ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གངས་ལྗོངས་ཀྱི་མཐའ་མཚམས་སུ་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག

སྤེལ་དུས 2019-08-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་།

སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་གང་དུ་ཕྱུགས་འཚོ་ན། དེ་གར་རྒྱལ་དར་བཙུགས་ཀྱི་ཡོད། འདི་ནི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་གྲོང་ཚོའི་ལམ་འགྲམ་གྱི་སྐར་ལྔའི་དར་དམར་ལ་ཞིབ་བཤེར་བྱེད་བཞིན་པ།
          ●ཡུལ་སྨད་ཤང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་3000ལྷག་ཙམ་ཟིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཟིན་གྱི་ཡོད། 
          ●2018ལོར་མི་རེར་ལོ་རེར་ཆ་སྙོམས་སྒོར་ཁྲི་6ལྷག་ཙམ་ཟིན་པ།
          ●ད་ཆ་སློབ་ཆེན་འགྲིམས་མཁན་5ཡོད།
          ●4Gབརྡ་རྟགས་ཤར་གཏོང་ཐུབ་པ་དང་དྲ་སྦྲེལ་ཀུན་ལ་ཁྱབ་པས། ཤང་གྲོང་དུའང་སྒུལ་བདེ་གཏོང་སྤྲོད་ཐུབ་ཀྱི་ཡོད།
          ●ཡུལ་སྨད་གྲོང་ཚོ་དང་བར་ཐག་སྤྱི་ལེ་7གྱི་སར་གསར་དུ་བསྐྲུན་པའི་དྲོད་ཁང་ཆེ་མོ་4ཡོད་པ་རེར་སྨི་ངོས་གྲུ་1000ཙམ་ཟིན་པ། 
          ●སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་2018ལོར“དུས་རབས་ཀྱི་མིག་དཔེའི”མཚན་སྙན་ཐོབ་པ།
          ●བསོད་ནམས་དོན་གྲུབ་ཀྱིས“ཡུལ་སྨད་བ་གཞོན་རབས་ཚོས་ངེས་པར་དུ་མེས་པོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡག་པོ་ཞིག་བྱེད་དགོས”ཞེས་བཤད།
          མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལྗོངས་ཡུལ་སྨད་ཤང་དུ་སྐབས་ཤིག་རིང་ནང་མི་གསུམ་ཁོ་ན་འཚོ་གནས་བྱེད་ཀྱི་ཡོད་པས། དེར“མི་གསུམ་ཤང”ཟེར་བ་དང་། ད་ཆའང་སྔར་བཞིན་རང་རྒྱལ་གྱི་མི་འབོར་ཉུང་ཤོས་དང་མི་རེའི་ཆ་སྙོམས་རྒྱ་ཁྱོན་ཆེ་ཤོས་ཀྱི་ཤང་ཞིག་རེད།
          “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པས། ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུང་རྒྱུ་ནི་འགན་འཁྲི་ཡིན”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་སྐབས“ཁྱེད་ཚོས་སྐད་ཆ་འདི་དག་ཧ་ཅང་ཡག་པོ་བཤད་འདུག”བབ་ཆགས་པའི་སྐད་ཆ་འདི་འཕྲལ་མར་ཧི་མ་ལ་ཡའི་ལྷོ་འདབས་ནས་རྒྱལ་ཡོངས་ཀུན་ལ་ཁྱབ།
          ཞོགས་པ་ལྷ་ས་ནས་རླངས་འཁོར་བསྡད་དེ་ཡར་ཀླུང་གཙང་པོའི་ཤར་ངོགས་སུ་ཐོན། དེ་ནས་ལྷོ་ངོས་སུ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་གོར་ལ་དང་རིབ་ལ་བརྒལ་ཏེ་རི་ལམ་ཀྱག་ཀྱོག་བརྒྱུད་ཆུ་ཚོད་དགུ་ལྷག་ཙམ་བསྐྱོད་པ་ཡིན། ས་སྲོས་སུ་གཡང་གཟར་ལམ་ནས་ཐུར་དུ་ལྟ་སྐབས་རི་བོ་སྔོན་པོས་མཐའ་ནས་སྐོར་བའི་ལུང་གཞུང་དེ་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་རེད་འདུག སྤྲིན་དཀར་ཚོམ་བུས་བརྒྱན་པའི་དགུང་སྔོན་འོག་གྲོང་མདོའི་རྡོ་ངོས་སུ་བརྐོས་པའི་རྒྱལ་དར་དེ་བས་ལྷག་པར་དམར་མདངས་བཀྲ
          ནོར་ལུག་འཚོས་ནས་ལོག་མ་ཐག་པའི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཁང་པ་གསར་པ་སྟར་པ་རེ་རེ་བཞིན་དང་འཛུགས་སྐྲུན་བྱེད་བཞིན་པའི་ལས་གྲྭར་ལྟ་བཞིན“ལོ་གཅིག་ལྷག་ཙམ་རིང་ང་ཚོ་ཡུལ་སྨད་ལ་འགྱུར་ལྡོག་ཆེན་པོ་ཕྱིན་སོང”ཞེས་བཤད། “ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་ཐུགས་ཁུར་སེམས་ལ་བཅངས་ནས་མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱས་ཏེ། ཡུལ་སྨད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་དུ་བསྐྲུན་རྒྱུ་ཡིན”ཞེས་ལོ་58ལ་སླེབས་པའི་སྒྲོལ་དཀར་དང་ལོ་56ལ་སླེབས་པའི་གཡང་འཛོམས་ཀྱིས་2017ལོའི་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བར་དྲན་གསོ་བྱེད་སྐབས་ངོ་གདོང་ནས་ཡིད་ཆེས་དང་སྤོབས་ཉམས་མངོན།
          ཡུལ་སྨད་དུ་གཞིས་ཚུགས་ནས་མཐའ་མཚམས་སྲུང་མཁན་མང་དུ་ཕྱིན་པ།
          ཡུལ་སྨད་ཤང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་3000ལྷག་ཙམ་ཟིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཟིན་གྱི་ཡོད། སྔོན་ཆད་འདི་གར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། ཆ་རྐྱེན་ཞན་པ། ཧ་ཅང་ཡུལ་པོ་ཡོད་པས། གྲོང་མི་མི་ཉུང་བ་ཞིག་སྔ་རྗེས་སུ་འདི་ནས་གནས་སྤོས་པ་དང་། མི་འབོར་ཉུང་ཤོས་སྐབས་ཤང་ཀྲང་རྒན་པ་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་མི་གསུམ་ལས་མེད་པ་དང་། ནང་མི་གསུམ་པོས་འདིར་མཐའ་མཚམས་བརྟན་སྲུང་བྱས་ནས་བསྡད་ཡོད།
          “ཡུལ་སྨད་དུ་འཚོ་བ་སྐྱོ་བའི་དབང་གིས་འདི་ནས་ཁ་འབྲལ་རྒྱུ་མེད། འདི་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཡིན་པས། ང་ཚོས་སྲུང་དགོས། མི་ཡོད་ན་གཞི་ནས་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་ཐུབ”ཅེས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཕ་སངས་རྒྱས་ཆོས་འཕགས་ཀྱི་བཀའ་སློབ་སེམས་ལ་འཆང་བཞིན་ཕྱུགས་འཚོས་ནས་མཐའ་མཚམས་སུ་ལོ་བཅུ་ཕྲག་སྐོར་སྲུང་བྱས་ནས་བསྡད།
          1996ལོར་ཁྱིམ་ཚང་གཉིས་ཡང་བསྐྱར་ཡུལ་སྨད་དུ་ལོག་པ་དང་། ཡུལ་སྨད་དུའང་མི་འབོར་རིམ་བཞིན་མང་དུ་ཕྱིན་ཏེ། 2016ལོར་ཤང་ཡོངས་སུ་དུད་ཚང་9ཡི་མི་32ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་གྲབས་སྐབས་སུ། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་ཆོད་སེམས་མཚོན་པར་བྱས་ཏེ་ཕ་ཡུལ་གྱི་འཕོ་འགྱུར་སྙན་སེང་ཞུས།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བས་སྒྲོལ་དཀར་དང་གཡང་འཛོམས་སོགས་ཡུལ་སྨད་བ་ཚང་མའི་མཐའ་མཚམས་བརྟན་སྲུང་གི་ཡིད་ཆེས་དང་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད།
          “ཡུལ་སྨད་དུ་སླར་ཡང་དུད་ཚང་47མང་དུ་ཕྱིན་པས། ད་ཆ་དུད་ཚང་56ཡི་མི་197ཡོད། འདི་གར་གཞིས་ཚུགས་ནས་མཐའ་མཚམས་སྲུང་མཁན་གྱི་གྲོང་མི་མང་དུ་འགྲོ་བཞིན་འདུག”མི་མང་དུ་ཕྱིན་པས་ཡུལ་སྨད་ཤང་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་ལས་བྲེལ་དེ་བས་ཆེ་རུ་ཕྱིན་ཡོད།
          ཐོག་བརྩེགས་ཁང་ཆེན་གསར་པ་དག་བོད་ཀྱི་ལོ་གསར་གོང་བསྐྲུན་ཚར་ཡོད། གྲོང་མི་རྙིང་པ་སྡོད་ཁང་གསར་པར་སྤོས་ཟིན་པ་དང་གྲོང་མི་གསར་པ་མང་ཆེ་བ་ཡང་སྤོས་ཡོད།
          ཡུལ་སྨད་དུ་གསར་དུ་སྤོས་པའི་གྲོང་མི་དག་ནི་ཉེ་འགྲམ་གྱི་ཤང་དང་གྲོང་རྡལ་ནས་རེད། སྡོད་ཁང་གསར་པར་སྤོས་མ་ཐག་པའི་མཚམས་གཅོད་ཆོས་སྒྲོན་གྱིས་ཁང་པ་གསར་པར་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་བཞིན“སྔོན་ཆད་ཀྱི་ས་ཕག་ཁང་པ་ལས་དྲོས་ཆེ་ལ་རྒྱ་ཆེ་བ་འདུག”ཅེས་དེ་ལྟར་བཤད་པ་དང་། ཁོང་གིས་ངའི་ཁྱོ་བོ་ལྷོ་ཁ་གྲོང་ཁྱེར་དུ་མོ་ཊ་ལྟ་བར་ཕྱིན་སོང་། དངོས་ཟོག་སྐྱེལ་འདྲེན་བྱ་ཆེད་དངུལ་བུན་གཡར་ནས་མོ་ཊ་ཉོ་རྩིས་ཡོད་ཅེས་བཤད།
