ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྨང་གཞིའི་སློབ་གསོར་ཁྱབ་པ་བྱས་ནས་ཕྲུ་གུ་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ།

སྤེལ་དུས 2019-08-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཞིས་རྩེ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོར་ཆུང་དུས་ནས་མེས་རྒྱལ་ལ་དགའ་ཞེན་དང་། སློབ་སྦྱོང་ལ་དགའ་ཞེན། གསར་གཏོད་ལ་དགའ་ཞེན་བཅས་བྱས་ཏེ་ཕུགས་བསམ་མངོན་འགྱུར་བྱེད་དགོས་པའི་སྐུལ་ལྕག་གནང་བཞིན་པ།
               ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྔོན་བརྡ་མི་གཏོང་བ་དང་སྐབས་བསྟུན་བརྟག་དཔྱད་ཞིབ་འཇུག་གི་རྣམ་པའི་ཐོག་ནས་རང་ལྗོངས་ཀྱི་བུ་བཅོལ་ཁང་གི་སློབ་གསོ་དང་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
               གཞིས་རྩེའི་ཚོད་ལྟའི་བུ་བཅོལ་ཁང་དེ་1959ལོར་བཙུགས་པ་དང་ས་གནས་དེའི་ལོ་རྒྱུས་ཐོག་གི་བུ་བཅོལ་ཁང་ཨང་དང་པོ་དེ་རེད། ད་ཕན་ལོ་ཤས་རིང་ཧྲན་ཏུང་དང་། ཧྲང་ཧའེ། ཅི་ལིན་སོགས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རྨང་གཞིའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ནས། ད་ཆ་གཞིས་རྩེ་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་བུ་བཅོལ་ཁང་འབའ་ཞིག་ཏུ་འགྱུར་ཡོད།
               ཝུའུ་དབྱིང་ཅེ་དེ་གར་ཕེབས་སྐབས། བུ་བཅོལ་ཁང་དུ་སྣ་མང་ཕུན་སུམ་ཚོགས་པའི་རོལ་རྩེད་སློབ་ཚན་གྱི་བྱེད་སྒོ་སྤེལ་བཞིན་ཡོད། ཕྲུ་གུ་ལ་ལས་གླུ་གཞས་སྦྱོང་བ་དང་། ལ་ལས་སྤྲོ་སྐྱིད་ལུས་རྩལ་རྩེ་བ། ལ་ལས་སློབ་ཁང་ནང་རྩེད་ཆས་བཟོ་སྟངས་སྦྱོང་བ་བཅས་དགའ་སྤྲོའི་རྣམ་པས་ཁེངས་ནས་ཡོད། བུ་བཅོལ་ཁང་གི་ཡོན་ཀྲང་བདེ་སྐྱིད་སྒྲོལ་དཀར་གྱིས་ཕྲུ་གུ་ཚོའི་སློབ་ཡོན་དང་། ཉལ་ཆས་ཀྱི་རིན་པ། སློབ་གོས་རིན་པ་བཅས་ཚང་མར་སྲིད་གཞུང་གིས་ཁ་གསབ་སྤྲོད་པ་དང་ཞིང་འབྲོག་པའི་ཁྱིམ་ཚང་གི་ཕྲུ་གུར་སློབ་ཞུགས་གོང་གི་སློབ་གསོའི་རིན་མེད་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་ལ། ལས་ཁུངས་ཚན་པ་སོགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་ཡོད་པའི་ཕྲུ་གུར་ཟླ་རེར་ལྟོ་རིན་སྒོར་312ལས་སྤྲོད་དགོས་མེད་ཅེས་ངོ་སྤྲོད་བྱས། ཝུའུ་དབྱིང་ཅེས་གསན་རྗེས་འབྲེལ་ཡོད་སྡེ་ཚན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འཁྲིས་སུ་ཐོན་པའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་ཚང་མས་ཕན་པ་གང་ནས་བྱུང་བ་དང་ཕན་ལ་སུ་ལ་ཐོབ་མིན་ཤེས་པ་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་ཞེས་མངགས་བྱ་གནང་བ་རེད།
