ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གླུ(བོད་སྐད་སྲོལ་རྒྱུན་ལེན་སྟངས)འཁྲབ་སྟོན་མཛད་སྒོ་སྤེལ་བ།

སྤེལ་དུས 2019-08-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཀླུ་འབུམ་ཚེ་རིང་།
             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན་གྱི་སྔ་དྲོར། ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས། གུང་ཧོ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བའི“མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས། རླབས་ཆེན་མེས་རྒྱལ་གྱི་དྲིན་ལན་ཡིད་ལ་བཅངས་པ”ཞེས་པའི2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གཞས(བོད་སྐད་སྲོལ་རྒྱུན་ལེན་སྟངས)འཁྲབ་སྟོན་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བདེ་སྐྱིད་ཐང་ལུས་རྩལ་ར་བ་རུ་དངོས་སུ་སྤེལ།
             ཐེངས་འདིར་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་རིན་ཆེན་རྒྱལ་དང་།  ཞིང་ཆེན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་མཁས་པ། ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀོང་པའོ། སྔོན་གྱི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་སྟག་འབུམ་ཐར། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་གཙོ་བསོད་ནམས་དོན་གྲུབ་སོགས་ཞིང་ཆེན་དང་ཁུལ་རྫོང་རིམ་པའི་འགོ་ཁྲིད་མཛད་སྒོའི་སྟེང་ཞུགས་ཡོད། མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་རྫོང་དཔོན་དཔལ་ལྡན་གྱིས་མཛད་སྒོར་འགོ་འཛིན་བྱས་ཤིང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ། གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཁྲུན་ཧོང་ལིན་གྱིས་གཏམ་བཤད་གནང་།
             ཁྲུན་ཧོང་ལིན་གྱིས་བཤད་རྒྱུར།  གུང་ཧོ་ནི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་གི་དཔལ་ཡོན་རྣམ་པར་བཞད་ཅིང་། མི་རིགས་རིག་གནས་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་མངོན་པར་གསལ་ལ། རིགས་སོ་སོའི་མི་དམངས་ཁག་འཆམ་མཐུན་མཉམ་གནས་དང་། དར་རྒྱས་གོང་འཕེལ་གྱི་ལམ་དུ་སྐྱོད་བཞིན་པའི་བདེ་སྐྱིད་ཁྱིམ་གཞིས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་གུང་ཧོ་རྫོང་གིས་ཧུར་ཐག་གིས་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་དང་། ཤུགས་ཆེན་པོས་མཛའ་གླུའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་ཆེད། མཛའ་གླུ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ནས་བོད་རིགས་མཛའ་གླུའི་རྒྱུན་འཛིན་པ་རྣམས་ལ་གཞི་རྒྱ་ཆེ་བའི་གར་སྟེགས་བསྐྲུན་ཏེ། དགའ་འཛོམས་དང་། ལས་འབྲེལ། རིག་གནས་དར་སྤེལ་བཅས་ཀྱི་ཐད་མཛའ་གཅུགས་ཀྱི་འབྲེལ་ཟམ་བཙུགས་པར་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་ཐོབ་ཡོད། དེ་རིང་དངོས་སུ “ཀྲུང་གོའི་བོད་ཀྱི་མཛའ་གླུའི་ཕ་ས”ཞེས་པའི་མཚན་སྙན་ཐོབ་པས། མཛའ་གླུའི་འཁྲབ་སྟོན་མཛད་སྒོ་འདི་ནི“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རླབས་ཆེ་བའི་མེས་རྒྱལ་གྱི་ལོ་ངོ་བདུན་ཅུའི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུ”ཞེས་པ་བརྗོད་དོན་དུ་བྱས་ཤིང་། “མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས། རླབས་ཆེན་མེས་རྒྱལ་གྱི་དྲིན་ལན་ཡིད་ལ་བཅངས”ཞེས་པ་གཙོ་རྐང་དུ་བྱས་ཡོད།  རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཁྲབ་སྟོན་སྤུས་ལེགས་དང་། ནུས་ལྡན། འཐུས་ཚང་། སྤྲོ་སེམས་འཁོལ་བ་བཅས་ཀྱི་ཞབས་འདེགས་གང་ལེགས་བསྒྲུབ་སྟེ། ད་ཐེངས་ཀྱི་མཛའ་གླུའི་འཁྲབ་སྟོན་མཛད་སྒོ་སྤེལ་བ་བརྒྱུད་ནས་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་དང་། མེས་རྒྱལ་ལ་བསྟོད་གླུ། སྲོལ་རྒྱུན་དར་སྤེལ། རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཁོང་གིས་ཐེངས་འདིའི་མཛད་སྒོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་མཉམ་དུ། སྙན་ཞིང་འཇེབས་པའི་རོལ་མོ་དང་ལྡེམ་ལྡེམ་གར་གྱི་སྟངས་སྟབས་དང་འགྲོགས་ནས2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས(བོད་ཀྱི་སྲོལ་རྒྱུན་མཛའ་གླུ་ལེན་སྟངས)འཁྲབ་སྟོན་གྱི་འགོ་རྩོམ་མཛད་སྒོའི་རིག་རྩལ་སྤྲོ་ཚོགས་ཆེན་མོ《ཁྲི་ཤོར་རྒྱལ་མོའི་དགྱེས་འཛོམས》ཞེས་པའི་འཁྲབ་ཡོལ་དལ་གྱིས་ཕྱེས།
             རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཀྲུང་གོའི་གྲངས་ཉུང་མི་རིགས་མཛའ་གླུ(བོད་སྐད་སྲོལ་རྒྱུན་ལེན་སྟངས)འཁྲབ་སྟོན་ལ། བོད་ལྗོངས་དང་། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་རྒྱལ་ཡོངས་ཀྱི་ཞིང་ལྗོངས་ལྔའི་བོད་རིགས་ས་ཁུལ་གྱི་འགྲན་ཞུགས་བདམས་ཐོན་གླུ་བ་གླུ་མ་80ཞུགས་ཡོད་ཅིང་། དེ་དག་གིས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མཛའ་གླུ་འཁྲབ་སྟོན་བྱས་པ་བརྒྱུད་ནས་ཞིང་ཆེན་ལྔའི་བོད་ཁུལ་གྱི་ས་གནས་སོ་སོ་དང་མི་རིགས་ཕན་ཚུན་བར་གྱི་དམངས་ཁྲོད་རོལ་དབྱངས་སྔོག་འདོན་དང་སློབ་སྦྱོང་། བརྗེ་རེས་དང་གོང་སྤེལ་གཏོང་བར་ནུས་བ་གང་ལེགས་འདོན་པ་དང་། མི་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན། དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་རྒྱས་སུ་གཏོང་བར་བྱས་རྗེས་བླ་ལྷག་འདོན་པ།  “ཀྲུང་གོའི་བོད་རིགས་ཀྱི་མཛའ་གླུའི་ཕ་ས”དང་ས་མཐོའི་མི་རིགས་རིག་གནས་སྤུས་རྟགས་ཀྱི་མཚན་སྙན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཞིང་ཆེན་ཕྱི་ནང་དུ་བོད་རིགས་ཀྱི་མཛའ་གཞས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཕན་ནུས་འདོན་པར་དོན་སྙིང་གལ་ཆེན་ལྡན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།