          ཡུལ་སྨད་བའི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་ཡོད། 2018ལོར་མི་རེར་ལོ་རེར་ཆ་སྙོམས་སྒོར་ཁྲི་6ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་11.1%འཕར་ཡོད། མི་ཚོགས་མང་དུ་ཕྱིན་པས། ཚོང་ཁང་དང་། ཟ་ཁང་། ཁྱིམ་ཚང་མགྲོན་ཁང་། ཇ་ཁང་བཅས་ཀྱང་རིམ་བཞིན་མང་དུ་ཕྱིན་ཡོད། སྨྱུག་ཆས་དང་སྦ་གདུབ་སོགས་ཀྱི་ལག་ཤེས་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད།
          “ཡུལ་སྨད་དུ་མི་འབོར་མང་པོ་མེད་རུང་ཕྱི་ཕྱོགས་སུ་སློབ་གྲྭ་འགྲིམས་མཁན་མང་པོ་ཡོད། ད་ཆ་སློབ་ཆེན་འགྲིམས་མཁན་5ཡོད”ཅེས་ཟླ་བས་སྤོབས་པ་ཆེན་པོས་བཤད།
          ཤང་དུ་སྒུལ་བདེའི་གཏོང་སྤྲོད་བྱེད་ཐུབ་པ།
          ལོ་གཅིག་རིང་ཁ་བས་རི་རྒྱ་ལོ་ཕྱེད་ཙམ་བསྡམས་པས། ཕར་འགྲོ་ཚུར་འོང་གཏན་ནས་ཐུབ་ཀྱི་མེད། སྔོན་ཆད་ཀྱི་ཡུལ་སྨད་ནི་ཁེར་ཆགས་གླིང་ཕྲན་ལྟ་བུ་རེད། རྫོང་གྲོང་དུ་བསྐྱོད་པར་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་གངས་རི་གཉིས་བརྒལ་དགོས་པ་དང་། རི་ལམ་ཀྱག་ཀྱོག་སྤྱི་ལེ་40བརྒྱུད་དགོས་པས། རླངས་འཁོར་དུ་བསྡད་ན་ཆུ་ཚོད་བཅུ་ལྷག་ཙམ་འགོར་གྱི་ཡོད། དུས་རབས་གསར་པར་རྣམ་པ་གསར་པ་ལྡན་པ་དང་། སྲིད་ཇུས་བཟང་པོ་ལས་རྣམ་པ་ཡང་བཟང་པོ་མངོན་ཞིང་། ལོ་གཉིས་རིང་ཡུལ་སྨད་བའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
          ཨར་འདམ་ལམ་ཤར་གཏོང་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་བས་འགྲིམ་འགྲུལ་ལེགས་སུ་ཕྱིན་ཏེ། ཁ་བས་རི་རྒྱ་བསྡམས་པའི་དུས་ཚོད་ལོ་ཕྱེད་ནས་ཟླ་གསུམ་ལྷག་ཙམ་བར་ཐུང་དུ་ཕྱིན་ཡོད། གྲོང་མིས་རླངས་འཁོར་བརྒྱད་ཉོས་ཡོད་པས། ལྷོ་ཁ་དང་ལྷ་སར་འགྲོ་སྐབས་ཧ་ཅང་སྟབས་བདེ་པོ་ཡོད། “ཁ་བ་བུ་ཡུག་ཚུགས་སྐབས་རྟ་འཁྲིད་ནས་གངས་རི་བརྒལ་དགོས་མེད”ཡུལ་སྨད་ཤང་གི་ལོ་ཉི་ཤུ་ལྷག་ཙམ་ལ་སླེབས་པའི་འཕྲིན་སྐྱེལ་བ་པད་མ་རྒྱལ་མཚན་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས་འདམ་རྡོའི་ཆུ་རུད་དང་། རི་ཉིལ་བ། གངས་རྡིབ་ལ་སོགས་ཀྱི་རང་བྱུང་གནོད་འཚེའི་དབང་གིས་ལམ་འགག་པའི་གནས་ཚུལ་ཉུང་དུ་ཕྱིན་སྟབས། སྦྲག་ཐོག་བསྐུར་མ་ཡང་སྔོན་ཆད་ལས་མང་དུ་ཕྱིན་ཡོད་ཅེས་བཤད།
