ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མཐའ་སྲུང་གི“ཉེན་རྟོག་བཟའ་ཚོ”གནས་གཉིས་སུ་འཚོ་བ་སྐྱེལ་བ།

སྤེལ་དུས 2019-08-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “གཅིག་གཉིས་གསུམ་བཞི། གཅིག་གཉིས་གསུམ་བཞི”ཞེས་པའི་སྐད་སྒྲ་དེ་དམག་མིའི་གླུ་སྒྲ་ཇི་བཞིན་སྐད་གསང་མཐོན་པོ་ཡོད་པ་དེས་ཕུ་མ་བྱང་ཐང་གི་ལྷིང་འཇགས་ཀྱི་མཚན་མོ་འཁྲུག་ཏུ་ཕྱིན་པ་དང་ཞོགས་པའི་ཉི་འོད་ཐོག་མ་དེ་ཆ་སྙོམས་ས་བབ་སྨི་5373ཡོད་པའི་འཛམ་གླིང་ཡང་རྩེར་རབ་ཏུ་འཕྲོས།
          བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོའི་ཉིན་གཅིག་གི་ལས་ཀ་འགོ་ཚུགས།
          “པེ་ཅིང་གི་ཆུ་ཚོད་8པ་ཏག་ཏག་ལ་5373བདེ་པོ་ཡིན”ཞོགས་པའི་ལུས་སྦྱོང་ཚར་ནས་ཉལ་ཁང་དུ་ལོག་འཕྲལ་མངགས་གཏོང་ཁང་དེའི་སློབ་སྟོན་པ་གཞོན་པ་ཡོན་ཧའོ་ཅེ་ཡིས་ལག་ཐོགས་ཁ་པར་གྱི་ཐོག་ནས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་དུ་ལས་ཀར་ཡོད་པའི་བཟའ་ཟླ་ཁྲེན་དབྱིར་གོང་གི་འཕྲིན་ཐུང་འདི་བསྐུར་ཡོད།
          “ལེགས་པོ་རོང་ལ་འབྱོར་བྱུང”ཞེས་སྐར་ཆ་ལྔ་ཡང་མི་འགོར་བར་ཡོན་ཧའོ་ཅེར་བཟའ་ཟླའི་འཕྲིན་ལན་འབྱོར་ཡོད།
          “ཉིན་ལྟར་འཕྲིན་ཐུང་བསྐུར་གྱི་ཡོད”ཅེས་ཡོན་ཧའོ་ཅེས་བརྗོད།
          དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ཡིན་པའི་ཁོང་2011ལོར་སློབ་ཆེན་ཐོན་སྐབས་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སུ་ལས་ཀར་ཡོང་བས། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་དུ་ལས་བགོས་བརྒྱབ།
          ལོ་གསུམ་གྱི་རྗེས་སུ་ཡོན་ཧའོ་ཅེར་ཚན་པ་ནས“འབྱུང་འགྱུར་གྱི་བཟའ་ཟླ་ཁྲེན་དབྱི་འཕྲད་ཡོད”
          2014ལོར་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཁག་དང་པོར་སྐྱོད་མཁན་བུད་མེད་ལས་བྱེད་པ་ཁྲེན་དབྱི་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་དུ་ལས་བགོས་བརྒྱབ་པས“འབྱུང་འགྱུར་གྱི་བཟའ་ཟླ”དང་མི་ཚེའི་ནང་གི་ཐུག་འཕྲད་ཐེངས་དང་པོ་དེ་བྱུང་ཡོད།
