གི་བརྩེ་སེམས་དགེ་སྦྱོར་ཐེབས་རྩ་ཚོགས་པས་བོད་ལྗོངས་སུ་སྤྱི་ཕན་བྱ་འགུལ་སྤེལ་བའི་འགོ་བཙུགས། 
             ཐེངས་འདིའི་སྤྱི་ཕན་བྱ་འགུལ་གྱི་འགོ་འཛུགས་མཛད་སྒོ་ནི་ཟླ་7པའི་ཚེས་15ཉིན་ལ་ལྷ་སར་སྤེལ་བ་སྟེ། བྱ་འགུལ་གྱི་ཁྲོད་དུ་ཧན་ཧོང་གི་བརྩེ་སེམས་དགེ་སྦྱོར་ཐེབས་རྩ་ཚོགས་པས་བོད་ལྗོངས་ལ་མྱུར་སྐྱོབ་རླངས་འཁོར་བཅུ་དང་། “ཧན་ཧོང་གི་བརྩེ་སེམས•ཤང་གྲོང་མྱུར་སྐྱོབ་ཁང”བཅུ། བདེ་ཐང་གི་ཁུག་ཐུམ་ལྔ་སྟོང་བཅས་སྦྱིན་པ་བཏང་ཞིང་། ཆེད་ལས་ཀྱི་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་གཞིས་ཀ་རྩེར་ལོ་ཆུང་གཞོན་ནུ་རྣམས་ལ་མིག་ཤེད་མི་བཟང་བ་བརྟག་པ་དང་མིག་ཤེལ་བཟོ་བ། མིག་བདེ་ཐང་གི་ཤེས་བྱ་ཁྱབ་སྤེལ། རུས་ནད་ཚན་ཁག་གི་འོས་འགན་སྨན་དཔྱད་རྟོག་བཤེར་བྱེད་པ་བཅས་རྒྱ་ཆེར་སྤེལ། 
མཛད་སྒོའི་ཡུལ་དངོས།
             འགོ་འཛུགས་མཛད་སྒོའི་ཡུལ་དངོས་སུ་ཧན་ཧོང་གིས་ཐེངས་འདིའི་སྤྱི་ཕན་བྱ་འགུལ་སྤེལ་བའི་རྒྱུ་རྐྱེན་ནི་ཁོ་མོས་སྔར་བལྟས་མྱོང་བའི་ལོ་ཆུང་གཞོན་ནུ་དང་བྱིས་པ་རྣམས་ཀྱི་མིག་ཤེད་ཀྱི་གནད་དོན་དང་འབྲེལ་བའི་གསར་འགོད་ཅིག་ལ་རག་ལུས་ཞེས་ཟེར་ཞིང་། “ངའི་སེམས་སུ་ནང་ལོགས་ཀྱི་བྱིས་པ་རྣམས་ཀྱི་མིག་དང་མིག་ཤེད་དེ་གནད་དོན་ཆེན་པོ་ཞིག་ཏུ་ཆགས་འདུག་པས། བོད་ཀྱི་བྱིས་པའི་མིག་ཤེད་གནད་དོན་ལའང་མཐོང་ཆེན་བྱེད་དགོས་པར་འདོད་བྱུང་།” དེའི་རྗེས་སུ་ཧན་ཧོང་གིས་པེ་ཅིང་གི་སྨན་བཅོས་ཆེད་མཁས་པ་ཁ་ཤས་ལ་འབྲེལ་བ་བྱས་ནས་ལམ་སེང་ཆེད་ལས་ཀྱི་སྨན་བཅོས་རུ་ཁག་ཅིག་བཙུགས་པ་རེད། 