          གློག་དྲ་ཤར་གཏོང་ཐུབ་ཅིང་། 2018ལོའི་ཟླ་གཉིས་པར་དངོས་སུ་རྒྱལ་ཁབ་གློག་དྲ་དང་སྦྲེལ་མཐུད་ཐུབ་པས། གློག་ཤུགས་མི་འདང་བའི་དབང་གིས་གློག་ཆས་འཚིག་པར་སེམས་ཁྲལ་གཏན་ནས་བྱེད་དགོས་མེད། སྔོན་ཆད་ཀྱི་སྣུམ་བཞུ་ད་ལྟ་དྲན་རྟེན་དངོས་རྫས་ལྟ་བུར་གྱུར་ཡོད། “སྔོན་ཆད་ཀྱི་ཆན་ཝ་125ཡོད་པའི་གློག་ཁང་ད་ཆ་གྲབས་སྤྱོད་གློག་ཁུངས་སུ་གྱུར་ཡོད”ཅེས་ཤང་ཀྲང་ཧུའུ་ཞོལ་མིན་གྱིས་ཐོན་སྐྱེད་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་གདེང་ཚོད་ཆེན་པོས་བཤད།
          4Gབརྡ་རྟགས་ཤར་གཏོང་ཐུབ་པ་དང་དྲ་སྦྲེལ་ཀུན་ལ་ཁྱབ་པས། ཤང་དུའང་སྒུལ་བདེ་གཏོང་སྤྲོད་ཐུབ་ཀྱི་ཡོད། “ང་ཚོའི་ཁྱིམ་དུ་འགྲུལ་པ་མང་པོ་ཡོད་པས་ཁ་པར་ནས་དངུལ་རྩིས་བརྒྱབ་ན་སྟབས་བདེ་པོ་འདུག”ཅེས་ཁྱིམ་ཚང་མགྲོན་ཁང་དང་ཙག་ཙིག་ཚོང་ཁང་གི་སྦྱིན་བདག་པད་མ་ཚེ་དབང་གིས་རྒྱ་སྐད་བདེ་པོས་དེ་ལྟར་བཤད་བྱུང་།
          ལམ་དྲ་དང་། གློག་དྲ། དྲ་སྦྲེལ་བཅས་ཤར་གཏོང་ཐུབ་པས་ཡུལ་སྨད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་བཞིན་ལེགས་སུ་ཕྱིན་པ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཀྱང་སྐས་རིམ་གསར་པར་སླེབས་ཡོད། “ལོ་གཉིས་གོང་། ལོ་ཕྱེད་ལའང་སྦྲག་ཐོག་བསྐུར་མ་གཅིག་ཀྱང་གཏོང་ལེན་ཐུབ་ཀྱི་མེད། ད་ཆ་ཉིན་གཉིས་རེར་སྦྲག་ཐོག་བསྐུར་མ་བཞི་ལྔ་ཙམ་འབྱོར་གྱི་ཡོད”ཅེས་པད་མ་རྒྱལ་མཚན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་དེ་ལྟར་བཤད།
          ཡུལ་སྨད་ཤང་སྲིད་གཞུང་གནས་སའི་ཡུལ་སྨད་གྲོང་ཚོར་དེ་སྔ་རིང་ཚད་སྨི་བརྒྱ་ལྷག་ཙམ་ཟིན་པའི་ཁྲོམ་གཞུང་གཅིག་ལས་མེད། ད་ཆ་སྒོར་མོའི་དབྱིབས་ཀྱི་ཁྲོམ་གཞུང་གསུམ་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཕྱོགས་ཡོངས་ནས་བསྐྲུན་འགོ་ཚུགས་པས། ཤང་ཏང་ཨུད་དང་སྲིད་གཞུང་གི་གཞུང་དོན་སྒྲུབ་ས་གསར་པ་ཨར་སྐྲུན་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་དང་། འཕྲོད་བསྟེན་ཁང་། སྤྱི་གླིང་། ཡུལ་སྐོར་བའི་ལྟེ་གནས། ཡུལ་སྨད་གསོལ་མགྲོན་ཁང་སོགས་འཆར་འགོད་བྱས་ནས་སྐྲུན་གྲབས་ཡོད།
          “སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཏང་དང་སྲིད་གཞུང་གི་རོགས་རམ་དང་རྒྱབ་སྐྱོར་མེད་ཚེ། ད་ཆའི་ཡུལ་སྨད་ཀྱི་རྣམ་པ་གསར་པ་ཡོང་མི་སྲིད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་སྒྲོལ་དཀར་གྱིས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་ཞུགས་སྐབས། ཏང་ཀྲུང་དབྱང་གིས་ཡུལ་སྨད་ལ་ཐུགས་ཁུར་གནང་ལུགས་དང་ཡུལ་སྨད་མང་ཚོགས་ཀྱི་སེམས་པ་ཏང་དང་མེས་རྒྱལ་ལ་ཕྱོགས་པའི་གཏམ་རྒྱུད་མི་མང་པོར་བརྗོད་ཡོད།
          བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།
          རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་གང་དུ་ཡོད་ཀྱང་དེར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་དགོས། 2018ལོར“དུས་རབས་ཀྱི་མིག་དཔེའི”མཚན་སྙན་ཐོབ་རྗེས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་མཚན་སྙན་དེ་སྒུལ་ཤུགས་སུ་འགྱུར་བ་བྱས་ནས། ལས་བྱེད་པ་དང་མང་ཚོགས་དེ་བས་མང་བ་མཐའ་མཚམས་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཡོད།
          ཕྱུགས་འཚོས་ནས་མཐའ་མཚམས་སྲུང་སྐྱོང་བྱེད་རྒྱུ་ནི་འཚོ་གནས་བྱེད་ཐབས་ཡིན་ལ་ལས་ཀ་དེ་བས་ཡིན་པ་དང་། དེ་ནི་རང་གི་ལས་འགན་ཡིན་ལ་འགན་འཁྲི་ཞིག་དེ་བས་རེད། རྒྱལ་གཅེས་མཐའ་སྲུང་བྱེད་རྒྱུ་ཡུལ་སྨད་བའི་ཁྲག་རྒྱུན་ནང་འདྲེས་ཡོད།
          ཡུལ་སྨད་ཀྱིས་མཐའ་མཚམས་སྲུང་བའི་ལམ་ཐིག་ཧ་ཅང་རིང་བ་དང་། ས་ཆ་མང་ཆེ་བ་རོང་ས་དང་ནགས་ཚལ་སྟུག་པོ་ཡིན་པ་རེད། “ལམ་ཐག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་80ཙམ་ཡོད་པ་དང་། མི་རེས་རྒྱ་མ་50ནས་80ཙམ་ཡོད་པའི་རྡོག་ཁྲེས་འཁུར་ཏེ་བསྟུད་མར་ཉིན་བརྒྱད་ཙམ་འགྲོ་དགོས་ཀྱི་ཡོད”ཅེས་ལོ་གསར་གོང་ཤང་གི་ལས་བྱེད་པའི་སྣེ་འཁྲིད་ནས་མཐའ་མཚམས་སྐོར་གཡེང་དུ་བསྐྱོད་པའི་ཟླ་བས་དེར་ལྟར་བཤད། ཁོང་གིས“ང་ཚོས་དཀའ་སྡུག་ལ་མི་སྐྲག་པར་མཐའ་མཚམས་སྐོར་གཡེང་བྱ་རྒྱུ་དེ་སྤྲོ་འཆམ་ལྟ་བུར་བརྩི་ཡི་ཡོད”ཅེས་བཤད།
          མཐའ་སྲུང་མཐའ་བརྟན་བྱེད་པ་མ་ཟད་ད་དུང་མཐའ་དར་བྱེད་དགོས། ཡུལ་སྨད་བས་འགྲོ་ལམ་གསར་པ་འཚོལ་ཞིབ་བྱས་ནས་ཐོན་ལས་དར་རྒྱས་བཏང་ཡོད།
          ཡུལ་སྨད་གྲོང་ཚོ་དང་བར་ཐག་སྤྱི་ལེ་7གྱི་སར་གསར་དུ་བསྐྲུན་པའི་དྲོད་ཁང་ཆེ་མོ་4ཡོད་པར་དྲོད་ཁང་རེར་སྨི་ངོས་གྲུ་1000ཙམ་ཡོད། ཉིན་ཤས་བསྟུད་མར་ཤང་གི་ལས་བྱེད་པ་བཅུ་གྲངས་ཀྱིས་རི་སྟེང་ནས་འཚོལ་བསྡུ་བྱས་པའི་ཤིང་རུལ་དག་དྲོད་ཁང་ཆེ་མོའི་ནང་དབོར་ཡོད།