          ཁྲེན་དབྱི་ལས་གནས་ཐོག་གང་མགྱོགས་གོམས་པ་བྱ་ཆེད་འགོ་ཁྲིད་ཀྱིས་རྐང་འཛིན་པ་ཡོན་ཧའོ་ཅེས་ཁོ་མོའི་སྣེ་འཁྲིད་དེ་དཔུང་སྡེའི་ནང་ཁུལ་གྱི་དོ་དམ་དང་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ལས་དོན་ཁག་དང་ལས་སྒོ་རྒྱུས་མངའ་ཡོང་བར་བཀོད་སྒྲིག་བྱས་ཡོད། དེའི་རིང་ཡོན་ཧའོ་ཅེས་ཉིན་ལྟར་ཁྲེན་དབྱི་ཁོངས་གཏོགས་ཁུལ་མི་སེར་གྱི་དུད་ཚང་མི་རེ་ངོ་རེར་ཁྲིད་དེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་སྤེལ་རེས་མཉམ་གཤིབ་ཇི་ལྟར་བྱ་རྒྱུའི་ཐབས་ཤེས་བསླབས།
          མཉམ་དུ་ལས་སྒྲུབ་དང་། མཉམ་དུ་སྐོར་གཡེང་། མཉམ་དུ་འཚམས་འདྲི་སོགས་བྱེད་པར་ཉིན་ནས་ཉིན་དང་ལོ་ནས་ལོ་རྒྱུན་མཐུད་པར་བརྟེན་ཁོང་གཉིས་པོའི་དབར་ལྷད་མེད་བརྩེ་དུང་གི་མདུད་པ་དམ་པོར་ཐེབས། 2018ལོར་གཉེན་ཉེ་དང་གྲོགས་པོ་མང་པོའི་བཀྲ་ཤིས་སྨོན་འདུན་འོག་ཁོང་གཉིས་གཉེན་སྒྲིག་བྱས།
          ཁྲེན་དབྱི་ཡིས“ངའི་པཱ་ལགས་དྲག་ཆས་ཉེན་རྟོག་གི་དམག་དཔོན་ཞིག་ཡིན། ངས་ཆུང་དུས་ནས་ནང་མི་ཚོ་གནས་གཉིས་སུ་འཚོ་བ་སྐྱེལ་བའི་མྱོང་ཚོར་རྟོགས་ཀྱི་ཡོད། ད་ཆ་རང་ཉིད་ཀྱང་དེ་ལྟར་ཡིན”ཞེས་བརྗོད།
          ལེགས་པོ་རོང་གི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་2000ཡོད་པ་དང་། ས་བབ་དམའ་ཞིང་གསོ་རླུང་འདང་ངེས་ཡོད་པར་བརྟེན་ཁྲེན་དབྱི་སྔར་ཡོད་ཀྱི་ཚན་པར་གནས་ཐུབ་ཆེད་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཡིན་པའི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་དུ་ཡོན་ཧའོ་ཅེ་རང་ཉིད་ལས་བསྒྱུར་བྱ་རྒྱུའི་གདམ་ག་བྱས་ཡོད།
          “དེ་ནི་སྤྱི་ཁྱབ་ས་ཚིགས་ཡོངས་ནས་དཀའ་ཚེགས་ཆེ་ཤོས་ཀྱི་ཚན་པའི་གྲས་ཤིག་ཡིན་པ་དང་། ང་གནས་ས་ལས་ས་བབ་སྨི་3000ཙམ་གྱིས་མཐོ་བ་ཡོད། ཡོན་ཧའོ་ཅེའི་གདམ་ག་དང་ཐག་གཅོད་ལ་ངས་རྒྱབ་སྐྱོར་བྱ་རྒྱུ་ཡིན། འོན་ཀྱང་ཁོང་གི་གཟུགས་པོར་སེམས་ཁྲལ་འདུག”ཅེས་ཁྲེན་དབྱི་ཡིས་བརྗོད།
          ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཡོད་པའི་ཕུ་མ་བྱང་ཐང་དུ་མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་ནང་སའི་30%ཡང་ཟིན་གྱི་མེད། སྐོར་གཡེང་དང་། འཚམས་འདྲི། གྲལ་བཤེར་སོགས་རྒྱུན་གཏན་གྱི་ལས་ཀས་དེ་གར་གཟུགས་པོར་ཚོད་བགམ་ཆེན་པོ་བྱེད་ཀྱི་ཡོད།
          ཕུ་མ་བྱང་ཐང་དུ་བསྐྱོད་པའི་ཡོན་ཧའོ་ཅེས་ཉིན་གཉིས་ལས་ངལ་གསོ་མ་བརྒྱབ་པར་འཕྲལ་དུ་ལས་ཀར་ཞུགས་ཡོད།
