ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་རྩེ་རྫོང་གི་སྐབས་བདུན་པའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

སྤེལ་དུས 2019-07-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
གཟབ་རྒྱས་ཀྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།

བོད་ཀྱི་ལྷ་མོའི་རུ་སྟར། 
བྱིས་པའི་སྟོད་གཞས་སྒྱུ་རྩལ་རུ་ཁག 
            དབྱར་གཞུང་གི་ཟླ་བདུན་པར་ལྷ་རྩེའི་རྣམ་པ་ལྷག་པར་མཛེས།  ལེ་བར་ལྔ་སྟོང་གི་ཉག་ཆུའི་རྒྱུད་དུ།  ཆེས་མཛེས་སྡུག་ལྡན་པ་ནི་ལྷ་རྩེ་རེད།  ལྷ་རྩེ་རྫོང་གི་སྐབས་བདུན་པའི་བོད་ལྗོངས་སྟོད་གཞས་ཀྱི་ཕ་སའི་རིག་གནས་ཡུལ་སྐོར་དུས་ཆེན་དང་སྐབས་གསུམ་པའི་ཉག་ཆུའི་ཞོན་རྒྱུགས་བྱ་འགུལ།  སྐབས་དང་པོའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་དེ་ཚང་མའི་རེ་ལྟོས་ཀྱི་ཁྲོད་ནས་གཟབ་རྒྱས་ངང་དངོས་སུ་འགོ་ཚུགས།  ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་“ལྷ་རྩེ་ལ་དགའ་མོས་དང་ལྷ་རྩེར་དྲིན་ལན་འཇལ་བ”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཏེ།  སྒྱུ་རྩལ་འཁྲབ་སྟོན་དང་རིག་རྩལ་འགྲན་བསྡུར།  ཚོང་དོན་བགྲོ་གླེང་།  ཉག་ཆུའི་ཞོན་རྒྱུགས།  མེ་ཕུང་སྐོར་བྲོ་སོགས་བྱ་འགུལ་རབ་དང་རིམ་པ་ཞིག་བརྒྱུད་ནས།   ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་ཚོང་དོན་གཟབ་རྒྱས་ཚོགས་འདུ་དང་མིག་གི་ལོངས་སྤྱོད། རིག་གནས་ཀྱི་དགའ་སྟོན་ཞིག་གཟིགས་མོ་བ་དང་སྐུ་མགྲོན་རྣམས་ཀྱི་སྤྱན་ལམ་དུ་བསྟར། 

གཟབ་རྒྱས་ཆེ་བའི་སྟོད་གཞས་འཁྲབ་སྟོན།

འདུ་འཛི་ཆེ་བའི་ལྟད་མོའི་ཡུལ་དངོས།
            མཛད་སྒོའི་སྐབས་སུ་གཟབ་རྒྱས་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས།   ཐེངས་འདིའི་ལྷ་རྩེ་རྫོང་གིས་གཙོ་བོ་བཀོད་སྒྲིག་བྱས་པའི་གཟབ་རྒྱས་ཆེ་བའི་དམངས་སྲོལ་གྱི་འཁྲབ་སྟོན་འདིར།   ཕུལ་བྱུང་གི་གླུ་གར་རྩེད་རིགས་སྣ་ཁ་བཅུ་ལྷག་གི་འཁྲབ་སྟོན་ལས་ལྷ་རྩེའི་རིག་གནས་ཀྱི་རྨང་གཞི་དང་།  མི་ཆོས་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རྒྱུད་འཛིན། ལྷ་རྩེ་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཡར་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་མངོན་ཐུབ་ལ།   ཡུལ་དངོས་ཀྱི་གཟིགས་མོ་བ་རྣམ་པའི་དགའ་བསུ་ཆེན་པོ་ཐོབ།  
ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པར་སྐྱེལ་མའི་མཛད་སྒོ་སྤེལ་བ།

རིག་གནས་ཐོན་རྫས་ཀྱི་འགྲེམས་འཚོང་།
            ལྷ་རྩེ་རྫོང་གི་སྐབས་བདུན་པའི་བོད་ལྗོངས་སྟོད་གཞས་ཀྱི་ཕ་སའི་རིག་གནས་ཡུལ་སྐོར་དུས་ཆེན་དང་སྐབས་གསུམ་པའི་ཉག་ཆུའི་ཞོན་རྒྱུགས་བྱ་འགུལ།  སྐབས་དང་པོའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་དེ་ཉིན་གསུམ་གྱི་རིང་སྤེལ་བ་དང་།   བྱེད་སྒོའི་སྐབས་སུ་ད་དུང་ལྷ་རྩེ་རྫོང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟོད་གཞས་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་།   ཚོང་དོན་བགྲོ་གླེང་།  ཉག་ཆུའི་ཞོན་རྒྱུགས།  རིག་རྩལ་འགྲན་བསྡུར།  རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་མང་པོ་སྤེལ།