             པེ་ཅིང་ཞི་མཐུན་སྨན་ཁང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང་(སྨན་ཁང་301)སོགས་སྨན་བཅོས་ལས་ཁུངས་ཀྱི་མིག་ནད་ཚན་ཁག་དང་རུས་ནད་ཚན་ཁག་གི་ཆེད་མཁས་པ་དག་གིས་གྲུབ་པའི་སྨན་བཅོས་རུ་ཁག་འདིས། གཞིས་ཀ་རྩེར་ལོ་ཆུང་གཞོན་ནུ་རྣམས་ལ་མིག་ཤེད་མི་བཟང་བ་བརྟག་པ་དང་མིག་ཤེལ་བཟོ་བ། མིག་བདེ་ཐང་གི་ཤེས་བྱ་ཁྱབ་སྤེལ། རུས་ནད་ཚན་ཁག་གི་འོས་འགན་སྨན་དཔྱད་རྟོག་བཤེར་བཅས་བྱ་རྒྱུ་ཡིན་པ་དང་། ཧན་ཧོང་གིས་ངོ་སྤྲད་པ་ལྟར་ན། དུས་སྔོན་མའི་བཤེར་སྒྲུག་གཞིར་བཟུང་ནས་སྨན་བཅོས་རུ་ཁག་གིས་ཉིན་རེར་ལོ་ཆུང་གཞོན་ནུ་བརྒྱ་དང་བརྒྱད་ཅུར་ཉེ་བ་ཙམ་ལ་མིག་ཤེད་མི་བཟང་བ་བཤེར་སྒྲུག་དང་མིག་ཤེལ་བཟོ་དགོས་པ་རེད། 
             པེ་ཅིང་ཞི་མཐུན་སྨན་ཁང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང་(སྨན་ཁང་301)སོགས་སྨན་བཅོས་ལས་ཁུངས་ཀྱི་མིག་ནད་ཚན་ཁག་དང་རུས་ནད་ཚན་ཁག་གི་ཆེད་མཁས་པ་དག་གིས་གྲུབ་པའི་སྨན་བཅོས་རུ་ཁག་(ཁག་ཅིག) གི་སྨན་བཅོས་ཆེད་མཁས་པ་འགའ་ཞིག་གིས་གཞིས་ཀ་རྩེར་བྱ་བ་སྒྲུབ་བཞིན་ཡོད། 
ཧན་ཧོང་གི་བརྩེ་སེམས་དགེ་སྦྱོར་ཐེབས་རྩ་ཚོགས་པས་བོད་ལྗོངས་ལ་སྦྱིན་པ་བཏང་བའི་མྱུར་སྐྱོབ་རླངས་འཁོར། 
             2011ལོའི་ཟླ་8པའི་ཚེས་8ཉིན་ལ་ཧན་ཧོང་གི་བརྩེ་སེམས་དགེ་སྦྱོར་ཐེབས་རྩ་ཚོགས་པའི་“མི་བརྒྱའི་སྨན་བཅོས་རོགས་སྐྱོར་ཚན་པ”ཞེས་པའི་སྤྱི་ཕན་བྱ་འགུལ་པེ་ཅིང་ནས་ཐོན་ཏེ་ཆབ་མདོར་འབྱོར་བ་དང་། ཡུལ་དེའི་སྐྱ་འགྲིབ་ཕོག་པའི་ནད་པ་ལ་སླར་ཡང་འོད་སྣང་མཐོང་དུ་བཅུག  ལོ་དགུའི་རྗེས་སུ་སླར་ཡང་བོད་དུ་ལོག་ནས་སྤྱི་ཕན་བྱ་འགུལ་སྤེལ་བ་ནི་ཧན་ཧོང་རང་གིས་འོས་པ་ཞིག་ཏུ་འདོད། མོས་ན་རེ། “ང་ནི་ཆབ་མདོ་བ་ཞིག་ཡིན། ང་རང་གི་ཕ་ཡུལ་ལ་ལོག་ནས་དོན་དག་ཁ་ཤས་སྒྲུབ་པ་ལ་བཟང་བསྟོད་བྱེད་དགོས་པ་མི་འདུག དེ་ནི་སྒྲུབ་འོས་པ་ཞིག་རེད། ས་གཞི་འདིས་ང་རང་བསྐྱངས་ནས་ནར་སོན་པ་ཡིན།”ཞེས་ཟེར།