          ཕུ་མ་བྱང་ཐང་དུ་ད་དུང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡོད་པ་ནི་འཁྱགས་རོམ་ཁྲོད་རོགས་སྐྱོབ་བྱ་རྒྱུ་དེ་རེད། ཡུལ་སྐོར་བར་འཁྱགས་རོམ་ཁྲོད་ཉེན་ཁ་འཕྲད་ཚེ་ཡོན་ཧའོ་ཅེ་དང་ལས་རོགས་ཚོ་འཕྲལ་མ་ཉིད་དུ་ས་བབ་མཐོ་ཚད་སྨི་6000ལྷག་ཙམ་ཡོད་པའི་འཁྱགས་རོམ་མི་མེད་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་དགོས། རོགས་སྐྱོབ་བྱེད་པར་བསྐྱོད་རིམ་བཞིན་ཁྲེན་དབྱི་ཡིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
          “མཚན་དཀྱིལ་འཁྱགས་རོམ་མི་མེད་ཁུལ་དུ་འགྲོ་དགོས་པས་ཁ་པར་ལ་བརྡ་རྟགས་མེད་པར་བརྟེན་འབྲེལ་བ་བྱེད་ཐབས་བྲལ་བས་རང་ཉིད་སེམས་ཁྲལ་ཆེན་པོ་བྱུང་ནས་མཚན་མོ་གཉིད་ཀྱང་ཁུག་གི་མི་འདུག”ཅེས་ཁྲེན་དབྱི་ཡིས་བརྗོད་ཅིང་། ཁོང་གིས་ཕྱིས་སུ་རང་ཉིད་ཀྱིས་ཡོན་ཧའོ་ཅེར་ཉིན་ལྟར་ཁམས་བདེ་ཡིན་པའི་འཕྲིན་ཐུང་བསྐུར་དགོས་པའི་ཁ་ཆད་བྱས་པ་ཡིན་ཞེས་བརྗོད།
          “ཆ་རྐྱེན་དཀའ་ཚེགས་ཆེན་པོ་ཡོད་རུང་དེ་གར་ཡོང་བར་འགྱོད་པ་སྤུ་ཙམ་ཡང་མི་འདུག ཉིན་ལྟར་ལས་ཀ་མང་པོ་ཡོད། ཉིན་འགའི་སྔོན་དུ་བཟའ་ཚོ་རྒན་གྲས་ཤིག་གིས་ང་ཚོའི་གཏམ་རྒྱུད་ཐོས་སྐབས་ཆེད་མངགས་ཁ་དཀྲིས་བསླས་ནས་ང་ཚོར་བསྐུར་ཏེ་གཟུགས་པོར་བདག་གཅེས་བྱེད་རོགས་ཟེར་གྱི་འདུག ད་དུང་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་ཆེན་པོའི་ཡུལ་སྐོར་བས་ང་ཚོར་ཡི་གེ་བསྐུར་ནས་ང་ཚོས་རོགས་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུ་གི་འདུག”ཅེས་ཡོན་ཧའོ་ཅེས་བརྗོད་ཅིང་། ཁོང་གིས“མི་ཚང་མས་ང་ཚོའི་ལས་ཀར་གདེང་འཇོག་ཡག་པོ་བྱས་པར་བརྟེན་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་སྡོད་དགོས་བྱུང་ཡང་གནོང་འགྱོད་མི་འདུག”ཅེས་བརྗོད།
          མཚན་མོ་འཆར་སྐབས་ཟླ་འོད་ཕུ་མ་བྱང་ཐང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འཕྲོས།
          “པེ་ཅིང་གི་ཆུ་ཚོད་22ཏག་ཏག་ལ་5373བདེ་པོ་ཡིན”ཞེས་ཡོན་ཧའོ་ཅེས་སྔར་བཞིན་བཟའ་ཟླ་ཁྲེན་དབྱིར་འཕྲིན་ཐུང་བསྐུར།
          “ལེགས་པོ་རོང་དུ་འབྱོར་བྱུང་། བདེ་པོ་ཡིན”ཞེས་པའི་སྤྱི་ལེ་700ལྷག་ཙམ་གྱི་ས་ནས་བཏང་བའི་འཕྲིན་ལན་ཡང་འབྱོར།