ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་གཟིགས་སྐོར་ལ་ཕེབས་པ།

སྤེལ་དུས 2019-08-20 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
      ཚེས་14ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་བ་རེད།
      རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ས་ལུང་ཕུན་ལགས་དང་བསོད་ནམས་རིག་འཛིན་གཟིགས་སྐོར་ལ་ལྷན་དུ་ཕེབས་ཡོད་པ་རེད།
      འགྲེམས་ཁང་དུ་ཕེབས་སྐབས་ལོ་རྒྱུས་ལ་དཔང་པོ་བྱེད་པའི་དངོས་པོ་རེ་རེ་དང་། གསོན་ཉམས་དོད་པའི་པར་རིས་རེ་རེ། མངོན་སུམ་གསལ་རྗེན་གྱི་འཇིམ་བརྐོས་རེ་རེ་བཅས་ལས་བོད་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བདེན་དཔང་བྱས་པ་དང་། བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་བསྡུར་བ་མངོན་གསལ་དོད་པོ་བྱས་པ། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་བོད་ལ་བྱུང་བའི་འཕོ་འགྱུར་ཆེན་པོ་གསལ་བཤད་བཅས་བྱས་ཡོད།
      པཎ་ཆེན་རིན་པོ་ཆེས་འགྲེམས་སྟོན་དངོས་པོ་རེ་རེ་བཞིན་ལ་ཞིབ་ཚགས་ངང་གཟིགས་པ་དང་འབྲེལ་འགྲེལ་བཤད་ནན་ཏན་ངང་གསན་ནས། ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དང་། དམངས་གཙོའི་བཅོས་སྒྱུར་ལེགས་གྲུབ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་ཆེན་པོ་ཉམས་སུ་མྱངས་གནང་བ་རེད།
      འདི་ལོ་པཎ་ཆེན་རིན་པོ་ཆེ་བོད་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བར་ཕེབས་པ་ནི། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་དང་ཏག་ཏག་འཁེལ་ཡོད། པཎ་ཆེན་རིན་པོ་ཆེས་བོད་དུ་ཕེབས་མ་ཐག དམིགས་བསལ་གྱི་ལོ་འདིར་ཕ་ཡུལ་དུ་ཕྱིར་ལོག་པ་ནི་ཏང་གི་སྲིད་ཇུས་བོད་དུ་རྩ་བ་ཚུགས་པ་དང་། མེ་ཏོག་བཞད་པ། འབྲས་བུ་འདོགས་པ་བཅས་ཉམས་སུ་མྱོང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བ་སྐྱེལ་བའི་གོ་སྐབས་ཉམས་མྱོང་ཐུབ་བྱུང་། རང་ཉིད་ཀྱིས་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་གཏིང་ཟབ་བསྐྱོད་པ་དང་སྤེལ་རེས་རྒྱ་ཁྱབ་བྱས་ནས་རང་ངོས་ཀྱི་ཕྲག་པའི་ལོ་རྒྱུས་འགན་འཁྲི་སྔར་བས་ལེགས་པའི་སྒོ་ནས་ལེགས་གྲུབ་བྱ་ཕྱིར་རྨང་གཞི་བརྟན་པོ་འདིང་གི་ཡིན་ཞེས་གསུངས།
      པཎ་ཆེན་རིན་པོ་ཆེས་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་སྤེལ་ཡུལ་མང་པོ་ཞིག་ཏུ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། ལོ་60ཡི་གོང་གི་དམངས་གཙོའི་བཅོས་སྒྱུར་མེད་ན་ད་ཆའི་བོད་ཀྱི་ཡར་རྒྱས་གོང་འཕེལ་མེད་པ། བོད་བརྒྱུད་ནང་བསྟན་ལའང་ད་ཆའི་རྣམ་དག་སྒོམ་སྒྲུབ་དང་། ལྷད་མེད་ཁུངས་དག བསྟན་དོན་ལམ་ལྷོངས་བཅས་ཀྱི་རྣམ་པའང་ཡོང་མི་སྲིད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱ་ཆེའི་ཞིང་བྲན་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཐག་རང་གཅོད་དང་མཐར་མི་ལུས་ལ་རང་དབང་ཐོབ་སྟེ་རང་ཉིད་ཀྱི་ལས་དབང་ལ་རང་ཉིད་ཀྱིས་སྟངས་འཛིན་བྱེད་དབང་བྱུང་ཡོད། བོད་བརྒྱུད་ནང་བསྟན་ད་ནས་ཆབ་སྲིད་ཀྱི་ལག་ཆ་ཞིག་མིན་པར། མི་དམངས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཚོགས་སྤྱི་ཞིག་རེད། བོད་བརྒྱུད་ནང་བསྟན་གྱི་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཀྱི་རྒྱུན་འཛིན་ནས་བལྟས་ན་ལོ་60ཡི་རིང་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་གིས་བོད་བརྒྱུད་ནང་བསྟན་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཚོས་ངེས་པར་དུ་བོད་ཀྱི་འཕེལ་རྒྱས་འདི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པར་ངོས་འཛིན་གཏིང་ཟབ་བྱས་ནས། སྔར་བས་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན་ཆེད། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུས་ནས་མཉམ་དུ་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་དགོས་པའི་ནན་བཤད་ཐེངས་མང་གནང་མྱོང་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།