               “ཁྱེད་རང་སློབ་གྲྭ་གང་ནས་ཐོན་པ་རེད་དམ། ལས་ཀར་དཀའ་ལས་འདུག་གམ། གླ་ཆ་གང་འདྲ་འདུག་གམ”ཞེས་ཝུའུ་དབྱིང་ཅེས་བུ་བཅོལ་ཁང་གི་དགེ་རྒན་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཡང་བཀའ་འདྲི་གནང་བ་རེད། ཡོན་ཀྲང་བདེ་སྐྱིད་སྒྲོལ་དཀར་གྱིས་ད་ཆ་བུ་བཅོལ་ཁང་ལ་དགེ་རྒན་90ཡོད། “དགེ་རྒན་གཉིས་དང་བུ་རྫི་གཅིག”གི་ཚད་གཞི་གཞིར་བཟུང་། འཛིན་གྲྭ་རེར་ཆེད་ལས་དགེ་རྒན་གཉིས་དང་བུ་རྫི་ཡོད་པས་ཕྲུ་གུ་ཚོ་དགའ་སྤྲོའི་ངང་ཡི་གེ་སྦྱོང་ཐུབ་པ་དང་བདེ་འཇགས་ངང་རྩེད་མོར་རོལ་བའི་འགན་ལེན་ཡོད་ཅེས་ཞུས། ཝུའུ་དབྱིང་ཅེས་དགེ་རྒན་ཚོས་ཕྲུ་གུ་ཚོའི་ཆེད་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུས་པ་དང་། དགེ་རྒན་ཚོས་བུ་བཅོལ་ཁང་གི་སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་། ལས་གནས་ལ་གཞིས་ཚུགས་པ། དཀའ་སྤྱད་ལས་སྒྲུབ་བཅས་བྱས་ཏེ། ཕྲུ་གུ་ཚོར་ཆུང་དུས་ནས་བསམ་བློ་ཡག་པོ་དང་། ཀུན་སྤྱོད་ཡག་པོ། གོམས་གཤིས་ཡག་པོ་བཅས་འཇགས་པ་བྱས་ནས་ཁོང་ཚོ་སྤྲོ་སྣང་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་མངགས་བཅོལ་གནང་བ་རེད།
               དེ་རྗེས་ཝུའུ་དབྱིང་ཅེ་ཟ་ཁང་དུ་ཕེབས་ནས། ཉིན་རེའི་རྩིས་ཐོ་དང་། ཟ་མའི་ཚད་གཞི། འཕྲོད་བསྟེན་བཅས་ཀྱི་གནས་ཚུལ་ལ་གཟིགས་ཤིང་། བུ་བཅོལ་ཁང་གིས་ཉིན་ལྟར་ཕྲུ་གུ་ཚོར་ཞོགས་ཟས་དང་། གུང་ཟས། ཕྱི་དྲོའི་ཁ་ཏོག་བཅས་སྟེར་བ་དང་ཁྱིམ་བདག་གིས་སྔོན་ལ་བྲོ་བ་མྱོང་བ་དང་། ཡོན་ཀྲང་དང་དགེ་རྒན་གྱིས་མཉམ་དུ་ཟ་མ་ཟ་བའི“གུང་ཟས་ལྟ་འདོམས་ལམ་ལུགས”ལག་བསྟར་བྱས་ཏེ་ཕྲུ་གུ་ཚོ་བདེ་འཇགས་དང་འཚོ་བཅུད་ལྡན་པའི་གུང་ཟས་ཟ་ཐུབ་པའི་འགན་ལེན་བྱེད་པ་མཁྱེན་རྗེས། ཝུའུ་དབྱིང་ཅེ་ཐུགས་བློ་མགུ་པོ་བྱུང་ནས། བུ་བཅོལ་ཁང་གིས་མུ་མཐུད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། བཟའ་བཅའི་བདེ་འཇགས་ལ་ཤུགས་སྣོན་དང་འཚོ་བཅུད་ལུགས་མཐུན་མཉམ་བསྲེས་བྱས་ཀྱིས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་དེ་བས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས་ཞེས་བླང་བྱ་བཏོན་པ་རེད།
               བརྟག་ཞིབ་གནང་སྐབས། ཝུའུ་དབྱིང་ཅེས་རྨང་གཞིའི་སློབ་གསོར་བྱིས་པའི་ལུས་སེམས་བདེ་ཐང་དང་། གོམས་གཤིས་བཟང་པོ་འཇགས་པ། རིག་སྟོབས་འཕེལ་བ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཕྲུ་གུ་ཚོར་བདེ་ཐང་གི་གོམས་གཤིས་འཇགས་པ་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། ཁོང་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུར་ཁྲིད་སྟོན་བྱས་ཏེ། ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། རིན་ཐང་གི་ལྟ་བ། མི་ཚེའི་ལྟ་བ་བཅས་འཛུགས་ཆེད་རྨང་གཞི་བརྟན་པོ་འདིང་དགོས། སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་ཚོ་མཉམ་དུ་རྩེད་འཇོར་རོལ་བ་དང་། མཉམ་དུ་ཟ་མ་ཟ་བ། མཉམ་དུ་འཚར་ལོངས་ཡོང་བ་བཅས་བྱས་ཏེ། “མི་རིགས་ཁག་ཁ་འབྲལ་ཐབས་མེད་པ་དང་རོགས་རེས་དགའ་གཅེས”དང“ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ”བཅས་ཀྱི་བསམ་བློ་ཆུང་དུས་ནས་ཕྲུ་གུ་ཚོའི་སེམས་སུ་ཟུག་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།