          “ས་བརྗེ་པོ་བརྒྱབ་ཟིན་པའི་མདུན་གྱི་དྲོད་ཁང་ཆེ་མོ་གཉིས་ནི་སྔོ་ཚལ་འདེབས་ས་ཡིན་པ་དང་། རྒྱབ་ངོས་ཀྱི་དྲོད་ཁང་ཆེ་མོ་གཉིས་ནང་བཟའ་བཅའི་ཤ་མོ་ཚོད་འདེབས་བྱེད་རྩིས་ཡོད། ཤིང་རུལ་པ་ནི་ལུད་ཡག་པོ་ཞིག་རེད། ཉིན་ཤས་སོང་རྗེས་ལག་རྩལ་པ་འབྱོར་ན་ཚོད་འདེབས་བྱེད་ཆོག”ཅེས་ཟླ་བས་གསར་འགོད་པར་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཤད་པ་དང་། ཁོང་གིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པར་གྲོང་མི་ཚང་མས་ཕྱུགས་འཚོས་ནས་བསྡད་ན་ག་ལ་འགྲིག སྣོད་བཅུད་སྲུང་སྐྱོང་དམིགས་ཡུལ་དུ་བྱས་ནས། འབྲི་གཡག་མགོ་གྲངས་600ནང་ཚུན་དུ་ཚོད་འཛིན་བྱས་པ་དང་། ད་ཆ་ང་ཚོར་འབྲི་གཡག་མགོ་གྲངས་400ལྷག་ཙམ་ལས་མེད་ཅེས་བཤད། “ང་ཚོའི་དམིགས་ཡུལ་ནི་ཡུལ་སྨད་དུ་རྒྱུད་བཟང་འབྲི་གཡག་རྟེན་གཞི་བསྐྲུན་རྒྱུ་དང་། གཞི་ཁྱོན་ཚོད་འཛིན་དང་རྒྱགས་གསོའི་དུས་འཁོར་ཐུང་དུ་བཏང་སྟེ་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱེད་རྒྱུ་དེ་རེད། ཚལ་སོས་པ་ང་ཚོའི་འདིར་ནོར་བུ་ལྟ་བུ་ཞིག་རེད། སླད་ཕྱིན་གྲོང་མི་ཁག་གཅིག་ཐོན་ལས་དེའི་ནང་ཞུགས་ནས་མཉམ་ལས་ཁང་གི་རྣམ་པ་སྤྱད་དེ་གཉེར་སྐྱོང་བྱེད་ཆོག”ཅེས་ཟླ་བས་བཤད།
          གསོ་ཚགས་ཕུད། ཡུལ་སྨད་ཀྱི་ཡུལ་སྐོར་འཕེལ་རྒྱས་ལའང་གཏིང་ཤུགས་ཆེན་པོ་ལྡན་ཡོད། སྟག་མའི་མེ་ཏོག་དང་། རི་མཐོ། མཚེའུ། གདོད་མའི་ནགས་ཚལ་བཅས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་མྱོང་རོལ་བྱེད་པའི“སྤུར་ལྷ་རྒྱལ་རིའི”ཡུལ་སྐོར་རྐང་ཐང་ལམ་རྩེ་གྲ་ཞིག་བསྐྲུན་བཞིན་ཡོད་པ་དང་། ད་བར་རྣམ་གྲངས་དེར་དངུལ་སྒོར་ཁྲི་1000ཙམ་བཏང་ཡོད།
          གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ནི་ཡུལ་སྨད་ཤང་གི་སློབ་ཆེན་ཐོན་པའི་སློབ་མ་དང་པོ་དེ་ཡིན་པ་དང་། མ་གཞི་གྲོང་ཁྱེར་དུ་སྡོད་པའི་གོ་སྐབས་ཡོད་མོད། འོན་ཀྱང་ཁོང་གིས་སྔར་བཞིན་ཕ་ཡུལ་དུ་ལོག་པ་རེད། “ང་ནི་བོད་ལྗོངས་སློབ་ཆེན་ཡུལ་སྐོར་ཆེད་ལས་ནས་ཐོན་པ་ཞིག་ཡིན། ཡུལ་སྨད་དུ་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱེད་བཞིན་ཡོད་པས་ཤེས་ལྡན་མི་སྣ་ཧ་ཅང་མཁོ་པོ་ཡོད”ཅེས་བསོད་ནམས་དོན་གྲུབ་ཀྱིས་བཤད། ཁོང་གིས“ཡུལ་སྨད་བ་གཞོན་རབས་ཚོས་ངེས་པར་དུ་མེས་པོ་ཚོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡག་པོ་ཞིག་བྱེད་དགོས”ཞེས་བཤད། 
རྩོམ་སྒྲིག་པ། རྡོ་རྗེ།