ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྨ་འབྲི་རྫ་གསུམ་སྐྱེ་ཁམས་དཔལ་ཡོན་ཀུན་འདུས་ཞལ་ཐང་ཆེན་མོའི་ཆེད་མཁས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་མཚོ་སྔོན་ཡུལ་ཤུལ་དུ་བསྡུས།

སྤེལ་དུས 2019-08-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

       སྤྱི་ཟླ་བརྒྱད་པའི་ཚེས་བཅུ་ཉིན<<རྨ་འབྲི་རྫ་གསུམ་སྐྱེ་ཁམས་དཔལ་ཡོན་ཀུན་འདུས་ཞལ་ཐང་ཆེན་མོའི>>ཆེད་མཁས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དང<<རྨ་འབྲི་རྫ་གསུམ་སྐྱེ་ཁམས་དཔལ་ཡོན་ཀུན་འདུས་ཞལ་ཐང་ཆེན་མོའི>>ཆེད་མཁས་དཔྱད་འཇོག་ཚོགས་འདུ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་མགྲོན་ཁང་དུ་འཚོགས། ཚོགས་ཐོག་ཏུ་ས་གནས་འགོ་ཁྲིད་དང་ཁོར་ཡུག་སྲུང་སྐྱོབ་པ། ལོ་རྒྱུས་ཞིབ་འཇུག་པ་དང་ཐང་གའི་ཆེད་མཁས་པ་སོགས་མི་སྣ་སུམ་ཅུ་ལྷག་ཕེབས་ཡོད་ལ། སོ་སོས་རང་རང་གི་ལས་ཀའི་ཞིབ་འཇུག་དང་མི་ཚེའི་ཉམས་མྱོང་། ཐེངས་འདིའི་རྨ་འབྲི་རྫ་གསུམ་སྐྱེ་ཁམས་དཔལ་ཡོན་ཀུན་འདུས་ཞལ་ཐང་ཆེན་མོའི་ནང་དོན་དང་འབྲེལ་ནས་གཏམ་བཤད་མང་པོ་སྤེལ།

       ཐེངས་འདིའི་ཆེད་མཁས་བགྲོ་གླེང་ཚོགས་འདུ་འདི་ཡུལ་ཤུལ་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་མཛད་ཅིང་མཚོ་སྔོན་ཕུགས་སྟོན་ཁེ་ལས་དོ་དམ་བློ་འདྲི་ཚད་ཡོད་སྤྱི་གཉེར་ཁང་གིས་ཇུས་འགོད་བྱས་ནས་ཚོགས་པ་ཡིན་ལ། ཚོགས་ཐོག་ཏུ་ས་གནས་འགོ་ཁྲིད་དང་རིག་གཞུང་ཆེད་མཁས་པ། སྤྱི་ཚོགས་སྟེང་གི་སློབ་གཉེར་བ་བཅས་མི་མང་པོ་ཡོད་པ་ལས།  ཡུལ་ཤུལ་ཁུལ་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་ཅུའུ་ཡི་འགོ་བ་ཝང་ཏུང་མེ་དང་ཡུལ་ཤུལ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་བ་ཕུན་ཚོགས་ཟླ་བ། ཁུལ་རིག་གནས་ཁང་གི་འགོ་བ་གཞོན་པ་དཀོན་མཆོག་ཟླ་བ་སོགས་ཕེབས་ཡོད་ལ། ཆེད་མཁས་དགེ་རྒན་ནི་ལོ་རྒྱུས་ཞིབ་འཇུག་པ་སྡེ་རོང་ཚེ་རིང་དོན་གྲུབ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་སུའུ་ཧྥ་ཞང་། སྐྱེ་ཁམས་སྲུང་སྐྱོབ་པ་ཧ་ཤུལ་བཀྲ་ཤིས་རྡོ་རྗེ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན། ཀརྨ་སྒར་བྲིས་ཀྱི་རྒྱུད་འཛིན་པ་དགེ་རྒན་ཡོན་ཏན་ཚེ་རིང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གཞོན་པ་སྔ་མ་དཔའ་རིས་བསོད་ནམས་ཚེ་རིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀུན་དགའ་དང་ཨ་རིའི་ཨེ་མའོ་རེས་གཙུག་ལག་སློབ་གྲྭ་ཆེན་མོའི་མིའི་རིགས་རིག་པའི་འབུམ་རམས་པ་ཚེ་རིང་འབུམ། ད་དུང་དམངས་གཉེར་སློབ་གྲྭའི་སློབ་གཙོ་དང་ལོ་རྒྱུས་ཉམས་ཞིབ་པ། སྤྱི་ཚོགས་ཁེ་ལས་པ་དང་སློབ་གཉེར་བ་སོགས་མང་པོ་ཞིག་ཚོགས་ཐོག་ཏུ་ཕེབས་ཡོད་ལ། ད་དུང་ཁུལ་དཔོན་ཚེ་རིང་ཐར་དང་ཁུལ་དཔོན་གཞོན་པ་བཀྲ་ཤིས་ཚེ་རིང་སོགས་ཀྱིས་འགོ་ཁྲིད་གཞན་པ་བརྒྱུད་ནས་ཚོགས་འདུའི་མགོ་རྔ་བར་གསུམ་བདེ་ལེགས་ངང་ལེགས་འགྲུབ་ཡོང་བའི་ཁ་གཡང་དང་རྟེན་འབྲེལ་ཞུས་འདུག

ཆེད་མཁས་པ་ཚོ་ཡུལ་དངོས་སུ་ཕེབས་ནས་ཐང་གའི་ནང་དོན་ཐད་བསམ་འཆར་འདོན་གྱིན་པ།
       ཡུལ་ཤུལ་ཁུལ་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་ཅུའུ་ཡི་འགོ་བ་ཝང་ཏུང་མེ་དང་ཡུལ་ཤུལ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་བ་ཕུན་ཚོགས་ཟླ་བ་གཉིས་ཀྱིས་གསུངས་རྒྱུར། <<རྨ་འབྲི་རྫ་གསུམ་སྐྱེ་ཁམས་དཔལ་ཡོན་ཀུན་འདུས་ཞལ་ཐང་ཆེན་མོའི>>ཆེད་མཁས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པར་ཞུགས་ནས་ཆེད་མཁས་དགེ་རྒན་རྣམས་པ་ཚོ་དང་ལྷན་དུ་ཁ་བརྡ་བྱེད་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་ཡོད། ཐང་གའི་སྤྱིའི་འཆར་འགོད་པ་འཇིགས་མེད་མཁས་གྲུབ་ལགས་ཀྱི་ལས་གཞི་འདི་ནི་སྔ་ན་མེད་པའི་ལོ་རྒྱུས་ཀྱི་ཐོད་བརྒལ་ཆེན་པོ་ཞིག་ཡིན་ཙང་། འདི་ལ་མི་རིགས་རིག་གནས་ཀྱི་རིན་ཐང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རིན་ཐང་། རི་མོའི་སྒྱུ་རྩལ་གྱི་རིན་ཐང་སོགས་ནང་དོན་ཕུན་སུམ་ཚོགས་པ་ཞིག་འདུས་ཡོད་པས་ཡུལ་ཤུལ་ཁུལ་ས་གནས་ཀྱི་ལས་ཁུངས་སོ་སོས་ལས་གཞི་འདིའི་མགོ་རྔ་བར་གསུམ་དུ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་ལ། མ་འོངས་པར་ཡང་མུ་མཐུད་ནས་རྒྱབ་སྐྱོར་ཆེན་པོ་ཡོད། ནང་དོན་གྱི་ཐད་ནས་ཆེད་མཁས་དགེ་རྒན་ཚོའི་བསམ་འཆར་དང་ལེན་བྱས་ཏེ་ད་དུང་ཡང་ནང་དོན་ཞིབ་ཅིང་ཚགས་དམ་པ། ཕན་ཚུན་འབྲེལ་ཞིང་དོན་ལྡན་པ་ཞིག་ཡོང་ན་ཡག་ཐོག་རྒྱན་དུ་འགྱུར་ངེས་རེད་ཅེས་ཟེར་བ་དང་ཕྱི་དྲོའི་བགྲོ་གླེང་ལ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀུན་དགས་མདོ་འཛིན་མཛད་ཅིང་། བགྲོ་གླེང་སྟེང་དུ་ཆེད་མཁས་པ་སོ་སོས་སྐྱེ་ཁམས་དཔལ་ཡོན་ཀུན་འདུས་ཞལ་ཐང་ཆེན་མོ་འདི་སྔར་མེད་ཀྱི་ལས་གཞི་རླབས་ཆེན་ཞིག་ཡིན་པའི་རྐྱེན་གྱིས་ནང་དོན་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡོང་རྒྱུ་ནི་ཀུན་གྱི་རེ་བ་རེད། དེར་བརྟེན་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་དང་བསམ་བློ་འབུར་ཐོན་བྱུང་རྒྱུ་ནི་ཐང་ག་འདིའི་རིན་ཐང་དང་ཁྱད་ཆོས་ཆེན་པོ་ཞིག་ཏུ་འགྱུར་ངེས་ལ། ལོ་རྒྱུས་ཀྱི་དན་རྟགས་གལ་ཆེན་ཞིག་ཏུའང་འགྱུར་ངེས་པས་འདི་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་ཕྱོགས་ཀྱི་བྱས་རྗེས་ཆེན་པོ་ཞིག་རེད། དེ་བཞིན་འབྲི་སྟངས་དང་ནང་དོན། གོ་རིམ་དང་གོ་གནས་སོགས་ཀྱི་ཕྱོགས་ནས་དགེ་རྒན་སོ་སོས་རང་རང་གི་བསམ་འཆར་ལྷུག་པོར་བརྗོད་དེ་ཐེངས་འདིའི་ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ།

      ལས་གཞི་འདིའི་སྤྱིའི་འཆར་འགོད་པ་འཇིགས་མེད་མཁས་གྲུབ་ལགས་ནི1969ལོར་མདོ་སྨད་རེབ་གོང་དུ་སྐྱེས་ཤིང་། ཆུང་དུས་ནས་ནང་བསྟན་རིག་གནས་སོགས་སློབ་གཉེར་བྱས་ཤིང་རྗེས་སུ་ཀན་སུའུ་དང་སི་ཁྲོན། མཚོ་སྔོན་སོགས་སུ་སྒྱུ་རྩལ་གསར་རྩོམ་གྱི་ལས་ལ་ཞུགས་ནས་གཞན་གྱིས་གདེང་འཇོག་མཐོན་པོ་གནང་ཡོད། དགོས་སུ་གནའ་རབས་འཇིམ་བཟོ་དང་དེང་རབས་ལག་རྩལ་གཉིས་ལ་སློབ་གཉེར་བྱས་ནས3Dདཔར་བཟོའི་ལག་རྩལ་བེད་སྤྱོད་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་འཇིམ་བཟོའི་ལས་རིགས་ལ་གསོན་ཤུགས་གསར་བ་ཞིག་བསྣན་ཡོད། ཉེ་བའི་ལོ་འདི་གར་ཁོ་ལ་བྱ་དགའ་གང་མང་ཐོབ་ཡོད་པ་ལས་རེ་འགའ་ཞིག་བགྲང་ན། 2016ལོའི་ཟླ་བཞི་བར་འཇིམ་བཟོའི་བརྩམས་ཆོས<<སྒྲོལ་ལྗང་།>>ལ་སྐབས་གསུམ་པའི་ཀྲུང་གོའི་སྲོལ་རྒྱུན་འཇིམ་བཟོའི་སྐུ་འདྲ་སྒྱུ་རྩལ་འགྲན་ཚོགས་ཆེན་མོའི་དངུལ་གྱི་བྱ་དགའ་ཐོབ། 