ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་དང་ཅིན་ཏུང་དེ་བཞིན་མཐོ་རིམ་སློབ་ཆེན་བར་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཐུན་མོང་ཐོག་གློག་རྡུལ་ཚོང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

སྤེལ་དུས 2019-07-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
西藏与京东及高校签署战略合作协议共促电子商务发展
བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་དང་ཅིན་ཏུང་ཚོགས་ཁག་དེ་བཞིན་མཐོ་རིམ་སློབ་ཆེན་བར་ལ་གྲོས་མཐུན་མིང་རྟགས་འགོད་པ།
             “གློག་རྡུལ་ཚོང་ལས་དང་གཞི་གྲངས་ཆེན་མོའི་ཞིབ་བཤེར”ཞེས་པའི་བརྗོད་གཞི་གཙོ་བོར་གཞིགས་ནས།   2019ལོའི་སྐབས་དང་པོའི་ཀྲུང་གོའི་དོ་དམ་དེང་རབས་ཅན་ཞིབ་འཇུག་ཚོགས་པའི་གློག་རྡུལ་ཚོང་ལས་དང་དྲ་རྒྱའི་བར་སྟོང་དོ་དམ་ཆེད་ལས་ཨུ་ཡོན་ཚོགས་པའི་ལོ་ཚོགས་དེ་ཚེས་21ཉིན་ལྷ་སར་བསྡུས།   དེ་དང་མཉམ་དུ་བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་དང་ཅིན་ཏུང་ཚོགས་ཁག་དེ་བཞིན་མཐོ་རིམ་སློབ་ཆེན་བར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད། 
             གྲོས་མཐུན་འདི་ད་དུང་ཏ་ལེན་རྩིས་བཟོ་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་དང་འབྲེལ་བ་ཡོད་ལ།   དེའི་སྤྱིའི་དམིགས་ཚད་ནི་བོད་ལྗོངས་སུ་དེང་རབས་ཅན་དང་ཚད་ལྡན་ཅན།  རིག་ནུས་ཅན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དཔེ་སྟོན་ཁུལ་འཛུགས་རྒྱུ་དང་།   དཔེ་སྟོན་རང་བཞིན་གྱི་ཅིན་ཏུང་ཞིང་ར་བཙུགས་ནས།  བོད་ལྗོངས་ཀྱི་ཞིང་ལས་ཁྱད་ཐོན་ཀྱི་རྟགས་མ་འཛུགས་སྐྲུན་དང་ཚོང་འགྲེམས་ཀྱི་བྱ་བ་ཇེ་མགྱོགས་སུ་གཏོང་བ་དང་།  བོད་ལྗོངས་ཞིང་ལས་ཁྱད་ཐོན་གྱི་ཚོང་དོན་རྣམ་པ་དང་འཁོར་རྒྱུག་མ་ལག་གི་རིགས་གསར་བ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།   མཉམ་འབྲེལ་གྱི་ཁྱབ་ཁོངས་སུ་ཅིན་ཏུང་ཞིང་ར་མཉམ་ལས་འཛུགས་སྐྲུན་དང་།  བློ་རིག་ཞིང་ལས་ཚོང་དོན་ཚོང་རའི་འཛུགས་སྐྲུན།  ཞིང་ལས་ཁྱད་ཐོན་གྱི་རྟགས་མ་འཛུགས་སྐྲུན་དང་ཅིན་ཏུང་དངུལ་རྩ་མཉམ་ལས་ནང་འགུགས་སོགས་ཚུད་ཡོད།  
图为会议现场。 赵朗 摄
ཚོགས་འདུའི་ཡུལ་དངོས།
             ཚོགས་འདུའི་སྐབས་སུ།  ཤར་ལྷོ་སློབ་ཆེན་དང་པེ་ཅིང་ཚན་རྩལ་སློབ་ཆེན། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་མང་པོའི་སློབ་དཔོན་ཆེན་མོས་མཐོང་སྣེ་མི་འདྲ་བའི་ངོས་ནས་གློག་རྡུལ་ཚོང་ལས་འཕེལ་རྒྱས་སྐོར་གྱི་སྙན་ཞུ་ཕུལ།  བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་གིས་ཀྱང་བོད་ལྗོངས་གློག་རྡུལ་ཚོང་ལས་འཛུགས་སྐྲུན་གྱི་རིག་མཛོད་འཆར་གཞིའི་འགོ་ཚུགས་ཡོད།   ཁག་དང་པོར་ཀྲུང་གོའི་མིང་གྲགས་ཆེ་བའི་གློག་རྡུལ་ཚོང་ལས་ཀྱི་ཆེད་མཁས་པ་མི་17གདན་དྲངས་ནས།  བོད་ལྗོངས་ཀྱི་གློག་རྡུལ་ཚོང་ལས་ཀྱི་འཕེལ་རྒྱས་ཐད་ལ་ཐབས་ཇུས་ལེགས་པོ་བཏོན།   འདི་ནི་བོད་ལྗོངས་སུ་གློག་རྡུལ་ཚོང་ལས་ཀྱི་འཇོན་མི་དཀོན་པའི་དཀའ་ཁག་ཐག་གཅོད་བྱེད་པར་གསར་གཏོད་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན།
图为西藏自治区商务厅党组书记李文革致辞。 赵朗 摄
བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ལི་ཝུན་ཀུ་ཡིས་ཤིས་ཚིག་བརྗོད་པ།
             བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ལི་ཝུན་ཀུ་ཡིས་བསྟན་དོན།  འཐབ་ཇུས་མཉམ་ལས་གྲོས་མཐུན་འདི་ལ་མིང་རྟགས་བཀོད་པ་དང་རིག་མཛོད་འཆར་གཞིའི་འགོ་ཚུགས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཞིང་སྡེ་དར་སྤེལ་གཏོང་བའི་སྤྱིའི་བླང་བྱ་ལག་ལེན་དུ་བསྟར་བ་ཡིན་ལ།  སྲིད་གཞུང་དང་ཁེ་ལས།  ཞིབ་འཇུག་ཚན་ཁག་བཅས་མཉམ་འབྲེལ་རྣམ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད་པས།  བོད་ལྗོངས་སུ་གྲངས་འཛིན་ཞིང་སྡེ་སྤེལ་བའི་འཐབ་ཇུས་ཐད་ལ་དོན་སྙིང་གལ་ཆེན་ལྡན།  ཕྱོགས་ཡོངས་ནས་ཆ་ཚང་བར་མཐུན་སྦྱོར་བྱས་ཏེ།  ལག་རྩལ་མཁོ་འདོན་དང་ཐོན་ལས་འཕེལ་རྒྱས།  འཇོན་མི་གསོ་སྐྱོང་།  ཚན་ཞིབ་གསར་གཏོད་བཅས་ཀྱི་ཐད་ལ་རོགས་རེས་གཏིང་ཟབ་སྒོས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས།