ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་མཐོང་ཆེན་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་དགོས།

སྤེལ་དུས 2019-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              “ཁྱོད་ཚོའི་འཁྲབ་སྟོན་ཧ་ཅང་ངོ་མཚར་ཆེ་བ་ལ་ཨང་།   ང་ཚོ་ལ་ལོ་རྒྱུས་རིག་གནས་ཀྱི་གདངས་དབྱངས་ཉམས་སུ་མྱོང་དུ་བཅུག་པ་དང་།  ངའི་སེམས་སུ་བརྩི་བཀུར་ཤིག་གིས་ཁེངས་བྱུང་།”ཟླ་7པའི་ཚེས་15ཉིན།  ནང་སོག་ཏུ་གཟིགས་ཞིབ་ལ་ཕེབས་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར》གྱི་སྒྲུང་གླུའི་འཁྲབ་ཚན་ཞིག་ལ་གཟིགས་རྗེས།   དེ་ལྟར་མུ་མཐུད་ནས་བསྟོད་བསྔགས་གནང་།   དེ་མ་ཟད་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་མཐོང་ཆེན་བྱས་ཏེ།  《གེ་སར》སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་དགོས།   རྒྱུད་འཛིན་པ་གསོ་སྐྱོང་བྱས་ནས།   མི་རབས་ནས་མི་རབས་བར་རྒྱུན་མཐུད་དེ་སྤེལ་དགོས་ཞེས་བསྟན།
              ཏང་དང་རྒྱལ་ཁབ་ཀྱིས་སྔ་མོ་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད།   ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར》ལ་མཚོན་ནས་བཤད་ན།   ཀྲུང་གོ་གསར་པ་ཐོག་མར་དབུ་བརྙེས་པའི་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པར།   ཆེད་དུ་དེའི་ལས་ཁུངས་བཙུགས་ནས།   ཆེད་དམིགས་ཀྱི་མི་སྣ་མངགས་གཏོང་བྱས་པ་དང་།   ལོ་རྒྱུས་སྙན་རྩོམ་རིང་མོའི་སྐོར་གྱི་དཔེ་དེབ་དང་སྒྲུང་གླུའི་འཁྲབ་སྟོན་སྒྱུ་རྩལ་པ་སོགས་རྒྱུད་འཛིན་གྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་པ།  སྒྲུང་གླུའི་འཁྲབ་སྟོན་སྒྱུ་རྩལ་པས་སྒྲུང་གླུ་འཁྲབ་སྟོན་བྱས་པའི་ལག་བྲིས་དཔེ་དེབ་དང་ཤིང་དཔར་སོགས་མི་ཉུང་བ་ཞིག་འཚོལ་སྡུད་བྱས་ལ།   《གེ་སར》གྱི་ཐང་ག་དང་ལྡེབས་རིས་སོགས་སུ་སྒྲུང་གླུའི་སྒྱུ་རྩལ་པའི་གནས་ཚུལ་བཅས་བཀོད་ཡོད།    ལོ་རབས་བརྒྱད་ཅུ་པའི་རྗེས་ནས།  རྒྱལ་ཡོངས་རང་བཞིན་གྱི་《གེ་སར》ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ནས།   ལོ་རྒྱུས་སྙན་རྩོམ་རིང་མོ་ཁྱབ་པའི་ཞིང་ཆེན་དང་ས་ཁུལ་ཚང་མར་ཆེད་དུ་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པའི་གཞུང་སྒྲུབ་ཁང་བཙུགས་ཡོད་ལ།   ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་མི་རིགས་སློབ་གླིང་ཁ་ཤས་ནས་《གེ་སར》ཞིབ་འཇུག་ཁང་བཙུགས་པ་དང་། 《གེ་སར》རིག་ཚན་དང་དེའི་རམ་འབྱམས་པ་དང་འབུམ་རམས་པའི་གནས་ཁུལ་བཅས་བཙུགས་ཡོད།   2006ལོར་《གེ་སར》དང་《ཇིང་གུར》《མ་ནཱ་སི》བཅས་གྲངས་ཉུང་མི་རིགས་ཀྱི་དཔའ་བོའི་སྙན་རྩོམ་རིང་མོ་འདི་གསུམ་དུས་མཉམ་དུ་ཁག་དང་པོའི རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོའི་གྲས་སུ་ཚུད།
              ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།   ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་མཚོན་བྱེད་དུ་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དོ་སྣང་གལ་ཆེན་གནང་ཡོད།   2014ལོའི་ཟླ་10པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གནང་བའི་ཁྲོད་དུ།  “ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་རྒྱས་ཆེན་པོ་ཡོང་དགོས།”ཞེས་གསུངས་སྐབས།   ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གསུམ་གྱི་སྐོར་གླེང་བྱུང་།   2018ལོའི་ཟླ་3པའི་ཚེས་20ཉིན།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་ཆེན་ཐེངས་དང་པོའི་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཡང་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གསུམ་གྱི་རྒྱུད་འཛིན་སྐོར་གླེང་བ་དང་།   དེ་ནི་“མི་སེམས་གཡོ་བར་བྱེད་པའི་རླབས་ཆེན་གྱི་སྙན་རྩོམ་རིང་མོ”རེད་ཅེས་སྔགས་བརྗོད་གནང་།   ད་ཐེངས་ནང་སོག་ཏུ་གཟིགས་ཞིབ་ལ་ཕེབས་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབབ་ཚུགས་དང་པོ་སྟེ་ཁྲི་ཧྥུན་གྲོང་ཁྱེར་གྱི་མངའ་ཁོངས་པ་ལིན་ཆི་གཡས་པ་ནི་སོག་པོ་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར》གྱི་འབྱུང་ཡུལ་གལ་ཆེན་ཞིག་ཡིན་པ་དང་།   དེ་ལ་ཀྲུང་གོའི་《གེ་སར》གྱི་ཕ་ས་ཞེས་པའི་མཚན་སྙན་ཡོད་ཅིང་།   ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར》གྱི་སྒྲུང་གླུའི་སྒྱུ་རྩལ་པ་མིང་གྲགས་ཅན་ཧ་ཅང་མང་པོ་ཞིག་པ་ལིན་ཆི་གཡས་པ་ནས་ཐོན་པ་རེད།   ཉིན་དེར་པ་ལིན་ཆི་གཡས་པ་ནས་ཡོང་བའི་མི་9ལས་གྲུབ་པའི་སྒྲུང་གླུ་ཚོ་ཆུང་གིས་ཁྲི་ཧྥིན་རྟེན་རྫས་བཤམས་མཛོད་ཁང་གི་གཉིས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར》གྱི་སྒྲུང་གླུའི་འཁྲབ་ཚན་ཞིག་འཁྲབ་སྟོན་བྱས།  ཁོ་ཚོའི་ཁྲོད་ནས་དགུང་ལོ་ཆེས་བགྲེས་པའི་རྒན་པོ་སྦྱིན་པ་བཀྲ་བྷོ་ནི་དགུང་ལོ་86ལ་ཐོན་ཡོད་པ་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་ཞིག་རེད།   ལོ་ན་ཆེས་ཆུང་བའི་སོ་ལའེ་བདེ་སྒྲོན་ནི་ལོ་11ཡིན་པ་དང་།  ལོ་ན་6ལ་སོན་སྐབས་ནས་བཟུང་《གེ་སར》གྱི་སྒྲུང་གླུ་ལ་སློབ་སྦྱོང་བྱེད་མགོ་བརྩམས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་ཚོའི་ལོ་རྒྱུས་སྙན་རྩོམ་རིང་མོའི་སྒྲུང་གླུའི་འཁྲབ་སྟོན་དེ་ལ་གཟིགས་པ་དང་།   ད་དུང་ཁོ་ཚོ་དང་མཉམ་དུ་སྙིང་ཉེ་བའི་སྒོ་ནས་གླེང་མོལ་བྱས་པ་སྟེ།  “ང་དེ་རིང་ཁྱོད་ཚོར་བལྟ་རུ་ཡོང་བ་དང་།  ཁྱོད་ཚོས་རོལ་མོ་དཀྲོལ་བ་དང་གཞས་བཏང་བར་ཉན་པ་ནི།   ཏང་ཀྲུང་དབྱང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་པ་མཚོན་པ་ཡིན།”ཞེས་གསུངས།
              ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན་པ་དང་།  ཆེས་གཏིང་ཟབ་པའི་རིག་གནས་ཀྱི་འཇམ་ཤུགས་ཡིན་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བ་ཚུགས་པའི་གཤིན་ས་དང་།  ང་ཚོས་འཛམ་གླིང་རིག་གནས་ཀྱི་རྡབ་གསིག་ཁྲོད་གོམ་པ་བརྟན་པོར་གནས་ཐུབ་པའི་གཞི་རྐང་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་།  ཀྲུང་ཧྭ་མི་རིགས་ནི་མི་རིགས་མང་པོ་རྒྱུན་མཐུད་ནས་ཕན་ཚུན་བགྲོ་གླེང་དང་།  འགྲོ་འོང་། མཉམ་འདྲེས་བཅས་བརྒྱུད་ནས་གྲུབ་པ་ཡིན།  ཀྲུང་ཧྭའི་ཤེས་རིག་ནི་ཕན་ཚུན་མཐུན་ལ་རིགས་མི་འདྲ་བའི་མི་རིགས་མང་པོའི་རིག་གནས་ཀྱི་གཤིན་སར་རྩ་བ་ཚུགས་ནས་ཡོད་པ་དང་།  ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་།  འཛམ་གླིང་སྟེང་དུ་ལོ་རྒྱུས་ཁྲོད་རྒྱུན་ཆད་མྱོང་མེད་པར་ད་བར་འཕེལ་རྒྱས་བྱུང་ནས་ཡོང་བའི་ཤེས་རིག་གཅིག་པུ་དེ་ཡིན།
              ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ཀྲུང་ཧྭ་རིག་གནས་ཀྱི་འཕེལ་རྒྱས་དང་དར་འཕེལ་གཞི་བྱས་ནས།   ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་གསར་སྐྲུན་རང་བཞིན་ལྡན་པའི་འཕེལ་འགྱུར་དང་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་།   ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་དང་འགུག་ཤུགས་མུ་མཐུད་ཇེ་དྲག་ཏུ་གཏོང་བ།   ཀྲུང་ཧྭའི་རིག་གནས་ལ་གཟི་འོད་གསར་བ་འབར་བར་བྱེད་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  “གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་མཐོང་ཆེན་བྱས་ཏེ།  《གེ་སར》སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་དགོས།”ཞེས་གསུངས།   ལོ་ངོ་མང་པོའི་རིང་ལ་དཔའ་བོའི་སྙན་རྩོམ་རིང་མོ་《གེ་སར》གྱི་སྐོར་དྲིལ་བསྒྲགས་དང་ཞིབ་འཇུག་བྱེད་པར་ཞུགས་པའི་ལས་མི་ཞིག་ཡིན་པའི་ཆ་ནས།   སྒྲུང་གླུ་དང་སྲོལ་རྒྱུན་གྱི་རྒྱུན་ཡུན་རིང་ལྡན་པའི་མིའི་རིགས་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་འདིའི་ཆེད་དུ་སྐུལ་མ་ཐེབས་པ་དང་སྤྲོ་བ་དཔག་མེད་སྐྱེས།  《གེ་སར》དང་འདྲ་བའི་ཀྲུང་གོའི་མི་རིགས་སོ་སོའི་མངོན་མིན་རིག་གནས་ཤུལ་བཞག་གིས་མ་འོངས་པར་རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་མཐོར་འདེགས་གཏོང་བ་ལ་ཀྲུང་ཧྭ་རིག་གནས་ཀྱི་གཟི་འོད་གསར་བ་འབར་དུ་འཇུག་ངེས་པ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་བསམ་གྱི་ལམ་བུའི་སྟེང་གཟི་དཔལ་ལམ་ལམ་འཕྲོ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།