2017ལོའི་ཟླ་བཞི་བར་འཇིམ་བཟོའི་བརྩམས་ཆོས<<ཙོང་ཁ་པ།>>ལ་སྐབས་བཞི་བའི་ཀྲུང་གོའི་སྲོལ་རྒྱུན་འཇིམ་བཟོའི་སྐུ་འདྲ་སྒྱུ་རྩལ་འགྲན་ཚོགས་ཆེན་མོའི་ཕུལ་བྱུང་བྱ་དགའ་ཐོབ། 2018ལོའི་ཟླ་བཅུ་བར་འཇིམ་བཟོའི་བརྩམས་ཆོས<<ནོར་གནག་སྐྱེ་ཁམས།>>ལ་སྐབས་བཅུ་དགུ་བའི་ཀྲུང་གོའི་བཟོ་རིས་སྒྱུ་རྩལ་དང་ལག་རྩལ་རྩེ་གྲའི་ཐོན་རྫས་འགྲེམ་སྟོན་སྟེང“2018ལོའི་མེ་ཏོག་སྣ་བརྒྱའི་བྱ་དགའི”ཀྲུང་གོའི་བཟོ་རིས་སྒྱུ་རྩལ་རྩེ་གྲའི་གསེར་གྱི་རྟགས་མ་ཐོབ། 2018ལོའི་ཟླ་བཅུ་གཉིས་པར་ཁུལ་རིག་རྩལ་ཅུའུ་ཡིས་དམངས་ཁྲོད་བཟོ་རིས་སྒྱུ་རྩལ་གྱི་སློབ་དཔོན་ཆེན་མོར་བདམས་པ་སོགས་བྱ་དགའ་དང་མཚན་སྙན་གང་མང་ཐོབ་ཡོད།

     རྨ་འབྲི་རྫ་གསུམ་སྐྱེ་ཁམས་དཔལ་ཡོན་ཀུན་འདུས་ཞལ་ཐང་ཆེན་མོའི་ལག་བསྟར་ལྷ་བཟོ་བ་ཉི་མ་འོད་ཟེར་ལགས་ཀྱིས་བྱ་བའི་གོ་རིམ་ཚང་མ་སྙན་ཞུ་འབུལ་གྱིན་པ།
     གངས་རི་ར་བས་སྐོར་བའི་ཞིང་ཁམས་ཀྱི་མི་རིགས་འདིས་གནའ་ནས་ད་ལྟའི་བར་དུ་གཞན་ཕན་གྱི་བསམ་བློ་གཙིགས་སུ་བཟུང་སྟེ་ས་སྒང་རིལ་མོ་འདི་དང་འདིའི་སྟེང་གི་རྩྭ་རྩི་ཤིང་ཐམས་ཅད་ལ་སྲུང་སྐྱོབ་བྱས་ཏེ་འོངས་པས་ད་ལྟའི་མི་རབས་གསར་བ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་སྐྱུར་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། དེ་ལྟ་ནའང་བཟོ་ལས་འཕེལ་རྒྱས་སོང་བ་དང་མི་རྣམས་པའི་ཧམ་སེམས་ཇེ་ཆེར་གྱུར་བས་ང་ཚོ་གནས་སའི་ས་སྒང་རིལ་མོ་འདིར་འབག་བཙོག་མང་པོ་ཐེབས་ཀྱིན་ཡོད་ལ། ལྷག་པར་དུ་ཚན་རྩལ་གྱི་འགྱུར་བ་ཉུང་ལ་བཟོ་ལས་ཀྱི་འཕེལ་རྒྱས་དལ་བའི་འཛམ་གླིང་གི་ཡང་རྩེ་བོད་ཀྱི་ཡུལ་ལུང་འདི་རུའང་འབག་བཙོག་རབ་དང་རིམ་པ་ཞིག་འབྱུང་བཞིན་ཡོད་པ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཁང་སོགས་ཀྱིས་སྔ་རྗེས་སུ་སྲིད་ཇུས་ཀྱི་ཡིག་ཆ་མང་པོ་བཏོན་ནས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ཀྲུང་གོའི་ཆུ་མཛོད་དེ་རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྔ་ན་མེད་པའི་མི་ཤུགས་དང་རྒྱུ་ཤུགས་གཉིས་ཀ་འདོན་གྱིན་མཆིས་སོ།།
རྩོམ་སྒྲིག་པ། སྣང་རྡོར།