ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ཁག་བརྒྱད་པའི་སྐོར་རགས་ཙམ་བཀོད་པ།

སྤེལ་དུས 2019-07-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ལ་རྒྱུན་སྤྱོད་སྨན་དང་སྨན་བཅོས་ཡོ་ཆས་སྤྲོད་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ཁག་བརྒྱད་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་ལས་ཁང་དང་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་གནད་སྨིན་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་བདུན”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
          དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་གནད་སྨིན་ཤུགས་འདོན་བྱས་པ།
          གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དེ་ལས་བྱེད་པ་གྲོང་སྡོད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་གྲོང་ཨུད། རང་སྐྱོང་ལྗོངས་སྲིད་གཞུང་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཡོད་པ་རེད།
          ཟླ་5པའི་ཟླ་དཀྱིལ་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པས་དུད་ཚང་འགན་གཙང་བླངས་ནས་རོགས་སྐྱོར་བྱས་པའི་དུད་ཚང་དབུལ་པོ་2318ཀྱི་མི་8694ཟིན་པ་དང་། དབུལ་སྐྱོར་དབུལ་སྒྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས་1193བྱས་པ་དང་འབྲེལ། ཐབས་ལམ་སྣ་ཚོགས་སྤྱད་དེ་མ་དངུལ་སྒོར་ཁྲི་62ཟིན་པའི་དབུལ་སྐྱོར་རྣམ་གྲངས་ཁག་10བརྩོན་ལེན་བྱས་ཡོད། གྲོང་ཚོར(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་དངོས་ཚན་ཁག་22དང་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་ཁག་11གཉེར་ནས་དུད་ཚང་འགན་གཙང་གིས་རོགས་སྐྱོར་བྱ་ཡུལ་187ལ་ཡོང་འབབ་བརྟན་པོ་ཡོང་བ་དང་། མང་ཚོགས་དབུལ་པོར་རྩལ་ནུས་གསོ་སྦྱོང་ཐེངས་103སྒྲིག་འཛུགས། མང་ཚོགས་དབུལ་པོ་1576ལས་ཞུགས་གཞན་སྒྱུར་བཅས་བྱས་པས་དབུལ་སྐྱོར་དབུལ་སྒྲོལ་གྱི་སྲིད་ཇུས་ཁྱིམ་ཚང་ཚང་མས་ཤེས་རྟོགས་ཐུབ་ཡོད་པ་རེད།
          གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་ཐབས་མང་མཉམ་དུ་སྤྱད་པ།
          གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་ལ་བརྩིས་ནས།“ཐོན་ལས་དར་རྒྱས་ཆེ་བ་དང་། སྣོད་བཅུད་སྡོད་མལ་རུང་བ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་གནད་སྨིན་ཆེ་བ། འཚོ་བ་འབྱོར་ཞིང་ཕྱུག་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་དམིགས་འབེན་ཇུས་འདོན་ལ་སྐུལ་འདེད་བཏང་ནས་ཐབས་མང་མཉམ་དུ་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་རེད།
          གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁག་296གསལ་པོ་བཟོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་ཁག་123བཟོ་བ་དང་། འཐུས་སྒོ་ཚང་བ། ལག་བསྟར་བཅས་བྱས་པ་དང་སྦྲགས་མང་ཚོགས་ལ་ས་ཞིང་དང་རྩྭ་ར་འགན་གཙང་གི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བའི་སྲིད་ཇུས་དྲིལ་བསྒྲགས་ཐེངས་277བྱས་ཡོད། གྲོང་ཚོས(གྲོང་ལྷན)ཤིང་འཛུགས་རྩྭ་འདེབས་དང་། བཙོག་ཟིང་ཞན་གསུམ་བཅོས་སྒྲིག མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ཀྱི་བྱེད་སྒོ་ཐེངས་739སྤེལ་རོགས་བྱས་ཡོད་པ་རེད།
          རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པར་ནུས་ཤུགས་ཡོད་རྒུ་བཏོན་པ།
          གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ལས་ཀའི་གཙོ་གནད་ལ་བརྩིས་ཏེ“ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་ཅིག”འཇོག་ཐུབ་པ་དམིགས་ཚད་དུ་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་བཏང་སྟེ་ཚན་ཁག་བཀོད་སྒྲིག་དང་། དཔུང་ཁག་སྟོབས་ཆེ། ལམ་ལུགས་བཟོ་བ་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
          ཞིང་འབྲོག་པའི་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་70གཉེར་ནས་ཏང་ཡོན་མི་ཐེངས་6444ལ་གསོ་སྦྱོང་བྱས་པ་དང་། བཅའ་སྡོད་གྲོང་ཚོར(གྲོང་ལྷན)རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་སྒྲིག་སྲོལ་ལམ་ལུགས་253དང་། ཏང་དོན་གྲོང་དོན་ནོར་དོན་ཡོངས་བསྒྲགས་ལམ་ལུགས་171 ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་149བཅས་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཡོད། གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ལ་ཏང་ཡོན་24དང་། གྲ་སྒྲིག་ཏང་ཡོན་117 ཏང་ཞུགས་ཧུར་བརྩོན་ཅན་182བཅས་འཕེལ་རྒྱས་གཏོང་རོགས་བྱས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི”སློབ་སྦྱོང་སློབ་གསོ་ཐེངས་665སྤེལ་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འཇོན་ཐང་དང་ཞབས་ཞུའི་འཇོན་ཐང་སྔར་བས་ཆེ་རུ་བཏང་བ་དང་གཞི་རིམ་དུ་སྲིད་སྐྱོང་བའི་ཏང་གི་རྨང་གཞི་བརྟན་དུ་བཏང་ནས། “མཐའ་མའི་འགག་སྒོ”བརྟན་པོ་བསྲུངས་ཡོད་པ་རེད།
          གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ཀྱི་ཆེད་དུ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པ་དང་། དཀའ་གནད་སེལ་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཏེ་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གླེང་མང་ལ་དཀའ་གནད་ཆེ་བའི་གནད་དོན་ལ་དམ་འཛིན་བྱས་ནས་འགན་ལེན་ལྔའི་དུད་ཚང་དང་། མང་ཚོགས་དབུལ་པོ། དཀའ་ངལ་ཡོད་པའི་མང་ཚོགས་བཅས་མི་ཐེངས་8633ལ་འཚམས་འདྲི་དང་། “རྒན་གྲས་གསུམ”གྱི་མི་སྣ་མི་ཐེངས་705ལ་འཚམས་འདྲི་བྱས་པ་དང་སྦྲགས། ཞིང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི་144དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དང་འགན་ལེན་ལྔའི་དུད་ཚང་ལ་འཚོ་སྐྱོང་ཁ་གསབ་ཚད་གཞི་སྙོམ་སྒྲིག་མ་དངུལ་སྒོར་ཁྲི་21 དམངས་ཕན་ཁ་གསབ་མ་དངུལ་སྒོར་ཁྲི་293བཅས་དོན་འཁྱོལ་བྱེད་རོགས་བྱས་ཡོད། ཕྱོགས་མང་པོའི་མ་དངུལ་གྲབས་གསོག་བྱས་ཏེ་བཅའ་སྡོད་གྲོང་ཚོའི(གྲོང་ལྷན)ཞིང་འབྲོག་མང་ཚོགས་ལ་དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་ཁག་95བསལ་བ་དང་མང་ཚོགས་ལ་བྱ་བཟང་ཁག་149བསྒྲུབས་ཏེ་མི་རིགས་ཁག་གི་མི་དམངས་ཚོས“ཕན་པ་སུ་ལ་ཐོབ་པ་དང་ཕན་པ་གང་ནས་བྱུང་བ”ཤེས་སུ་བཅུག་པས། ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་རེད།